MLP0210010.大悲觀世音菩薩修法簡明文.持明者不變金剛著g2.0f
================== 第 1 段 ================== 【原始藏文】
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ།
ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བསྙེན་ཡིག་ཉུང་གསལ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ན་མོ་ལོ་ཀེ་ཤྭ་ར་ཡ། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །སྤྱན་རས་གཟིགས་སུ་རྣམ་རོལ་བ༑ ༑བླ་མ་མཆོག་དང་དབྱེར་མེད་དེར། །བཏུད་ནས་བསྙེན་ཡིག་འཇུག་བདེར་སྤེལ། །འདིར་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་ཉམས་སུ་ལེན་པ་ལ། བསྙེན་པ། སྒྲུབ་པ། སྒྲུབ་ཆེན་དངོས་གྲུབ་ལེན་པའི་ཚུལ་དང་གསུམ་ཡིན་ཏེ། བསྙེན་པའི་དོན་ནི། གང་གི་དྲུང་དུ་དོན་སྤྱོད་དགོས་པའི་སྐྱེས་བུ་དེ་བསྙེན་ཅིང་འབྲེལ་འདོགས་པ་དང་འདྲའོ། །དེ་ལ་དང་པོར་བསྙེན་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་རང་དབང་དུ་གྱུར་པའི་སར་ཕྱགས་བདར་བྱས། སྟན་ནང་ཚངས་ཅན་གྱི་འོག་ཏུ་ནས་སམ་འབྲས་དཀར་མོས་གཡུང་དྲུང་གཡས་སྐོར་བྲི། རང་དང་ཞལ་སྤྲོད་འོང་བའི་ཕྱོགས་སུ་ཐང་སྐུ་ལྟ་བུའི་སྐུའི་རྟེན་རབ་གནས་ཅན་བཀྲམ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་ཐུགས་རྗེ་ཆེན་པོའི་གཏོར་ཟླུམ་དར་གྱི་ཅོད་པན་ཅན་བཞག གཡས་གཡོན་དམའ་བའི་སར་ཆོས་སྐྱོང་སྤྱི་སྒོས་སོགས་ཀྱི་གཏོར་མ་སྨན་རཀ མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་རྣམས་ཅི་འབྱོར་བ་ཕྱག་ལེན་བཞིན་བཤམ། མཚམས་གཡོག་སྨན་པ་འཚོ་བའི་ཡོ་བྱད་སོགས་མཚམས་འོག་ཏུ་ཆུག་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱས་ལ། བརྒྱད་དང་བཅོ་ལྔ་སོགས་དུས་བཟང་གང་རུང་དང་འགྲིགས་པའམ། མིན་ནའང་གཟའ་སྐར་ཚེས་གྲངས་བཟང་པོ་ནས་མཚམས་བཅད་ལ་བསག་སྦྱོང་ཅི་རིགས་པས་དགེ་བའི་དཔུང་བསྐྱེད་པ་སྔོན་དུ་འགྲོ་བས། བསྙེན་པ་དངོས་གཞི་ཚུགས་པའི་ཉིན་དང་པོའི་དགོང་ཐུན་ལ་བབས་
པ་ན། རང་ཉིད་དཔའ་བོ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་བེ་ཅོན་དང་སྡིག་མཛུབ་མཛད་པའི་སྐུར་སྐད་ཅིག་གིས་གསལ་བཏབ་ལ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་པའི་བཟླས་པ་བརྒྱ་རྩ་ཙམ་བྱས་རྗེས་གཞི་བདག་དཀར་ཕྱོགས་པ་རྣམས་ལ་གཙང་གཏོར་བསྔོས་ནས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ། བགེགས་ལ་དམར་གཏོར་བྱིན་ནས། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །སོགས་ཀྱིས་དྲག་སྔགས་ཐུན་བྲབ་སྤོས་རོལ་སོགས་ཚམ་རྔམ་གྱིས་བསྐྲད། རྒྱལ་ཆེན་གྱི་ཐོ་ཕྱོགས་བཞིར་མི་བདེ་བས་སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་
【漢語翻譯】 大悲觀世音菩薩修法簡明文。持明者不變金剛著。
【英語翻譯】 A Concise Manual of Practice for Great Compassionate Avalokiteśvara. Written by Vidyadhara Gyurme Dorje.
============================================================
================== 第 2 段 ================== 【原始藏文】 བཞིར་བསྐྱེད། ཡེ་ཤེས་པ་བཅུག མཆོད་གཏོར་ཕུལ། བར་ཆད་བསྲུང་བའི་ཕྲིན་ལས་གསོལ་བས་རང་རང་གི་དཔུང་དང་བཅས་པས་སྲུང་བའི་ལས་མཛད་པར་མོས་ལ་བརྟན་བཞུགས་ཀྱི་མེ་ཏོག་དོར། དེ་ནས་ནང་དུ་ཞུགས་ཏེ་སྟན་ལ་འདུག་ནས། ཧྲཱིཿ དབང་གི་རྟ་སྐད་རབ་འཚེར་ཞིང་། །སོགས་ལས་བྱང་ལྟར་གྱེར་བའི་དམིགས་པའི་འཁོར་ལོ་རྡོ་རྗེ་མེ་དཔུང་གི་རྭ་བས་ཕྱོགས་ཐམས་ཅད་དུ་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་བསམ་པས་ནང་མཚམས་བཅད། མཐར་བར་དུ་གཅད་བྱ་གཅོད་བྱེད་གཅོད་པ་པོའི་མཚན་རྟོག་མི་དམིགས་པས་འཁོར་གསུམ་རྟོག་མེད་ཀྱི་ངང་ལ་མཉམ་པར་འཇོག་པས་མཐའ་བསྐྱང་བས་གསང་བའི་མཚམས་བཅད། དེ་ནས་ལས་བྱང་གི་སྐྱབས་འགྲོ་ནས་བཟུང་སྔོན་འགྲོ་རྣམས་ཚིག་ཤར་ཙམ་མ་ཡིན་པའི་སེམས་རྒྱུད་དང་ཅི་འདྲེས་སུ་བསྒོམས་ནས། དངོས་གཞི། ༀ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ ཞེས་པ་ནས། གཡོན་པ་སྡིག་མཛུབ་ཞབས་གཉིས་དོར་སྟབས་བཞུགས༔ ཞེས་པའི་བར་གྱིས་དམ་ཚིག་གི་འཁོར་ལོ་གསལ་བཏབ་ལ། སྤྱན་འདྲེན་གྱི་ཚིག་བརྗོད་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཡེ་ཤེས་འཁོར་ལོའི་རྣམ་པར་སྤྱན་དྲངས་པ་དམ་ཚིག་པ་ལ་བསྟིམས་ནས་བཞུགས་སུ་གསོལ། ཕྱག་མཆོད་བསྟོད་པའི་བར་ལས་བྱང་གི་དཀྱུས་བཞིན་དུ་བྱས་ནས་རང་རིག་ཡེ་ནས་ཐུགས་རྗེ་ཆེན་པོར་ངེས་པས་སྲོག་ཏུ་བཟུང་སྟེ། དཀྱིལ་འཁོར་པའི་རྣམ་པ་སྤྱི་དང་བྱེ་བྲག་གི་སྣང་ཆ་རྟག་བརྟན་ཐེར་ཟུག་
མ་ཡིན་པ་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་གཟུགས་བཞིན་གསལ་སྟོང་དུ་མཉམ་པར་བཞག ལྷ་སྐུ་བསྒོམས་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་ནས། གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འབར་བ། དེའི་མཐར་བཟླ་བྱའི་སྔགས་ཕྲེང་དཀར་པོ་ཤིན་ཏུ་ཕྲ་བ་འོད་ཟེར་འཕྲོ་ཞིང་རང་སྒྲ་སྒྲོག་པས་བསྐོར་བར་བསམ་ལ། སྔགས་ཟློས་པའི་ཚེ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་དང་བཅས་པ་ལ་མཉེས་པའི་མཆོད་པ་ཕུལ། བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་ཚུལ་ལོ། །ཡང་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། འཕགས་པའི་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམ་པ་ནི་གཞན་དོན་ཕྲིན་ལས་སྒྲུབ་པའི་ཚུལ་ལོ། །དེ་ལྟར་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་
【漢語翻譯】 四次生起,迎請智慧尊,獻供食子,祈請息除障礙之事業,各自偕同眷屬,信受守護之事業,拋擲堅住之鮮花。之後進入室內,安坐于座墊之上。 ཧྲཱིཿ(藏文,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)。 權力的馬鳴聲極其熾盛。等等,如儀軌中所唱誦,觀想之輪,以金剛火堆之柵欄遍佈一切方向,思維無論如何也不可摧毀,以此封閉內界限。最終,于其間,能斷、所斷、斷者之名相分別皆不可得,於三輪無分別之狀態中平等安住,以此守護邊際,封閉秘密界限。之後,從儀軌之皈依開始,將所有前行修習融入心續,而非僅是口頭唸誦。正行,從「ༀ།(藏文,梵文天城體:ओ,梵文羅馬擬音:o,漢語字面意思:嗡)空性大悲無別自性 ཧྲཱིཿ(藏文,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)」開始,到「左手忿怒印,雙足拋擲式安坐」之間,明觀三昧耶之輪。唸誦迎請詞句,將遍佈虛空之所有勝者,以世間自在九尊之智慧輪之形象迎請,融入三昧耶尊,祈請安住。從頂禮供養讚頌之間,如儀軌之次第而行,以自明本初即是大悲為命脈,將壇城之形象,總相與別相之顯現,觀為非恒常、非堅固、非真實的,如鏡中之影像或水中之月影般,于明空之中平等安住。若因觀修本尊身像而感到疲倦,則進入唸誦。如通常一般加持念珠。觀想主尊心間,蓮花與月輪座墊之上,白色ཧཱུྃ་(藏文,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字明顯且燃燒。其周圍,觀想念誦之咒鬘白色且極其纖細,放射光芒併發出自聲。唸誦咒語之時,觀想ཧཱུྃ་(藏文,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字與咒鬘一同,放射光芒遍佈虛空。供養令諸佛菩薩歡喜之供品。思維加持、能力、光芒以光之形式融入自身,此乃為自利而攝集加持之方式。又,光芒放射,觸及一切有情,清凈罪障。思維證悟為聖者三金剛之自性,此乃為利他而成就事業之方式。如是,將顯現、聲音、覺知三者觀為本尊、咒語、法性。
【英語翻譯】 Generate the four. Invite the wisdom being. Offer the torma. Pray for the activity of protecting against obstacles, and with your respective retinues, believe in the activity of guarding, and cast the flowers of steadfastness. Then enter inside and sit on the seat. hrīḥ (藏文,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍). The horse-cry of power is extremely blazing. Etc., as chanted in the practice manual, the wheel of visualization, with the fence of vajra fire, pervades all directions, thinking that it cannot be destroyed in any way, thus closing the inner boundary. Finally, in between, the names and concepts of what is to be cut, what cuts, and who cuts are not perceived, and one rests equally in the state of non-conceptualization of the three spheres, thus protecting the boundary and closing the secret boundary. Then, starting from the refuge in the practice manual, meditate on all the preliminaries in such a way that they are integrated with the mind stream, not just recited verbally. Main practice: From “oṃ (藏文,梵文天城體:ओ,梵文羅馬擬音:o,漢語字面意思:嗡). Emptiness, compassion, inseparable, self-awareness, hrīḥ (藏文,梵文天城體:ह्रीः,梵文羅馬擬音:hrīḥ,漢語字面意思:舍)” to “left hand in wrathful mudra, both feet in throwing posture,” clarify the wheel of samaya. By reciting the words of invitation, invite all the victorious ones who pervade the sky in the form of the wisdom wheel of the nine deities of Lokeshvara, dissolve them into the samaya being, and request them to abide. From prostration, offering, and praise, do as in the usual practice manual, and take self-awareness as the life force, realizing that it is inherently great compassion. The appearance of the mandala, both general and specific, is not permanent, not stable, not real,
but like a reflection in a mirror or the moon in water, rest equally in clarity and emptiness. If you are tired of meditating on the deity’s form, then engage in recitation. Bless the mala as usual. Visualize a white hūṃ (藏文,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) syllable, clear and blazing, on a lotus and moon seat in the heart of the main deity. Around it, visualize the white mantra garland to be recited, very thin, radiating light and emitting its own sound. When reciting the mantra, visualize light radiating from the hūṃ (藏文,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) syllable and the mantra garland, pervading the sky. Offerings are made to please the victorious ones and their sons. Thinking that blessings, power, and light dissolve into oneself in the form of light is the way to gather blessings for one’s own benefit. Again, light radiates and touches all sentient beings, purifying sins and obscurations. Thinking of awakening as the essence of the three vajras of the noble ones is the way to accomplish activities for the benefit of others. Thus, view appearance, sound, and awareness as deity, mantra, and dharmata.
============================================================
================== 第 3 段 ================== 【原始藏文】 དུ་ཤེས་པས། རང་བྱུང་རྣམ་དག་གཞལ་ཡས་འདིར༔ སོགས་ཀྱིས་བསྐུལ་ནས་གཙོ་སྔགས་ཀྱི་བཟླས་པ་ཅི་ནུས་སུ་བྱས་པའི་ཐུན་མཇུག་ཏུ་གཙོ་བོའི་ཐུགས་ཀའི་འོད་ཀྱིས་འཁོར་རྣམས་ཀྱི་ཐུགས་ཀར་བསྐྱེད་པའི་ས་བོན་རང་སྔགས་ཀྱིས་བསྐོར་བ་བསྐུལ་བའི་འོད་ཟེར་སྤྲོ་བསྡུའི་གནད་ཀྱིས་འཁོར་བརྒྱད་པོའི་སྔགས་ཀྱང་བརྒྱའམ་ཉེར་གཅིག་སོགས་སྐབས་སུ་ཇི་ལྟར་བབས་པ་རེ་བཟླ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་སྔགས་ནི་ཡི་གེ་དྲུག་པ་ཉིད་ཀྱིས་བསྙེན་ནོ། །ཐུན་གྱི་མཐར་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅན་བདུན་རེ་བཟླས་རྗེས་མཆོད་བསྟོད་བསྡུས་ཙམ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུས་ལ་ཅུང་ཟད་མཉམ་པར་བཞག ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་ལྷར་ལངས་ལ་བསྔོ་སྨོན་བྱ། དེ་ནས་སྲོད་ཐུན་ལ་སྔོན་འགྲོ་སྐྱབས་སེམས་དང་སྲུང་འཁོར་གསལ་འདེབས་ཙམ་བྱས་ལ། ཏིང་འཛིན་གསུམ་བཟླས་པའི་བར་སྔར་བཞིན་ལས། ཐུན་མ་བསྡུས་པར་ཚོགས་གཏོར་བྱེད་ན། རང་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པའི་རྣམ་པར་འཐོན་ནས་དཀྱིལ་འཁོར་གྱི་མཐའི་དུར་ཁྲོད་དུ་འཁོད་ལ་དེར་ཚོགས་མཆོད་ཆོས་སྐྱོང་གི་གཏོར་
བསྔོ་སོགས་བྱེད། དཀྱིལ་འཁོར་བསྡུས་ནས་གཏོང་ན་ཐུན་མཚམས་ཀྱི་ལྷ་ཉིད་ཀྱིས་བཏང་བས་ཆོག གང་ལྟར་དེ་ནུབ་གཏོར་བསྔོ་དང་ཚོགས་མཆོད་རྒྱས་པར་བྱེད། སྔར་དཀྱིལ་འཁོར་མ་བསྡུས་ན་དེ་ཉིད་འོད་གསལ་དུ་བཅུག་ནས་ཉལ་བའི་རྣལ་འབྱོར་བྱ། བསྡུ་ན་ཐུན་མཚམས་ཀྱི་ལྷ་ཉིད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུས་ནས་ཉལ་བའི་རྣལ་འབྱོར་བྱ། སང་ཐོར་ཐུན་ལ་ལྡང་དུས་དཔའ་བོ་དང་རྣལ་འབྱོར་མའི་ཌཱ་དྲིལ་སྔགས་ཀྱི་སྒྲས་སད་པར་བྱས་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཐོར་ཐུན་ལ་འཇུག་གོ །ཉིན་གཉིས་པ་ནས་བཟུང་ཉིན་རེ་བཞིན་ཐོར་ཐུན་ལ་སྔོན་འགྲོ་རྣམས་རྒྱས་པར་བྱ། སྔ་ཐུན་དགོང་ཐུན་སྲོད་ཐུན་གསུམ་ལ་སྔོན་འགྲོ་སྐྱབས་སེམས་སྲུང་འཁོར་གསལ་འདེབས་ཙམ་བྱས་ལ། དངོས་གཞི་ལྷ་བསྐྱེད་ནས་བཟུང་བཟླས་པའི་མཐར་ཐུག་པའི་བར་སྔར་དང་འདྲ་ཞིང་། ཁྱད་པར་ཐོར་ཐུན་གྱི་རྗེས་སུ་དགེ་སྦྱོར་ཆག་མེད་གཞན་ཡོད་ན་བྱེད། སྔ་ཐུན་གྲོལ་རྗེས་ཀྱི་རྣལ་འབྱོར་དང་ལྡན་པས་གུང་ཚིགས་བྱ། སྲོད་ཐུན་གྱི་མཇུག་ཏུ་ཚོགས་མཆོད་གྲུབ་ན་དང་། མ་འབྱོར་ན་གཏོར་བསྔོ་སོགས་སྔར་ལྟར་བྱས་ལ་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །ཚུལ་དེ་ལྟ་བུས་ཐུན་བཞིའི་ཁྲིགས་སུ་བཅུག་སྟེ་གྲངས་བསྙེན་གྱི་དབང་དུ་བྱས་ན་གཙོ་སྔགས་འབྲུ་འབུམ།
【漢語翻譯】 因此,知曉之後,在此自生清凈的宮殿中,以(種子字和咒語)等策勵,盡力唸誦主尊咒語。在座末,從主尊心間的光明中,將生起于眷屬心間的種子字,以本咒圍繞,策勵,以光芒的放出和收攝之要訣,眷屬八尊的咒語也念誦一百或二十一遍等,隨順情況而定。主眷一切的共同咒語,則以六字真言修持。在座的最後,唸誦百字明和七遍具有元音輔音的交替詞,之後做簡略的供贊。將壇城的輪涅收攝於光明中,稍作安住。起立時,如魚出水般,起身為本尊,做迴向和發願。之後,在晚間座上,僅做前行皈依和發心,以及護輪的觀想。在念誦三三摩地之間,如前。若不收座而做會供朵瑪,則從自身主尊的心間,化現出第二主尊的形象,安住于壇城邊緣的尸林中,在那裡做會供、護法朵瑪。
【英語翻譯】 Therefore, knowing this, in this self-originated pure palace, urged by (seed syllables and mantras), recite the main mantra as much as possible. At the end of the session, from the light of the heart of the main deity, the seed syllables arising in the hearts of the retinue are surrounded by their own mantras, urged, and with the key point of emitting and gathering light, the mantras of the eight retinue deities are also recited a hundred or twenty-one times, etc., depending on the circumstances. The common mantra of all the main and retinue deities is practiced with the six-syllable mantra. At the end of the session, recite the Vajrasattva mantra and seven times the alternating words with vowels and consonants, and then make a brief offering and praise. Gather the wheel of the mandala into clear light and rest for a while. When rising, like a fish rising from the water, rise as the deity and make dedication and aspiration. Then, in the evening session, only do the preliminary refuge and bodhicitta, and the visualization of the protective circle. Between the recitation of the three samadhis, it is as before. If you do the Ganachakra Torma without dissolving the session, then from the heart of your own main deity, emanate the form of the second main deity, abide in the charnel ground at the edge of the mandala, and there do the Ganachakra offering and the Dharma protector Torma.
============================================================
================== 第 4 段 ================== 【原始藏文】 འཁོར་རྣམས་ལ་ཁྲི་གསུམ་སྟོང་གིས་ཁ་སྐོང་བ་དང་། སྤྱི་སྔགས་ཡི་གེ་དྲུག་པ་འབུམ་ཕྲག་དྲུག་དང་ཁྲི་དྲུག་གིས་ཁ་སྐོང་བ་རྣམས་སོ། །དུས་བསྙེན་ནི་ཟླ་བ་དྲུག མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་ཡི་དམ་ལྷའི་ཞལ་མཐོང་བ་མ་བྱུང་བར་དེ་སྲིད་དུ་བཟླས་པ་ཡིན་ལ། བསྙེན་སྒྲུབ་ཆིག་ཆོད་ཀྱི་དབང་དུ་བྱེད་ན་དེ་ཙམ་གྲུབ་ནས་སྐབས་འདིར་འོག་ཏུ་བཤད་པའི་དངོས་གྲུབ་ལེན་པ་ཉིད་ལ་མཚམས་སྦྱར་བས་ཀྱང་དགོས་པ་འགྲུབ་བོ། །གཉིས་པ་སྒྲུབ་པ་ནི། སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་སྟེང་དུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་སོགས་ཆས་སུ་བཅུག་པ་བཀོད། མཆོད་གཏོར་སོགས་སྔར་ལྟར་བཤམ་པའམ་མཐར་བདག་འཇུག་ལེན་ན་འོག་ཏུ་དགོས་པའི་དབང་ཆས་རྣམས་ཀྱང་གཞུང་བཞིན་བཀོད། སྔར་གྱི་བསྙེན་པ་ཐོར་ཐུན་ལ་བསྡུས་ན་འདི་ཉིད་དགོང་
ཐུན་དང་། བསྙེན་པ་སྔ་ཐུན་ལ་བསྡུས་ན་འདི་ཉིད་སྲོད་ཐུན་ལ་འགོ་འཛིན་པ་སྟེ། ཆོ་གའི་ཁྲིགས་སྔར་དང་འདྲ་བ་ལ། དངོས་གཞིའི་སྐབས་སྒྲུབ་གཞི་བདག་དང་རས་བྲིས་ཀྱི་དཀྱིལ་འཁོར་གཉིས་ཀས་བསྒྲུབ་ཆོག ༀ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ ཞེས་པ་ནས། གཡོན་པ་སྡིགས་མཛུབ་ཞབས་གཉིས་དོར་སྟབས་བཞུགས༔ ཞེས་པའི་བར་གྱིས་དམ་ཚིག་གི་འཁོར་ལོ་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། སྤྱན་འདྲེན་ནས་བཟུང་བསྟོད་པའི་བར་སྔར་ལྟར་བསྙེན་པའི་སྐབས་བཞིན་བྱས་ནས། བཟླས་པའི་ཚེ་དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་ནས། བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ་ཧཱུྃ་བྷྲུཾ་ༀ་ཛིཾ་ཁཾ་ཛཿ ཛཿཧཱུྃ་བྃ་ཧོཿ ཕཊ་ཛཿ ཞེས་བརྗོད་པས་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་མདུན་དུ་ལོགས་སུ་ཕྱེ་ནས་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་བསམ་ལ། བདག་མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་སོགས་སོ་སོའི་ས་བོན་རང་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་ལ། སྔགས་ཟློས་པའི་ཚེ་བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཅིང་ཐིམ་པར་དམིགས་པ་སྟེ། དམ་ཡེ་འཕྲོ་འདུའི་གསལ་བ་གསུམ་དང་ལྡན་པའི་ངང་ནས་སྔར་གྱི་སྔགས་ཚིག་རྣམས་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་བཟླ་ཞིང་། ཐུན་བསྡུ་བ་ན་མཆོད་
【漢語翻譯】 以三千俱胝來補足眷屬,以六百六十萬遍六字真言來補足。時修是六個月。有相的修持,若未在實際體驗、覺受或夢中見到本尊,就一直唸誦。若作決定性的修持,一旦完成,就與此處下面所說的取悉地結合,也能成辦所需。第二是修持:在法座上鋪設綢布彩繪壇城,其上安放裝有精華、具有裝飾和頸飾等的寶瓶。供品和朵瑪等如前陳設,或者最後若要取自入,則也如儀軌安放下面所需的灌頂物。若將之前的唸誦歸納為傍晚座,則此次就作為傍晚座的開始;若將唸誦歸納為上午座,則此次就作為黃昏座的開始。儀軌的次第與之前相同。正行時,能以修持所依的自身和綢布彩繪壇城兩者來修持。從「嗡。空性大悲無別自明啥 (藏文:ༀ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ)」開始,到「左手期克印,雙足跏趺坐」之間,觀想誓言輪自身與本尊無別。從迎請到讚頌之間,如前唸誦時一樣進行。唸誦時,觀想所分之壇城,唸誦「布隆 毗濕瓦 毗殊提 帕 扎 吽 布隆 嗡 增 康 扎 扎 吽 棒 霍 帕 扎 (藏文:བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ་ཧཱུྃ་བྷྲུྃ་ༀ་ཛིཾ་ཁཾ་ཛཿ ཛཿཧཱུྃ་བྃ་ཧོཿ ཕཊ་ཛཿ)」,觀想從誓言輪中,將智慧輪及其所依與能依,分開到前方,如火焰交織般安住。觀想自身與前方的主尊眷屬一切心間,蓮花和月輪座上,有吽字等各自的種子字,被各自的咒鬘圍繞。唸誦咒語時,觀想從自身心間,咒語的光芒如供養般散發,令智慧本尊們歡喜,激勵本誓,身語意之加持和一切悉地,都以光和光芒的形式賜予我並融入。在具有誓言與智慧輪交融的三種明觀之狀態中,將之前的咒語與主尊眷屬的次第結合而唸誦。收座時,供
【英語翻譯】 The retinue is completed with three thousand kotis, and the general mantra is completed with six million six hundred thousand six-syllable mantras. The time for recitation is six months. The sign recitation is that as long as the deity is not seen in actual experience, perception, or dreams, it is recited until then. If one practices the single-minded recitation and accomplishment, once that is accomplished, one can combine it with taking the siddhi mentioned below, and the need will be accomplished. The second is accomplishment: On the seat, place a mandala painted on cloth, and on top of it, place a vase filled with essence, adorned with ornaments and necklaces. Arrange the offerings and tormas as before, or if taking self-entry at the end, also arrange the empowerment items needed below according to the text. If the previous recitation is condensed into an evening session, then this will be the beginning of the evening session; if the recitation is condensed into a morning session, then this will be the beginning of the twilight session. The order of the ritual is the same as before. During the main part, one can accomplish with both the basis of accomplishment, oneself, and the mandala painted on cloth. From “Om. Emptiness, compassion, inseparable, self-awareness, Hrih (藏文:ༀ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ)” to “Left hand in threatening mudra, both feet in vajra posture,” visualize the wheel of commitment as inseparable from oneself and the deity in front. From invitation to praise, do as in the previous recitation. During the recitation, visualize the mandala to be separated, and recite “Bhrum vishva vishuddhe phat dza hum bhrum om dzim kham dzah dzah hum bam hoh phat dzah (藏文:བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ་ཧཱུྃ་བྷྲུྃ་ༀ་ཛིཾ་ཁཾ་ཛཿ ཛཿཧཱུྃ་བྃ་ཧོཿ ཕཊ་ཛཿ),” visualizing that from the wheel of commitment, the wheel of wisdom, together with its support and supported, is separated in front and abides like intertwined flames. Visualize that in the hearts of all the main deities and retinue in front of oneself, on lotus and moon seats, there are Hum syllables and other respective seed syllables, surrounded by garlands of their own mantras. When reciting the mantra, visualize that from one’s own heart, the light of the mantra radiates as an offering, pleasing the wisdom deities, stimulating the heart commitment, and that the blessings of body, speech, and mind, and all siddhis, are bestowed upon me and dissolve in the form of light and rays. In the state of having the three clarities of the union of commitment and wisdom, recite the previous mantra words in conjunction with the order of the main deity and retinue. When concluding the session, offer
============================================================
================== 第 5 段 ================== 【原始藏文】 བསྟོད་སྔར་བཞིན་བྱས་ལ། ཡིག་བརྒྱས་བཤགས། དམ་ཡེ་དབྱེར་མེད་དུ་རྟོགས་པའི་ཚུལ་གྱིས་ཧཱུྃ་ཞེས་བརྗོད་པས་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་བསྟིམས་ནས་གསལ་ཞིང་བརྟན་པར་བྱའོ། །རྗེས་ཀྱི་བྱ་བ་ཚོགས་མཆོད་སོགས་ནི་སྔར་གྱི་བསྙེན་པའི་སྐབས་བཞིན་ནོ། །གང་ལྟར་ནའང་མཚམས་ཇི་ཙམ་བྱེད་པ་དེའི་ཕྱེད་ཆ་བསྙེན་པ་དང་། ཆ་གཉིས་སྒྲུབ་པ་ལ་བྱ་ཞིང་གྲངས་ཚད་ནི་གཉིས་ཀ་བསྒྲིལ་བ་སྔ་མ་ཉིད་ཀྱིས་ཆོག་
གོ ༑གསུམ་པ་སྒྲུབ་ཆེན་དངོས་གྲུབ་བླང་བ་ནི། བདག་འཇུག་ལེན་ན་སྒྲུབ་པ་གྲོལ་བའི་རྗེས་འབྲེལ་དུ་ཆོ་ག་ནི་དབང་ཆོག་ལས་ཤེས་པར་བྱ་ཞིང་མི་ལེན་ན་སང་གྲོལ་རྒྱུའི་ཉིན་མཆོད་གཏོར་གསར་པ་རྒྱ་ཆེར་བཤམས་ཤིང་། དངོས་གྲུབ་ཀྱི་རྫས་གཞན་དག་ཀྱང་ཅི་འབྱོར་བ་བཀོད། བཟླས་པའི་འཛབ་ཁང་ཕྱེ་བ་ལས། འཕྲོ་འདུའི་སྐབས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བྱུང་ནས་རང་ལ་ཐིམ་པར་བསམ་ཞིང་། སྔགས་ཐམས་ཅད་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་གཙོ་འཁོར་གྱི་འགྲོས་སྦྱར་ནས་བཟླ་ཞིང་ཐུན་གྱི་རྗེས་བསྡུ་སོགས་སྔར་དང་འདྲ། གྲོལ་རྒྱུའི་སྔ་ཐུན་ལ་སླར་ཡང་མཆོད་གཏོར་རྒྱ་ཆེར་བཤམས། ལས་བྱང་རྒྱས་པར་བཏང་བའི་བཟླས་བསྒོམ་བཤད་མ་ཐག་པ་ལྟར་བྱས་རྗེས། མདུན་གྱི་དཀྱིལ་འཁོར་ལ་སླར་ཡང་མཆོད་བསྟོད་རྒྱས་པར་བྱས་ནས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས། རང་གི་གནས་གསུམ་དུ་ཐིམ་པར་བསམ་ལ་དངོས་གྲུབ་བསྐུལ་བའི་ཤམ་བུ་བཏགས་པའི་སྔགས་ཅུང་ཟད་རེ་བཟླས་རྗེས། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་འགག་མེད་ཞི་ཁྲོའི་ཚོགས། །མཉམ་ཉིད་དབྱིངས་ནས་སྐུ་བཞེངས་ལ། །སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བསྐུལ་ཞིང་མཐར་སྒྲུབ་རྫས་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་བུམ་པ་གནས་གསུམ་འཇོག བུམ་ཆུ་དང་གཏོར་ཟན་ལྕེ་ཐོག་ཏུ་མྱོང་ཞིང་བདུད་རྩིའི་དྭངས་མས་ལུས་ཐམས་ཅད་ཁྱབ་པས་ཟག་མེད་ཀྱི་བདེ་བ་རྒྱས་པར་བསམ་ཞིང་མཉམ་བཞག་བྱ། དེ་ནས་ཚོགས་གཏོར་སོགས་མཇུག་ཆོག་རྣམས་ཀྱང་ཆོ་གའ་ིདཀྱུས་བཞིན་རྒྱས་པར་བྱའོ། །སྐབས་དེ་དང་འབྲེལ་ཆགས་སུ་ཁ་སྐོང་གི་སྦྱིན་སྲེག་འགྲུབ་ན་མཆོག་དང་། མ་འགྲུབ་ན་མཚམས་གྲོལ་ནས་བྱས་ཀྱང་འགལ་བ་མ
【漢語翻譯】 讚頌如前一樣做,以百字明懺悔。以了達誓言與智慧無二之方式唸誦「吽」,使自性之壇城融入于等持之壇城而無別,並使其清晰而穩固。之後的行為,會供等如之前的修持之時一樣。無論如何,閉關多久,就以一半時間修持,以另外一半時間進行修法,數量則是兩者加起來與之前一樣即可。
第三,獲得大成就之悉地:如果接受自入,則修法圓滿后的儀軌可從灌頂儀軌中得知,如果不接受,則在明日解脫之日,廣設新的供品和食子,以及其他力所能及的成就之物。從打開唸誦的念珠盒開始,在收攝之時,觀想從壇城之諸神眾中,所有殊勝和共同的成就都化為光和光芒融入自身。並在所有咒語的末尾加上「卡雅瓦嘎 चित्त薩爾瓦悉地帕拉吽(藏文,梵文天城體,梵文羅馬擬音,身語意一切成就賜予吽)」,結合主尊和眷屬的節奏唸誦,之後每座的結尾收攝等與之前相同。在解脫的前一座,再次廣設供品和食子。如前所述,進行廣大的事業儀軌的唸誦和觀修之後。再次對面前的壇城進行廣大的供養和讚頌,觀想諸神眾三處的光芒,白紅藍三色,融入自己的三處,唸誦少許加上祈請成就之句的咒語之後。 舍(藏文,梵文天城體,梵文羅馬擬音,舍) 從無生法界宮殿中,大悲無間斷寂怒眾,從平等性中顯現身,賜予圓滿三身之成就。 嗡啊吽瑪哈悉地吽(藏文,梵文天城體,梵文羅馬擬音,嗡啊吽大成就吽)。 如此祈請成就,最後觀想修法之物的諸神都化為光融入自身,並將寶瓶置於三處。用舌頭品嚐寶瓶水和食子,觀想甘露的精華遍佈全身,無漏之樂增長,並進行入定。之後,會供食子等結尾儀軌也如儀軌之次第一樣廣大地進行。在此期間,如果能完成補缺的火供是最好的,如果不能完成,則出關后再做也沒有妨礙。
【英語翻譯】 Do the praise as before, and confess with the Hundred Syllable Mantra. By realizing the inseparability of samaya and wisdom, say “Hūṃ,” and merge the mandala of self-nature into the mandala of samādhi without separation, and make it clear and stable. Subsequent activities, such as tsok offerings, are the same as during the previous recitation. In any case, half of the time spent in retreat should be spent in recitation, and the other half in practice. The number of recitations is the same as before, combining the two.
Third, obtaining the siddhi of great accomplishment: If you receive self-initiation, the ritual following the completion of the practice can be known from the empowerment ritual. If you do not receive it, on the day of liberation tomorrow, extensively set up new offerings and tormas, as well as other objects of accomplishment as much as possible. Starting from opening the mala box of recitation, during the absorption, visualize that from all the deities of the mandala, all the supreme and common siddhis arise in the form of light and rays and dissolve into oneself. And at the end of all mantras, add “Kāya-Vāka-Citta-Sarva-Siddhi-Phala-Hūṃ (藏文,梵文天城體,梵文羅馬擬音,Body-Speech-Mind-All-Accomplishment-Grant-Hūṃ),” recite in conjunction with the rhythm of the main deity and retinue, and the conclusion of each session is the same as before. In the early session of the day of liberation, again extensively set up offerings and tormas. After performing the recitation and meditation of the extensive action ritual as just explained. Again, make extensive offerings and praises to the mandala in front, and visualize that the rays of light from the three places of the deities, white, red, and blue, dissolve into one’s own three places, and after reciting a few mantras with the addition of the phrase requesting accomplishment. Hrīḥ From the palace of unborn Dharmadhātu, Compassionate, uninterrupted peaceful and wrathful assembly, Arise from the realm of equality, Grant the accomplishment of complete three bodies. Oṃ Āḥ Hūṃ Mahā-Siddhi Hūṃ (藏文,梵文天城體,梵文羅馬擬音,Oṃ Āḥ Hūṃ Great-Accomplishment-Hūṃ). Thus, request accomplishment, and finally visualize that all the deities of the practice objects dissolve into light and dissolve into oneself, and place the vase in three places. Taste the vase water and torma on the tongue, and visualize that the essence of nectar pervades the entire body, increasing the bliss of non-leakage, and enter into samadhi. Then, the concluding rituals such as tsok torma should also be performed extensively according to the order of the ritual. During this time, it is best if the supplementary fire offering can be completed. If it cannot be completed, there is no harm in doing it after the retreat.
============================================================
================== 第 6 段 ================== 【原始藏文】 ེད་དོ། །གང་ལྟར་ནའང་མཚམས་གྲོལ་དུས་མཚམས་ཐོ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་མཆོད་བསྟོད་བྱས་རྗེས་གཤེགས་སུ་གསོལ། བག་བསངས་ཤིང་གནས་བསྲུང་བ་སོགས་ནི་གསང་བ་སྤྱིའི་
འགྲོས་བཞིན་ཤེས་པར་བྱའོ། །འཇིག་རྟེན་དབང་ཕྱུག་བསྙེན་པའི་ཐབས། །ཉུང་ངུའི་ཚིག་གིས་ཆེན་པོའི་དོན། །སྟེར་བ་འདོད་འཇོའི་མ་ཎི་ཀ །རིག་འཛིན་མགུལ་པའི་རྒྱན་དུ་སྤེལ། །ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་བསྙེན་པའི་ཡི་གེ་ཉུང་ངུར་དྲིལ་བ་འདི་ནི༑ མཁྱེན་ལྡན་ངག་དབང་དགེ་ལེགས་ཀྱི་གསུང་ངོར་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་དགེ་སློང་བློ་གསལ་ལོ། །སརྦ་མངྒ་ལཾ།། །།
【漢語翻譯】 總之,出關之時,對結界圖中的四大天王進行生起、融入、供養和讚頌之後,再行遣送。至於驅除晦氣、守護處所等,應按照共同的秘密儀軌來理解。
世間自在(觀世音菩薩)修持法。 以簡短的語句,表達深廣的意義。 如意寶珠般施予, 作為持明者頸間的莊嚴而弘揚。 此乃將大悲世間自在(觀世音菩薩)九尊本尊的修持儀軌,簡略彙集之作。由具 ज्ञान者ངག་དབང་དགེ་ལེགས་口述,由庸碌之人འགྱུར་མེད་རྡོ་རྗེས་記錄,書寫者為比丘བློ་གསལ། 薩爾瓦芒嘎拉姆!(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,一切吉祥!)
【英語翻譯】 In any case, at the time of concluding the retreat, after generating, dissolving, offering, and praising the Four Great Kings in the mandala diagram, they are then dismissed. As for dispelling bad omens and protecting the place, etc., it should be understood according to the common secret procedures.
The method of practicing Jigten Wangchuk (Avalokiteśvara). With few words, (it) expresses great meaning. Like a wish-fulfilling jewel, it bestows (benefits). Spread it as an ornament on the neck of vidyādharas. This is a concise compilation of the practice manual for the nine deities of Great Compassionate Jigten Wangchuk (Avalokiteśvara). It was dictated by the knowledgeable Ngawang Gelek, recorded by the mediocre Gyurme Dorje, and the scribe was the bhikṣu Lo Sal. Sarva Mangalam! (Tibetan: སརྦ་མངྒ་ལཾ།, Sanskrit Devanagari: सर्व मङ्गलम्, Sanskrit Romanization: sarva maṅgalam, May all be auspicious!)
============================================================
同部經論
與本文同名或相近的其他版本、科判、譯文與註疏。