MLP003_0041.如何以增上意樂祈願成就二利g2.0f
================== 第 1 段 ================== 【原始藏文】 ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ། ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ། དྲུག་པ་ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ་ནི། དེ་ལྟར་རང་ནུས་དང་སྦྱར་བའི་འཆད་བརྩམས་ཀྱིས་གཞན་ཕན་རྣམས་དཀར་གྱི་བྱ་བ་ཆ་ཙམ་འགྲུབ་པ་ལྟར། སླད་མའི་ཆར་ཡང་ཚེ་མཇུག་འདི་དང་ཕྱི་མའི་སྐྱེས་རབས་ཀྱི་ཕྲེང་བར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་བདག་ཏུ་མི་འབྲལ་ཞིང་ཟབ་དོན་མན་ངག་གི་བདུད་རྩི་ངོམས་པ་མེད་པར་འཐུངས་པས་རང་རྒྱུད་གྲོལ་ཏེ། གཞན་ཕན་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་ཆད་པར་དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པས། ཐུབ་བསྟན་སྤྱི་དང་། བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འགྲོ་བའི་མཆོད་སྡོང་དུ་མི་ནུབ་པའི་ཉི་མ་དང་མི་འགྲིབ་པའི་ཟླ་བ་ལྟར་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་པོ་ཆེས་སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་བྱེད་ནུས་པའི་སྐྱེས་བུ་མཐུ་ལྡན་དུ་སྨོན་པ། དེ་ཁོ་ན་ཉིད་དུ་འགྲུབ་པར་བྱིན་གྱི་རློབ་ཏུ་གསོལ་ལོ། །ཞེས་སྨོན་ལམ་བཏབ་པ་ལྟར་ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་བསྒྱུར་བའི་ཕྱིར་གདོན་མི་ཟ་བར་འགྲུབ་སྟེ། འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་གསུངས་ཤིང་། པུཎྜ་རི་ཀའི་རྒྱུད་ལས། གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་པ་ལྟ་བུའི་སྙིང་སྟོབས་ཀྱིས་དམ་ཆོས་མ་ལུས་པ་ཡོངས་སུ་འཛིན་པར་བསྔོས་པར་གྱུར་ན་ནི། སྨོན་ལམ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཇི་སྙེད་འཇུག་པ་ལྟར་འདུ་བར་བཞེད་དེ། བཟང་པོ་སྤྱོད་པའི་མདོ་ལས། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་ཤོག །ཅེས་གསུངས་པ་བཞིན་ནོ། ། ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ།
【漢語翻譯】 如何以增上意樂祈願成就二利。 如何以增上意樂祈願成就二利。 第六,如何以增上意樂祈願成就二利:如是,以結合自身能力的講說著作等利他之事,如同成就少許白業一般。未來亦復如是,在此生臨終和來世的生生世世中,與三世諸佛的總集體、大寶法王種姓之主不分離,並不厭足地享用甚深意義訣竅的甘露,從而使自相續解脫。利他事業廣大且連綿不斷,如意樹、賢瓶、如意寶般不費吹灰之力自然成就。從而,使總的釋迦教法和,特別是古老的寧瑪金剛乘教法,如不落的太陽和不減的月亮般,作為眾生的供養處,以護持、弘揚、發展這三方面偉大的事業,能夠直至有邊際存在期間興盛廣大,祈願成為有能力做到的具力者。懇請加持成就此事!如是,如同所發願一般,一切法皆因願力而轉變,必定能成就。如《文殊剎土功德莊嚴經》云:「一切諸法皆是緣,安住于意願之頂,無論發何等願望,皆能如是而成就。」又如《白蓮經》云:「無論何處正法衰敗,縱然要跨越火坑和利刃,直至生命盡頭也要護持正法。」如果發願以這般的勇氣完全護持所有正法,那麼一切祈願都將彙集,猶如眾河入海。如《普賢行愿品》云:「持有諸佛之聖法,普現菩提之行境,又于賢善之行境,未來一切劫中行。」如是宣說。
【英語翻譯】 How to pray for the accomplishment of the two benefits with the intention of enhancement. How to pray for the accomplishment of the two benefits with the intention of enhancement. Sixth, how to pray for the accomplishment of the two benefits with the intention of enhancement: In this way, with the explanation and writing combined with one’s own ability, the benefit of others is like accomplishing a small part of the white deeds. In the future, may I not be separated from the general embodiment of all the Buddhas of the three times, the great treasure Dharma King, the lord of the lineage, in this life and in the future lives, and may I drink the nectar of the profound meaning without being satisfied, so that my own mind stream will be liberated. May the activities of benefiting others be vast and continuous, like a wish-fulfilling tree, a good vase, and a wish-fulfilling jewel, and may they be accomplished effortlessly. Thus, may the general teachings of the Buddha and, in particular, the precious teachings of the ancient Nyingma Vajrayana, like the sun that does not set and the moon that does not wane, be the offering place for beings, and may the great deeds of upholding, propagating, and developing flourish and expand to the end of existence, and may I be able to become a powerful person who can do this. Please bless me to accomplish this! As it is prayed, all dharmas are transformed by the power of prayer, and it will surely be accomplished. As it is said in the “Manjushri Pure Land Merit Decoration Sutra”: “All dharmas are causes, and they abide at the peak of intention. Whatever prayers are made, they will be accomplished as they are.” And as it is said in the “Pundarika Sutra”: “Wherever the sacred Dharma declines, even if one has to cross a pit of fire and the edge of a razor, one must uphold the sacred Dharma until the end of one’s life.” If one vows to completely uphold all the sacred Dharma with such courage, then all prayers will gather like all rivers flowing into the great ocean. As it is said in the “Samantabhadra’s Conduct and Vows Sutra”: “Holding the sacred Dharma of all the Buddhas, manifesting the realm of Bodhi everywhere, and also in the realm of virtuous conduct, may I practice in all future kalpas.” Thus it is said. How to pray for the accomplishment of the two benefits with the intention of enhancement.
============================================================
同部經論
與本文同名或相近的其他版本、科判、譯文與註疏。