CMR056_0016.護身符分別修持還是合修.བ.咒語目錄食子的儀軌秘密隱藏g2.0f
================== 第 1 段 ================== 【原始藏文】 གའུ་སོ་སོར་སྒྲུབ་བམ་དྲིལ་སྒྲུབ་ཀྱི། ༼བ༽ །སྔགས་བྱང་གཏོར་མའི་བཅའ་ཐབས་གུད་དུ་གབ། ། གའུ་སོ་སོར་སྒྲུབ་བམ་དྲིལ་སྒྲུབ་ཀྱི། ༼བ༽ །སྔགས་བྱང་གཏོར་མའི་བཅའ་ཐབས་གུད་དུ་གབ། ། རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། སྨུག་འཛིན་ཟླ་བའི་མདོག་ཅན་ལྷ་ལྔའི་སྔགས་བྱང་གཏོར་མའི་བཅའ་ཐབས་གསང་རྒྱ་ཅན་བཞུགས་སོ། །བརྒྱུད་འཛིན་སྙིང་འདྲ་མ་གཏོགས་སྣོད་མིན་མང་པོ་ལ་གབ་པ་དམ་ཚིག་གོ །ཛཾ་དཀར་གྱི་སྔགས་བྱང་གུད་དུ་གབ་པ་ལ། གཙོ་བོའི་སྙིང་པོ་དང་རྣམ་པར་མི་རྟོག་པའི་སྙིང་པོ་ནི་གཞུང་ལྟར་རོ། གཙོ་འཁོར་དྲིལ་བའི་ཤམ་བུ་གང་ཞེ་ན། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ ཡ་ཧཱུཾ་ཕཊ། བཛྲ་ཌཱཀྐི་ནཱི། རཏྣ་ཊཱཀྐི་ནཱི། པདྨ་ཊཱཀྐི་ནཱི། ཀརྨ་ཊཱཀྐི་ནཱི། པཱ་ཤཾ་ནི། བཱ་སུ་ན་ན་ཁ་དྷེ། པི་ཤ་ནི་སརྦ་སིདྡྷི་སྭཱ་ཧཱ། ཞེས་པའོ། །ཨྠ྄ྀི། གའུ་ལྔ་སོ་སོར་བསྒྲུབ་པ་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ཧྲི་ད་ཡ་ཧཱུྃ་ཕཊ༔ ཨོ་པི་ཤ་ནི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་གྱི་འགྲོ་བ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་གཙོ་བོའི་སྒྲུབ་སྔགས་དང་། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱཀྐི་ནི་ཨོ་བ་ཤཾ་ནི་སྟེང་ལྷའི་སྲིད་པ་དང་འོག་ཀླུའི་སྲིད་པ་དང་བར་མིའི་སྲིད་པ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་ཤར་གྱི་གའུ་དང་། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨོཾ་རཏྣ་ཊཱཀྐི་ནི། ཨོཾ་པ་ཀཾ་ནི། ལྷ་དང་མི་དང་ལྷ་མ་ཡིན་གྱི་ཟས་དང་ནོར་རྫས་ཁྱད་པར་ཅན་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་ལྷོའི་གའུ་དང་། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཨོཾ་པདྨ་ཊཱཀྐི་ནཱི། ཨོ་པ་ཤཾ་ནི། རྒྱལ་པོ་དང་བློན་པོ་དང་བཙན་ཕྱུག་དར་རྒྱས་ཅན་གྱི་ཡུལ་མི་དང་ནོར་བུ་རིན་པོ་ཆེའི་བདག་བྱེད་པའི་ཀླུ་ཆེན་ས་བདག་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་ནུབ་ཀྱི་གའུ་དང་། ཨོཾ་པདྨ་ཀྲོ་ དྷ་ཨཱརྱ་ཛམ་བྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཨོཾ་ཀརྨ་ཊཱཀྐི་ནི། ཨོཾ་པ་ཀཾ་ནི། ལྷ་འདྲེ་མི་གསུམ་གྱི་ཟས་ནོར་གཡང་ཅན་སྣ་ཚོགས་རྣམས་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བྱང་གི་གའུ་སྟེ། དེ་རྣམས་ནི་བཟླ་བྱའི་སྒྲུབ་སྔགས་ལགས་སོ། །སོ་སོར་འཐོར་བུ་བསྒྲུབས་ན་དེ་ཁོ་ནའི་སྔགས་བཟླས་སོ། །འཁོར་ལོ་བྲིས་ཏེ་སྐུ་འདྲ་འབུར་དོད་དུ་མ་ལྕོགས་ན་ལྟེ་བར་ཇི་ཡིག །མཁའ་འགྲོ་བཞི་ལ་ལྟེ་བར་ཧ་རི་ནི
【漢語翻譯】 護身符分別修持還是合修?(བ)咒語目錄食子的儀軌秘密隱藏。
【英語翻譯】 Whether to practice the amulet separately or together? (བ) The ritual of the mantra list torma is secretly hidden.
============================================================
================== 第 2 段 ================== 【原始藏文】 ་ས་འབྲུ་རེ་རེ། དེ་རྒྱབ་མཐའ་ནས་མགོ་བཟུང་སྟེ། འདི་གསར་མ་ཡིན་པས་ཞལ་ངོས་ནས་བཟུང་སྟེ་ཡིག་མགོ་ཕྱིར་བསྟན་མཇུག་ནང་དུ་ཕུད་ལ་བཅུག་ནས་དབུ་ཅན་ཚེག་མེད་བྲི། དེ་རྒྱབ་ཏུ་རྒྱས་པར་སྤྲོ་ན་མུ་ཁྱུད་གཅིག་བྱས་ལ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བྲི་བ་གཞུང་ན་མེད་ཀྱང་མ་བྱས་ཀྱང་རུང་གི །ཡོད་ན་སྤྱིའི་ལུགས་ལྟར་བྱིན་རླབས་ནུས་པ་ཆེ་བ་ཡིན། དེ་རྒྱབ་ཏུ་གཙོ་འཁོར་སོ་སོའི་སྐུ་རྒྱན་ཆ་ལུགས་མངོན་རྟོགས་ལྟར་བྲིས། གུ་གུལ་གྱིས་བདུག །སུམ་བྷ་ནིས་བགེགས་བསྐད། ཡེ་དྷརྨས་ཅི་མང་སྔགས་ཤིང་མེ་ཏོག་འཐོར་བས་རབ་གནས་བྱ། དེ་ནས་དབུས་ཀྱི་ས་བོན་མགོ་མཇུག་མ་ལོག་པར་ཅི་བདེར་ལྟེབས་ལ་ཚོན་སྐུད་སྣ་ལྔའམ་ཚོན་རྩིའི་སྐུད་ པས་རྒྱ་གྲམ་དུ་བཅིངས། རང་རང་གི་སྐུ་མདོག་དང་མཚུངས་པའི་རས་སམ་དར་གྱིས་བཏུམ། དེ་ནས་གའུར་བཞུགས་ཏེ་འབྲང་རྒྱས་དཔེའུ་རིས་ལྟ་བུ་གཅིག་གཙོ་བོའི་འཁོར་ལོའི་ནང་དུ་བཏུམ་པར་བྱའོ། །དེ་ལ་སྔགས་ནི་གོང་གི་བཟླ་བྱའི་སྔགས་དེ་བྲི་བ་ཡིན་མོད་ཀྱི། མི་འདྲ་བའི་ཁྱད་པར་ཅན་ཟབ་ཁྱད་ནི། གོང་གི་དེ་ཚར་གཅིག་དང་དེའི་མཇུག་ནས་ཨོཾ་བི་ཤ་ནི་འབྲུ་དབང་དུ་བསྡུས་ཤིག་སྭཱ་ཧཱ། ཞེས་པ་ལྟ་བུ་པི་ཤ་ནི་དང་སཱ་ཧཱ། བར་དུ་རང་གི་གང་འདོད་སྦྱར། དུ་ཤོང་བྲི། ཁྱད་པར་དུ་པདྨ་མཁའ་འགྲོའི་ཐུགས་ཀར། ཨོཾ་ན་ག་སྤུང་པ་པཿ འོག་ཀླུ་ཡི་སྲིད་པ་དབང་དུ་བསྡུས་ཤིག་སྭཱ་ཧཱ། ཞེས་བྲིའོ། །དེ་རྣམས་རབ་རིན་པོ་ཆེ་འབྲིང་མཚལ་ཐ་མ་རྒྱ་སྣག་ཡང་ཐ་སྣག་ཚ་ལ་བ་རིན་པོ་ཆེ་དང་སྨན་སོགས་བརྡར་བས་བྲི། བྲི་ཉིན་ཡང་ཡར་ངོ་དང་ཚེས་བརྒྱད་དམ་ཉའམ་འགྲུབ་སྦྱོར་གཡང་སྐར་ལ་བྲིའོ། གཞན་ཡང་དམིགས་རྟེན་ཞལ་ཐང་གྲུབ་ནའང་སྔགས་དེ་དག་སོ་སོའི་རྒྱབ་ཡིག་ཏུ་བྲིས་ལ་དེ་གཞན་གྱིས་མི་མཐོང་བའི་རྒྱབ་དར་དུ་བྱའོ། །ལྡེར་སོའམ་གསེར་སྐུ་གྲུབ་ན་སྔགས་དེ་དག་གི་ཤོག་དྲིལ་ནང་གཞུག་བྱའོ། །འདིའི་སྐུ་མངོན་ རྟོགས་ལྟར་དང་བསྟོད་པ་རྒྱས་པའི་ཕྱག་གཡས་བེ་ཅོན་གཡོན་ནེའུ་ལེ་གྲུ་མོར་ག་ཁ་ཊཾ་ཡིན་ལ། གཞན་ཇོ་བོས་མཛད་པའི་བསྟོད་པ་ཉུང་ངུ་ཞིག་ལ་གཡས་ཁ་ཊཾ་འཛིན་པར་བཤད་ཅིང་བྲིས་སྐུ་རྙིང་པ་ལའང་དེ་ལྟར་འདུག་པ། ཕྱི་མ་འདི་ཡི་བསྟོད་པ་རྒྱ་གཞུང་ལས་བྱུང་བས་ཕྱིས་བོད་དུ་ཞལ་གཟིགས་ལུགས་ཅིག་ཡིན་པར་སྣང་ངོ་། །གཏོར་མ་ནི་རྒྱས་པའི་ཕྲིན་ལས་གཙོ་ཆེ་བས་གདན་གྲུ་བཞི་རི་རབ་དབྱིབས་དེ་སྟེང་ཟླུམ་པོ་དྲ་བ་རིས། དེ་སྟེང་ནོར་བུ་སུམ་ཚོན་མེ་ཏོག་གིས་བརྒྱན
【漢語翻譯】 每個種子字。從背面末端開始。因為這是新的,所以從正面開始,將字頭向外,將字尾向內插入,書寫無點的藏文。之後,如果想詳細描述,可以畫一個圓圈,書寫元音和輔音以及緣起咒,即使經文中沒有,不寫也可以。如果寫了,按照通常的規矩,加持和力量會更大。之後,按照各自本尊和眷屬的身形、裝飾和顯現方式來書寫。用古古香薰。用蘇姆巴尼驅逐邪魔。用《耶達瑪》等咒語、樹枝和鮮花進行開光。然後,將中央的種子字按照舒適的方式摺疊,不要顛倒首尾,用五色線或顏料線交叉捆綁。用與各自本尊顏色相同的布或絲綢包裹。然後放入嘎烏盒中,像小盒子一樣,將一個包裹在主尊的壇城中。其中的咒語是書寫上面要念誦的咒語,但不同之處在於,在上面的咒語唸完一遍后,在末尾加上「嗡 毗舍尼 種子 掌握 梭哈」。像這樣,毗舍尼和梭哈之間,可以加入自己想要的。書寫杜雄。特別是在蓮花空行母的心間,書寫「嗡 納嘎 蓬巴 啪 之下 龍的統治 掌握 梭哈」。這些用最好的寶石、中等的硃砂、最差的墨汁,或者更差的松煙墨與寶石和藥物等研磨后書寫。書寫日子也要選擇吉日,如上弦月、初八、良辰吉日或吉祥星宿。此外,如果完成了觀修所依的唐卡,也可以將這些咒語寫在各自的背面,作為別人看不到的背襯。如果完成了泥塑或金像,就將這些咒語的紙卷放入其中。此尊的身形顯現方式,以及廣大的讚頌文中,右手持金剛杵,左手持吐寶鼬,肘部是嘎喀唐嘎。此外,阿底峽尊者所作的簡短讚頌文中,說右手持喀唐嘎,古老的畫像也是如此。後者的讚頌文出自漢文經典,似乎是後來在藏地出現的一種面見方式。朵瑪主要用於廣大的事業,底座是四方形的須彌山形狀,上面是圓形的網狀圖案。上面用三色寶石和鮮花裝飾。
【英語翻譯】 Each seed syllable. Starting from the back end. Because this is new, start from the front, turn the head of the letter outwards, insert the tail inwards, and write the Tibetan script without dots. Afterwards, if you want to describe in detail, you can draw a circle and write vowels and consonants and the Pratītyasamutpāda mantra, even if it is not in the scriptures, it is okay not to write it. If it is written, according to the usual rules, the blessing and power will be greater. After that, write according to the appearance, decorations, and manifestations of each main deity and retinue. Fumigate with Guggul incense. Use Sumba to expel demons. Consecrate with mantras like “Ye Dharma,” branches, and flowers. Then, fold the central seed syllable in a comfortable way, without reversing the head and tail, and tie it crosswise with five-colored threads or paint threads. Wrap it with cloth or silk that matches the color of each deity. Then put it in a gau box, like a small box, wrap one in the mandala of the main deity. The mantra in it is to write the mantra to be recited above, but the difference is that after the above mantra is recited once, add “Om Vishani seed master Svāhā” at the end. Like this, between Vishani and Svāhā, you can add whatever you want. Write Du Xiong. Especially in the heart of the Lotus Dakini, write “Om Naga Pungpa Paḥ Below Dragon’s rule master Svāhā.” These are written with the best gems, medium cinnabar, the worst ink, or even worse pine soot ink ground with gems and medicines. The writing day should also be chosen as an auspicious day, such as the waxing moon, the eighth day, an auspicious day, or an auspicious constellation. In addition, if the Thangka of the meditation support is completed, these mantras can also be written on the back of each, as a backing that others cannot see. If the clay sculpture or gold statue is completed, put the paper roll of these mantras into it. The appearance of this deity, and in the vast praise text, the right hand holds a vajra, the left hand holds a mongoose, and the elbow is a Khaṭvāṅga. In addition, in the short praise written by Atiśa, it is said that the right hand holds a Khaṭvāṅga, and the ancient paintings are also like this. The latter’s praise comes from Chinese classics, and it seems to be a way of seeing the face that appeared in Tibet later. The Torma is mainly used for vast activities, the base is a square Mount Meru shape, and the top is a circular mesh pattern. The top is decorated with three-colored gems and flowers.
============================================================
================== 第 3 段 ================== 【原始藏文】 ་པ། དྲྭ་བ་རིས་ལ་མར་སྐུད་དང་དུང་ཕྲེང་རྩེ་ལ་མར་རྒྱན་གསུམ་མམ་ལྔ་ཅི་མཛེས། མཐའ་མ་མར་ཐུད་རིལ་བུའི་བསྐོར་བ་ཡིན་ནོ། གསོ་བའི་མཐེབ་སྐྱུ་མི་བྱ་བར་མར་ཐུད་རིལ་བུ་བྱ། ཐུན་གཏོར་དང་ཆུ་གཏོར་རྣམས་ལ་ཛམ་ལུམ་རྩེ་མོ་ཅན་བྱའོ། །ཞེས་པ་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་ས་ག་ཟླ་བའི་དམར་པོའི་ཚེས་བརྒྱད་ནོར་ལྷ་དང་གནོད་སྦྱིན་རྒྱུ་བའི་དུས་དྲིན་ཅན་རཱ་ག་ཨ་སྱའི་གསུངས་རིན་པོ་ཆེའི་ཕྱག་བྲིས་མཛད་ནས། བདག་བཱིརླ་ས་ག་ར་ལ་གཅིག་བརྒྱུད་དུ་གནང་བ་མངྒ་ལཾ།། གའུ་སོ་སོར་སྒྲུབ་བམ་དྲིལ་སྒྲུབ་ཀྱི། ༼བ༽ །སྔགས་བྱང་གཏོར་མའི་བཅའ་ཐབས་གུད་དུ་གབ། །
【漢語翻譯】 。網狀圖案用酥油線和海螺串裝飾,頂端用酥油花裝飾,三個或五個都好看。最後是酥油糌粑丸的環繞。不要做修補的鑰匙狀,要做酥油糌粑丸。獻食朵瑪和水朵瑪要做成尖頂的形狀。這是在木蛇年(無考)薩嘎月(藏曆四月)的紅色初八,財神和夜叉遊走的時刻,恩人Ra ga A sya的珍貴言教手書寫成,賜予我Birla Sa ga ra 單一傳承,吉祥! 嘎烏分別修,還是集中修?(乙)。咒語目錄朵瑪的製作方法另外隱藏。
【英語翻譯】 。The web-like pattern is decorated with butter threads and conch strings, and the top is decorated with butter flowers, three or five are all beautiful. The last is the surrounding of butter-tsampa balls. Do not make a repairing key shape, but make butter-tsampa balls. Offering Torma and water Torma should be made into a pointed shape. This was written in the Wood Snake year (unverified) on the red eighth day of Saga month (Tibetan April), at the time when the wealth deity and Yakshas were walking, the precious teachings of the benefactor Ra ga A sya were handwritten and given to me, Birla Sa ga ra, as a single lineage, auspicious! Should the Gau be practiced separately or collectively? (B). The method of making the mantra catalogue Torma is hidden separately.
============================================================
同部經論
與本文同名或相近的其他版本、科判、譯文與註疏。