CMR048_0028.菩提道次第祈請文g2.0f
================== 第 1 段 ================== 【原始藏文】 གསོལ་འདེབས་བྱང་ཆུབ་ལམ་སྟོན། གསོལ་འདེབས་བྱང་ཆུབ་ལམ་སྟོན། གསོལ་འདེབས་བྱང་ཆུབ་ལམ་སྟོན་བཞུགས་པའི་དབུ་ཕྱོགས། ན་མོ་ཤཱཀྱ་མུ་ནེ་ཡེ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་མི་མཇེད་དག་པའི་ཞིང་ཁམས་ནས། །དཔལ་ཤཱཀ་ཐུབ་བསྐལ་བཟང་སངས་རྒྱས་སྟོང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གླིང་བཞི་རི་རབ་བཅས་པ་ནས། །དཔལ་འཕགས་པའི་གནས་བརྟན་བཅུ་དྲུག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་རྒྱ་གར་འཕགས་པའི་ཡུལ་མཆོག་ནས། །རྗེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ལྷོ་ནུབ་སྲིན་པོའི་ཡུལ་དབུས་ན། །རྗེ་པད་འབྱུང་གུ་རུ་མཚན་བརྒྱད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་པུ་རྒྱལ་ གངས་ཅན་བོད་ཡུལ་ན། །མི་རྗེ་འབངས་ཉེར་ལྔ་མེས་དབོན་གསུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །བོད་གངས་ཅན་གཏེར་གནས་སོ་སོ་ནས། །རྗེ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ལ་སྟོད་སྒྲོལ་མ་ས་སྐྱ་ནས། །རྗེ་ས་སྐྱ་འཇམ་དབྱངས་བདུན་རྒྱུད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ར་སྒྲེང་དཔལ་གྱི་ནགས་ཚལ་ན། །རྗེ་ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་གསུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ཟངས་རི་མཁར་དམར་དགོན་པ་ནས། །མ་ལབ་སྒྲོན་བརྒྱུད་འཛིན་བརྒྱ་རྩ་བརྒྱད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཤར་དྭགས་ལ་དཔལ་གྱི་སྒམ་པོ་ན། །རྗེ་དྭགས་པོ་བཀའ་བརྒྱུད་ཡ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །རྗེ་ཞྭ་ནག་འཛིན་པ་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་
【漢語翻譯】 菩提道次第祈請文。 菩提道次第祈請文。 菩提道次第祈請文正文。 頂禮釋迦牟尼! 自於密嚴法界宮殿中, 勝妙普賢五部金剛持, 我虔誠祈請,以慈悲攝受, 祈請加持,令心證法身。 自於娑婆清凈之剎土中, 勝妙釋迦能仁賢劫千佛, 我虔誠祈請,以慈悲攝受, 祈請加持,令心證法身。 自於四大須彌山之處所中, 勝妙聖地十六阿羅漢, 我虔誠祈請,以慈悲攝受, 祈請加持,令心證法身。 自於印度聖妙之國土中, 勝妙八十四位大成就者, 我虔誠祈請,以慈悲攝受, 祈請加持,令心證法身。 自於西南羅剎之中央處, 勝妙蓮花生上師八名號, 我虔誠祈請,以慈悲攝受, 祈請加持,令心證法身。 自於普杰雪域藏地中, 君臣二十五及祖孫三代, 我虔誠祈請,以慈悲攝受, 祈請加持,令心證法身。 自於藏地雪域各伏藏處, 勝妙一百零八位伏藏師, 我虔誠祈請,以慈悲攝受, 祈請加持,令心證法身。 自於拉堆卓瑪薩迦處所中, 勝妙薩迦文殊七世祖師, 我虔誠祈請,以慈悲攝受, 祈請加持,令心證法身。 自於熱振吉祥森林之所中, 勝妙覺俄庫敦嘉賽三師尊, 我虔誠祈請,以慈悲攝受, 祈請加持,令心證法身。 自於桑日卡瑪寺廟之所中, 瑪拉布準傳承一百零八位, 我虔誠祈請,以慈悲攝受, 祈請加持,令心證法身。 自於東達拉吉祥岡波之處所, 勝妙達波噶舉雅系四支派, 我虔誠祈請,以慈悲攝受, 祈請加持,令心證法身。 自於楚布多沃隆之寺廟中, 勝妙黑帽法王十三位尊者, 我虔誠祈請,以慈悲攝受,
【英語翻譯】 A Prayer to the Stages of the Path to Enlightenment. Prayer to the Stages of the Path to Enlightenment. Here begins the Prayer to the Stages of the Path to Enlightenment. Namo Shakyamuniye. From the palace of Akanishtha Dharmadhatu, Glorious Samantabhadra, the five families of Vajradhara, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From the pure realm of this Saha world, Glorious Shakyamuni, the thousand Buddhas of this fortunate eon, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From the four continents with Mount Meru, Glorious sixteen Arhats of the noble ones, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From the supreme noble land of India, Glorious eighty-four great accomplished ones, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From the center of the land of Rakshasas in the southwest, Glorious Padmasambhava, Guru with eight names, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From Puwo, the snowy land of Tibet, The king, ministers, twenty-five disciples, and the three ancestral kings, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From each of the treasure places of Tibet, the snowy land, Glorious one hundred and eight treasure revealers, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From Lato Drolma Sakya, Glorious Sakya Jamyang, the seven lineages, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From Reting, the glorious forest, Glorious Jo, Drom, Khu, Ngok, and the three royal sons, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From Zangri Khar Mar Monastery, The Mala Lhodrak lineage, one hundred and eight holders, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From Daklha Gampo in the east, Glorious Dagpo Kagyu, the four great branches, I pray to you, please hold me with your compassion, Bless me to realize the Dharmakaya of the mind. From Tsurphu Dowo Lung Monastery, Glorious thirteen holders of the Black Hat, I pray to you, please hold me with your compassion,
============================================================
================== 第 2 段 ================== 【原始藏文】 ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྒར་ཆེན་ཆོས་ཀྱི་ཕོ་བྲང་ནས། །རྗེ་ཞྭ་དམར་འཛིན་པ་ཉེར་གཅིག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །འབྲུག་ར་ལུག་གཉིས་ཀྱི་དགོན་པ་ན། །རྗེ་རྒྱ་རས་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་འབྲི་གུང་དཔལ་གྱི་ནགས་ཚལ་ནས། །རྗེ་སྐྱོབ་པ་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྟག་ལུང་རྡོ་རྗེའི་གདན་སྟེང་ན། །རྗེ་ཐང་པ་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གསང་ཕུག་ཆོས་ཁྲི་སེར་མོ་ནས། །རྗེ་ལོ་ཆེན་སེང་ཆེན་ བརྒྱད་པོ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ངོམ་སྟོད་དཔལ་རི་ལྷ་རྩེ་ནས། །རྗེ་མཁས་གྲུབ་ཀརྨ་ཆགས་མེད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ནས། །རྗེ་མཚན་ལྡན་བླ་མ་དྲིན་ཆེན་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །ཆོས་དྲིན་ཐོབ་རྩ་བའི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་འདི། །ཚེ་སུམ་གཉིས་ཡང་ཡེང་ངང་ལ་ཟད། །སྔར་གང་བྱས་ཟས་གོས་ཚེ་འདིས་དོན། །ཚེ་ཕྱི་མའི་བརྒྱག་ཕྱེ་རབ་རིབ་ཟིན། །ལུས་སྙིང་པོ་ལེན་པ་ཞཅིག་བླ་མ་མཁྱེན། །མི་ལུས་སྟོང་ལོག་མཁན་ཚོ་ལ་ཐུགས་རྗེའི་གཟིགས། །ཕྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །ནང་སེམས་ཅན་མི་རྟག་ལུས་སེམས་བྲལ། །དུས་དབྱར་དགུན་མི་རྟག་འགྱུར་ཞིང་འགྲོ། །དུས་ ཉིན་མཚན་གཉིས་པོ་ཚེ་ལ་རྐུ། །སེམས་སྐྱོ་ཤེས་སྐྱེ་བ་ཞིག་བླ་མ་མཁྱེན། །རྟག་འཛིན་ཕྱི་ཆོས་མཁན་ཚོ་ལ་ཐུགས་རྗེའི་གཟིགས། །སྔར་སྐྱེས་པ་མ་ཤི་གཅིག་ཀྱང་མེད། །མི་རྒས་ནས་འཆི་བར་རེ་རེ་ཙམ། །སང་ནང་པར་ཨེ་འཆི་ཆ་མེད་པ། །རང་འཆི་གྲབ་དམ་ཆོས་མི་སྒྲུབ་པ། །ཕོ་རང་གིས་རང་ལ་མགོ་གཡོག་བྱེད། །ལས་རྒྱུ་འབྲས་མེ་ལོང་གཟུགས་བརྙན་འདྲ། །དེ་བསླུ་མེད་
【漢語翻譯】 祈請加持,令心證悟法身! 從噶千寺(Garkchen Monastery)法宮中, 向二十一位夏瑪巴(Shamarpa)尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 從竹拉(Druk Ra Lhug)二寺中, 向十三位嘉惹(Gya Ras)大獅子尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 從止貢(Drigung)吉祥森林聖地中, 向十三位吉天頌恭(Kyobpa Jigten Sumgön)大獅子尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 在達隆(Taglung)金剛座之上, 向十三位塘巴(Thangpa)大獅子尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 從桑普(Sangpu)黃色法座之上, 向八位洛欽(Lotsen)大獅子尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 從昂妥(Ngomtod)吉祥天山頂上, 向克珠噶瑪恰美(Khedrup Karma Chagme)尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 從任何安住的法宮中, 向具名恩德根本上師尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 在頭頂日月寶座之上, 向獲得法恩根本上師尊者, 我虔誠祈請,請以慈悲垂念。 祈請加持,令心證悟法身! 難得暇滿人身今已得, 二分之三光陰空耗費。 往昔所為衣食此生事, 來世資糧模糊已耗盡。 懇請上師垂念,令我取此身之精華! 懇請慈悲垂視,令人身空耗之輩! 外器世間無常,終將毀於水火。 內有情眾無常,身心終將分離。 時節春夏秋冬,無常變遷流逝。 時光日夜交替,偷走寶貴壽命。 懇請上師垂念,令我生起厭離之心! 懇請慈悲垂視,執著外境之輩! 往昔出生之人,無一倖免于死。 人們衰老而死,只是時間早晚。 明日是否會死,誰也無法預料。 自身死期將至,卻不修持正法。 此人以假象,自欺欺人愚弄。 業果如明鏡,映照自身影像。 此理真實不虛。
【英語翻譯】 Grant blessings to realize the Dharmakaya of the mind! From the great Garkchen Monastery’s Dharma palace, To the twenty-one holders of the Shamarpa lineage, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! From the monasteries of Druk Ra and Lhug, To the thirteen great lion-like Gya Ras masters, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! From the sacred Drigung Kyobpa Jigten Sumgön’s glorious forest, To the thirteen great lion-like Kyobpa masters, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! Upon the Vajra seat of Taglung, To the thirteen great lion-like Thangpa masters, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! From the yellow Dharma throne of Sangpu, To the eight great lion-like Lotsen masters, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! From the peak of the glorious Lhatse mountain in Ngomtod, To Khedrup Karma Chagme, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! From whatever Dharma palace you reside, To the kind and precious Lama with a name, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! Upon the sun and moon seat on the crown of my head, To the root Lama who has bestowed Dharma grace, I earnestly pray, please hold us with compassion. Grant blessings to realize the Dharmakaya of the mind! This precious human body with leisure and opportunity, so difficult to obtain, Two-thirds of life is wasted in vain. Whatever was done before was for food, clothing, and the affairs of this life, The provisions for the next life are dimly exhausted. O Lama, please know that I must take the essence of this body! Look with compassion upon those who waste their human lives! The outer world is impermanent, destroyed by fire and water. The inner sentient beings are impermanent, body and mind will separate. The seasons of spring, summer, autumn, and winter are impermanent, changing and passing. The times of day and night steal away precious life. O Lama, please know that I must generate a sense of renunciation! Look with compassion upon those who cling to external phenomena! Of those born in the past, not one has escaped death. People grow old and die, it’s only a matter of time. Whether one will die tomorrow is uncertain. One’s own death is approaching, yet one does not practice the sacred Dharma. Such a person deceives and fools themselves. Karma and its results are like a reflection in a mirror. This is unfailing.
============================================================
================== 第 3 段 ================== 【原始藏文】 རང་ལ་སྨིན་ངེས་ཀྱང་། །དེ་མི་ཤེས་ཤེས་ཀྱང་འཆོལ་བར་སྤྱོད། །དེ་ཤེས་བཞིན་བཙན་དུག་ཟོས་དང་འདྲ། །བདག་སྡིག་ལྟུང་མེད་པ་ཞིག་བླ་མ་མཁྱེན། །སྡིག་ཆོས་ཤེས་མེད་པ་ཚོ་ལ་ཐུགས་རྗེས་གཟིགས། །ལས་དགེ་བ་མཁོ་སྟེ་བྱེད་མཁན་དཀོན། །དུས་སྙིགས་མའི་དགེ་བ་སྡིག་དང་འདྲེས། །སྡིག་མེད་པའི་ལུས་ངག་དགེ་སྦྱོར་ལ། བདག་བརྩོན་འགྲུས་ནུས་པ་ཞིག་བླ་མ་མཁྱེན། །ཁ་སྤྱིན་སྦྱར་འདྲ་བ་ཚོ་ལ་ཐུགས་རྗེས་གཟིགས། །མར་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །གཏམ་རྣ་བར་ཐོས་ཀྱང་འཇིགས་སྐྲག་ན། །དེ་མཐོང་ན་སྙིང་ཁྲག་ཨེ་མི་འགས། །དུས་ད་ལྟ་མེ་སྟག་ཕོག་ན་ཚ། །དུས་རྒྱུན་དུ་ལྕགས་སྲེག་ས་གཞི་ལ། །མེ་ཆེན་པོས་ བསྲེགས་ན་ཅི་འདྲ་འོང་། །བདག་རྒྱུ་འབྲས་ཞིབ་པ་ཞིག་བླ་མ་མཁྱེན། །མི་སྡིག་རྔམས་ཅན་ལ་ཐུགས་རྗེས་གཟིགས། །དུས་ད་ལྟ་ཞག་ཅིག་འཁྱག་མི་ཁྱག །ལོ་དུང་ཕྱུར་འཁྱགས་རོམ་ནང་དུ་འཁེང་། །ལུས་བརྒྱ་སྟོང་གིས་ན་ཅི་འདྲ་ཨང་། །བདག་ཆོས་མགོ་ཐོན་པ་ཞིག་བླ་མ་མཁྱེན། །ཕོ་རྒོད་མདའ་སྐྱེན་ཚོ་ལ་ཐུགས་རྗེས་གཟིགས། །དུས་ད་ལྟ་ཞག་གཅིག་ལྟོག་མི་ཁྱགས། །ལོ་སྟོང་ཕྲག་མང་པོར་ཟས་དང་སྐོམ། །ཆུ་ཐིགས་ཤིག་འཐུང་དབང་མེད་པའི་དུས། །ཟས་ཞིམ་པོ་ཟ་འདོད་ཚོ་ཅི་བྱེད་ཨང་། །བདག་ཚོགས་བསགས་ནུས་པ་ཞིག་བླ་མ་མཁྱེན། །རྐུ་ཇག་འཕྲོག་བཅོམ་མཁན་ཚོ་ལ་ཐུགས་རྗེས་གཟིགས། །ཡར་མཐོ་རིས་ལྷ་མིའི་བདེ་སྐྱིད་འདི། །ཟས་ཞིམ་པོ་དུག་དང་འདྲེས་པ་བཞིན། །འཕྲལ་སྐྱིད་ཀྱང་ཕུག་ཏུ་གནོད་པ་ཆེ། །ཚེ་འདི་ཡི་ཟས་ནོར་སྙན་གྲགས་ལ། །བདག་ཞེན་པ་ལོག་པ་ཞིག་བླ་མ་མཁྱེན། །ཆོས་བརྒྱད་ཁེ་དྲག་མཁན་ཚོ་ལ་ཐུགས་རྗེ་གཟིགས། །མི་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ནུབ་བདེ་བ་ཅན་དུ་ལམ་སྣ་དྲོངས། །ལུས་རྫུས་སྐྱེས་ཐོབ་པ་ཞིག་བླ་མ་མཁྱེན། །མཐའ་མེད་འཁོར་བ་འཁྱམས་ ཚོ་ལ་ཐུགས་རྗེས་གཟིགས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །མཆོག་དང་ཐུན་མོངས་དངོས་གྲུབ་བསྩལ་དུ་གསོལ། །ཅེས་པ་འདི་ཡང་བྱམས་པ་སྐྱབས་ཀྱིས་བསྐུལ་ངོར། རཱ་ག་ཨ་སྱས་བྲིས་པའོ།། །།ན་མོ་མ་ཧཱ་མུ་དྲ་ཡ། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན། །རྗེ་ཆོས་སྐུ་སྣང་བ་མཐའ་ཡས་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །ལྷོ་པོ་ཊ་ལ་ཡི་གཞལ་ཡས་ན། །རྗེ་ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །བདག་མོས་གུས་དྲག་པ
【漢語翻譯】 對自己成熟是確定的, 卻不明白,即使明白也放縱行事。 明知故犯,如同吞食劇毒。 愿我沒有罪惡和墮落,上師垂念! 請慈悲垂視那些不懂罪惡之法的人們! 事業需要善行,但行善者稀少。 末法時代的善行與罪惡混雜。 爲了無罪的身語善行, 愿我具備精進的能力,上師垂念! 請慈悲垂視那些口蜜腹劍的人們! 下墮三惡道的痛苦, 即使耳聞其事也感到恐懼害怕, 若親眼目睹,難道不會心驚膽戰嗎? 現在被火星濺到都會疼痛, 如果長期在燒紅的鐵地上, 被大火焚燒,會是怎樣一番景象? 愿我精通因果,上師垂念! 請慈悲垂視那些罪惡滔天之人! 現在一天寒冷尚可忍受, 若在冰川中凍結億萬年, 身體百孔千瘡,又會是怎樣一番景象? 愿我精通佛法,上師垂念! 請慈悲垂視那些魯莽草率之人! 現在一天飢餓尚可忍受, 若在千百萬年中,無食無飲, 連一滴水都無法飲用之時, 那些貪圖美食的人們又該如何是好? 愿我具備積資的能力,上師垂念! 請慈悲垂視那些偷盜搶劫之人! 向上仰望,天界人間的安樂, 如同美味佳餚中摻雜毒藥一般, 短暫快樂,長久痛苦。 對於今生的飲食、財富和名聲, 愿我捨棄貪戀,上師垂念! 請慈悲垂視那些追逐八法之利者! 與我有關聯的所有人, 請引導他們往生西方極樂世界。 愿我獲得化生之身,上師垂念! 請慈悲垂視那些無盡輪迴中漂泊的眾生! 祈願一切眾生證得菩提。 祈請賜予殊勝和共同的成就。 此乃應嘉瓦堅贊之請,由拉嘎阿亞所書。 那摩 瑪哈 穆扎亞 (藏文:ན་མོ་མ་ཧཱ་མུ་དྲ་ཡ།,梵文天城體:नमो महामुद्राय,梵文羅馬擬音:Namo mahāmudrāya,漢語字面意思:敬禮,大手印)。 于西方極樂凈土之中, 向法身無量光佛祈請, 愿我以強烈的虔誠之心祈禱。 愿我圓滿本初之實相, 愿我證悟止觀雙運之道, 愿我自證自得其果。 于南方普陀拉之宮殿中, 向報身大悲觀世音祈請, 愿我以強烈的虔誠
【英語翻譯】 Though ripening for oneself is certain, One doesn’t know it, and even knowing, acts recklessly. Knowing it and still eating poison is the same. May I be free from sin and downfall, Lama, know! Look with compassion on those who don’t know the nature of sin! Virtuous deeds are needed, but doers are few. In these degenerate times, virtue is mixed with sin. For the virtuous deeds of body and speech without sin, May I have the strength of diligence, Lama, know! Look with compassion on those who are like glue-tongued liars! The suffering of the three lower realms, Even hearing of it brings fear and dread, If one were to see it, wouldn’t one’s heart bleed? Now, even a spark of fire burns, What would it be like to be burned by a great fire On a constantly scorching iron ground? May I understand cause and effect in detail, Lama, know! Look with compassion on those who are terribly sinful! Now, one night of cold is bearable, But to be frozen in a glacier for billions of years, And to suffer with a hundred thousand wounds, what would that be like? May I master the Dharma, Lama, know! Look with compassion on those who are reckless and hasty! Now, one day of hunger is bearable, But for thousands of years without food or drink, And without the power to drink even a drop of water, What will those who crave delicious food do? May I have the ability to accumulate merit, Lama, know! Look with compassion on those who steal, rob, and plunder! Looking up, the happiness of gods and humans in the higher realms, Is like delicious food mixed with poison, Briefly pleasant, but harmful in the long run. May I turn away from attachment To food, wealth, and fame in this life, Lama, know! Look with compassion on those who seek gain through the eight worldly concerns! May all those connected to me, Be guided to the Western Pure Land of Sukhavati. May I obtain a miraculously born body, Lama, know! Look with compassion on those who wander in endless samsara! Bless all beings to attain enlightenment! Grant supreme and common siddhis. This was written by Raga Asya at the request of Jampa Kyab. Namo Mahamudraya (藏文:ན་མོ་མ་ཧཱ་མུ་དྲ་ཡ།,梵文天城體:नमो महामुद्राय,梵文羅馬擬音:Namo mahāmudrāya,漢語字面意思:敬禮,大手印). In the realm of the Western Sukhavati, I pray to the Dharmakaya Amitabha Buddha, May I pray with strong devotion. May I perfect the primordial state of being, May I realize the union of shamatha and vipashyana, May I attain the fruit within myself. In the palace of Southern Potala, I pray to the Sambhogakaya Avalokiteshvara, May I with strong devotion
============================================================
================== 第 4 段 ================== 【原始藏文】 ོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན། །རྗེ་སྤྲུལ་སྐུ་པདྨ་འབྱུང་གནས་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །བོད་ཁ་བ་ ཅན་གྱི་གཏེར་གནས་ནས། །རྗེ་རཏྣ་གླིང་དང་འཇའ་ཚོན་པ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་ལྷོ་ཕྱོགས་དཔལ་གྱི་རི་བོ་ན། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །རྗེ་ས་ར་ཧ་པ་ཆེ་ཆུང་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །རྗེ་ཏེ་ལོ་སངས་རྒྱས་གྲུབ་ཆེན་བརྒྱད། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །བྱང་པུལླ་ཧ་རིའི་དགོན་པ་ན། །རྗེ་ནཱ་རོ་མི་ཏྲི་རྣམ་གཉིས་ལ། །བདག་མོས་གུས་དྲག་པོས་ གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །རྗེ་སྒྲ་བསྒྱུར་མར་པ་ཡབ་སྲས་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་རས་ཆེན་རས་ཆུང་རྣམ་གཉིས་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །རྗེ་མཉམ་མེད་ལྷ་རྗེ་ཁུ་དབོན་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག
【漢語翻譯】 祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于處西南銅色吉祥洲, 于尊化身蓮花生處, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于雪域藏地之伏藏處, 于尊者熱那林巴與虹身者, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于處南方吉祥聖山處, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于尊者薩ra哈巴大小者, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于東薩霍爾珍寶寺廟處, 于尊者帝洛巴八大成就者, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于北方普拉哈日之寺廟處, 于尊者那若巴彌扎二者, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于南方卓沃隆之寺廟處, 于尊者譯師瑪爾巴父子, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于西拉吉雪山圍繞處, 于尊者惹欽惹瓊二者, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀雙運得以結合, 愿果於自身證得祈加持。 于東達拉嘎波吉祥岡波處, 于尊者無等拉杰叔侄, 我以猛烈虔誠而祈請。 愿基位原始之實相圓滿, 愿道止觀
【英語翻譯】 I pray. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the place of the southwest, the Copper-Colored Glorious Island, To the lord, the incarnate Padmasambhava, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. From the treasure places of snowy Tibet, To the lord Ratna Lingpa and the Rainbow Body achiever, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the place of the southern Glorious Mountain, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. To the lord Saraha, the elder and the younger, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the eastern Zahor, the Jewel Monastery, To the lord Tilopa, the eight great accomplished Buddhas, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the northern Pullahari Monastery, To the lord Naropa and Maitri, the two, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the southern Drobo Lung Monastery, To the lord translator Marpa and his sons, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the west, surrounded by the glaciers of Lapchi, To the lord Rechungpa and Repa Chungnyi, the two, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful, be united, May the fruit be found within oneself, grant your blessings. In the east, Daglha Gampo, the Glorious, To the lord Nyamme Lhaje, uncle and nephew, I pray with intense devotion. May the ground, the original state of reality, be perfected, May the path, calm and insightful,
============================================================
================== 第 5 段 ================== 【原始藏文】 ་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་སྒར་ཆེན་ཆོས་ཀྱི་ཕོ་བྲང་ན། །རྗེ་མཚུངས་མེད་རྒྱལ་བ་ཡབ་སྲས་ལ། །བདག་མོས་གུས་དྲག་ པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་སྤྱི་གཙུག་ཚངས་པའི་ཡུལ་ས་ན། །རྗེ་སུམ་ལྡན་རྩ་བའི་བླ་མ་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་སྣང་སྲིད་དག་པའི་གཞལ་ཡས་ན། །རྗེ་ཡི་དམ་ཞི་ཁྲོ་རབ་འབྱམས་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་ནུབ་ཕྱོགས་ཨོ་རྒྱན་གཞལ་ཡས་ན། །མ་མཁའ་འགྲོ་བྱེ་བ་འབུམ་སྡེ་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །བཀའ་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །བདག་ མོས་གུས་དྲག་པོས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྫོགས་པ་དང་། །ལམ་ཞི་ལྷག་ཟུང་དུ་འཇུག་པ་དང་། །འབྲས་བུ་རང་ལ་རྙེད་པར་བྱིན་གྱིས་རློབས། །རྗེ་རྩ་བརྒྱུད་བླ་མའི་སྐུ་གསུང་ཐུགས། །མི་བདག་གི་ལུས་ངག་ཡིད་དང་གསུམ། །དཔེ་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །དོན་ཆོས་སྐུའི་ངང་དུ་གཅིག་གྱུར་ནས། །རྗེ་སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང་། །དུས་རྟེན་ཐོག་འདི་ལ་འགྲུབ་པར་ཤོག །ཅེས་ཨ་རཱ་གས་འཕྲལ་དུའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། གསོལ་འདེབས་བྱང་ཆུབ་ལམ་སྟོན།
【漢語翻譯】 融入雙運,祈願能自得果位。于大經堂之法宮中,我以極大的虔誠,祈請無與倫比的至尊怙主父子。愿原始本初之實相圓滿,愿寂止與勝觀融入雙運,祈願能自得果位。于頂髻梵天之凈土中,我以極大的虔誠,祈請具三德之根本上師。愿原始本初之實相圓滿,愿寂止與勝觀融入雙運,祈願能自得果位。于顯有清凈之宮殿中,我以極大的虔誠,祈請本尊寂靜與忿怒諸尊海會。愿原始本初之實相圓滿,愿寂止與勝觀融入雙運,祈願能自得果位。于西方鄔金之宮殿中,我以極大的虔誠,祈請無數空行母眾。愿原始本初之實相圓滿,愿寂止與勝觀融入雙運,祈願能自得果位。于寒林尸陀林中,我以極大的虔誠,祈請所有教誡護法守護者。愿原始本初之實相圓滿,愿寂止與勝觀融入雙運,祈願能自得果位。至尊根本傳承上師之身語意,與我之身語意三者,如水入水般無別,于義法身之境界中融為一體,愿至尊五身之自性金剛持,於此時此生得以成就。阿惹嘎,即刻成就。薩爾瓦芒嘎拉姆(藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,漢語字面意思:一切吉祥!)。康區上部囊謙(囊謙縣,約公元1268年始建)昂岡工藝文化顯密增法洲古籍修復室整理出版。《祈請菩提道次第》。
【英語翻譯】 May we be blessed to integrate the two, and to find the fruit ourselves. In the great monastery’s Dharma palace, I pray with intense devotion to the incomparable Lord, the victorious father and son. May the original, primordial state of affairs be perfected, may calm abiding and higher insight be integrated, and may we be blessed to find the fruit ourselves. In the pure land of the Brahma at the crown of the head, I pray with intense devotion to the root guru who possesses the three qualities. May the original, primordial state of affairs be perfected, may calm abiding and higher insight be integrated, and may we be blessed to find the fruit ourselves. In the pure palace of appearance and existence, I pray with intense devotion to the ocean of peaceful and wrathful deities. May the original, primordial state of affairs be perfected, may calm abiding and higher insight be integrated, and may we be blessed to find the fruit ourselves. In the palace of Oddiyana in the west, I pray with intense devotion to the hundreds of thousands of dakinis. May the original, primordial state of affairs be perfected, may calm abiding and higher insight be integrated, and may we be blessed to find the fruit ourselves. In the charnel ground of Cool Grove, I pray with intense devotion to all the Dharma protectors and guardians of the teachings. May the original, primordial state of affairs be perfected, may calm abiding and higher insight be integrated, and may we be blessed to find the fruit ourselves. May the body, speech, and mind of the root and lineage gurus, and the body, speech, and mind of myself, become inseparable like water poured into water, and may they become one in the state of the meaning Dharmakaya, so that the Vajradhara, the nature of the five bodies, may be accomplished in this very life. Araka, may it be accomplished immediately. Sarva Mangalam (藏文:སརྦ་མངྒ་ལཾ།,梵文天城體:सर्व मङ्गलम्,梵文羅馬擬音:sarva maṅgalam,漢語字面意思:All auspicious!). Compiled and published by the Nangchen (Nangchen County, founded around 1268 AD) Angang Craft Culture Exoteric and Esoteric Dharma Development Island Ancient Book Restoration Room in Upper Kham. ‘Supplication for the Stages of the Path to Enlightenment.’
============================================================
同部經論
與本文同名或相近的其他版本、科判、譯文與註疏。