SD001_0017.གང་བློ་མ།g2.0f
================== 第 1 段 ================== 【原始藏文】 གང་བློ་མ། གང་བློ་མ། ༄༅། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་བཞུགས་སོ། །བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། ཨོཾ་ཨ་ར་པ་ཙ་ན་དྷིཿ ཅི་མང་བཟླས་མཐར། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་རྨོངས་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པའོ། རྔོག་ལོས་བསྒྱུར།། གང་བློ་མ།
【漢語翻譯】 གང་བློ་མ། གང་བློ་མ། ༄༅། །吉祥智慧功德贊。 頂禮薄伽梵怙主妙音。 凡彼智慧,如離二障云,如日清凈極明耀, 如實照見一切諸義故,持彼經函于自心間。 凡諸有情,于有牢獄中,為無明暗所覆,為痛苦所逼惱, 于諸眾生,如獨子般慈愛,具足六十支分妙音語。 如龍猛吼,覺醒煩惱眠,解脫業之鐵鎖, 除無明暗,斷盡痛苦芽,手持寶劍。 本初即凈,達十地之邊際,功德身圓滿,勝者之長子身, 以十、十及十二種嚴飾,我除心暗妙音前敬禮。(ཨོཾ་ཨ་ར་པ་ཙ་ན་དྷིཿ ,嗡 阿Ra 巴 匝 納 德,oṃ a ra pa ca na dhīḥ,嗡 阿惹巴匝納 德)。多多唸誦后。 慈愛者,以您之智慧光芒, 極除我心愚癡之矇昧后, 愿生起通達佛語及論典之, 智慧勇氣之光明。 吉祥智慧功德贊,導師金剛武器造,俄譯。
【英語翻譯】 Gang lo ma. Gang lo ma. Homage to the glorious praise of wisdom and virtue. I prostrate to the Bhagavan, the protector Manjushri. Whose intelligence, like the sun, is perfectly clear and radiant, free from the clouds of the two obscurations, Because he sees all things as they are, he holds a book at his heart. Those who are tormented by suffering, shrouded in the darkness of ignorance in the prison of existence, To all beings, he cherishes them like an only child, and his speech is endowed with sixty qualities. Like a dragon roaring loudly, awakening the sleep of afflictions, releasing the iron shackles of karma, Dispelling the darkness of ignorance, cutting off all sprouts of suffering, he holds a sword. Primordially pure, having reached the limit of the ten grounds, the body of qualities is complete, the eldest son of the Victorious Ones, Adorned with ten, ten, and twelve ornaments, I bow to Manjushri, who dispels the darkness of my mind. Oṃ Ara Pa Ca Na Dhīḥ. After reciting as much as possible. Loving one, with the rays of your wisdom, Completely dispel the darkness of my mind’s ignorance, May the light of wisdom and courage arise, To understand the scriptures and treatises. The Praise of Glorious Wisdom and Virtue was composed by the teacher Vajra Weapon and translated by Ngok Lo. Gang lo ma.
============================================================
同部經論
與本文同名或相近的其他版本、科判、譯文與註疏。