菩薩藏佛教學會
20
背景
翻譯

CMR034_0031.藥師經儀軌之堅固g2.0f

================== 第 1 段 ================== 【原始藏文】 སྨན་བླའི་མདོ་ཆོག་གི་བརྟན། སྨན་བླའི་མདོ་ཆོག་གི་བརྟན། རྟེན་ཡོད་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་འདི་ལགས་ཀྱི། ཡུན་དང་ཡུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཉེ་བར་དགོངས་ཏེ་བསྒྲལ་ཞིང་དབུགས་དབྱུང་བར་མཛད་དུ་གསོལ། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་ མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །མངྒ་ལཾ།། །། སྨན་བླའི་མདོ་ཆོག་གི་བརྟན།

【漢語翻譯】 藥師經儀軌之堅固。 藥師經儀軌之堅固。 若有依處,則祈請具足大悲怙主者,為我等及一切有情成辦利樂。愿以神通力,使此身語意之所依,連同眷屬,長久安住。安住之後,亦請垂念我等一切有情,救度解脫。偉大之最偉大,殊勝之導師,無上之至尊。法王日輪之加持力,魔及作祟之邪魔,損害之怨敵皆寂滅,愿恒常吉祥安樂,晝夜吉祥。法性真諦之殊勝法,無上之至尊。聖法甘露真諦之加持力,煩惱痛苦煎熬之怨敵皆寂滅,愿恒常吉祥安樂,晝夜吉祥。僧眾功德珍寶光芒四射,王子利生真諦之加持力,遠離過失,善聚增長廣大,愿恒常吉祥安樂,晝夜吉祥。梵天與天王護法之加持力,利生天眾之吉祥降臨於此地,愿安樂如意,心想事成,長壽無病,具足安樂。 吉祥圓滿! 藥師經儀軌之堅固。

【英語翻譯】 The Steadfastness of the Medicine Buddha Sutra Ritual. The Steadfastness of the Medicine Buddha Sutra Ritual. If there is a basis, then may the protectors endowed with great compassion accomplish the benefit of happiness for us and all sentient beings. Through miraculous power, may these supports of body, speech, and mind, together with their retinues, remain steadfastly for a long time. Having remained steadfast, may they also consider us and all sentient beings with compassion, liberating and relieving us. The greatest of the great, the supreme teacher, the unsurpassed lord. By the blessings of the Dharma King Sun, may demons and obstructing spirits, enemies of harm, be pacified, and may there always be auspiciousness and happiness, day and night. The supreme Dharma of the truth of Dharma nature, the unsurpassed lord. By the blessings of the truth of the sacred Dharma nectar, may the enemies of affliction, suffering, and torment be pacified, and may there always be auspiciousness and happiness, day and night. The Sangha’s qualities, radiant with precious jewels, by the blessings of the truth of the benefit-bestowing prince, may faults be removed, and may the accumulation of virtue increase greatly, may there always be auspiciousness and happiness, day and night. By the blessings of Brahma, the king of gods, and the protectors, may the auspiciousness of the benefit-bestowing gods descend upon this place, may happiness and well-being be fulfilled as desired, and may there be longevity, freedom from illness, and the possession of happiness. Auspiciousness! The Steadfastness of the Medicine Buddha Sutra Ritual.

============================================================