CMR048_0016.七品祈願次第唸誦利益g2.0f
================== 第 1 段 ================== 【原始藏文】 ལེའུ་བདུན་མའི་དམིགས་རིམ་འདོན་ཆར་ཕན་པ། ལེའུ་བདུན་མའི་དམིགས་རིམ་འདོན་ཆར་ཕན་པ། ལེའུ་བདུན་མའི་དམིགས་རིམ་འདོན་ཆར་ཕན་པ་བཞུགས་སོ། ན་མོ་གུ་རུ་སིདྡྷི་ཧཱུྃ། ཨོ་རྒྱན་རྗེ་ལ་ཕྱག་འཚལ་ལོ། །དེ་ཡི་སྒྲུབ་ཐབས་མཐའ་ཡས་ཀྱང་། །ཕྱི་ལྟར་སྒྲུབ་ཐབས་གསོལ་འདེབས་སྐོར། །ལེའུ་བདུན་མ་ཞེས་བྱ་བའི། །དམིགས་རིམ་ངག་འདོན་གསལ་བྱེད་བརྗོད། །རང་ཉིད་རྟ་ཕག་ཡབ་ཡུམ་སྐུ། །དམར་པོ་གྲི་གུག་ཐོད་ཁྲག་འཛིན། །སྤྱི་གཙུག་རྟ་དབུ་ཕག་ཞལ་ཅན། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །ཞབས་གཉིས་པད་ཉིར་བདུད་བཞི་མནན། །མེ་དཔུང་ཀློང་ན་འགྱིངས་བར་བསྒོམ། །ཞེས་པའི་བདག་བསྐྱེད་ལེའུ་བདུན་ཀུན་ལ་འགྲེས། །རང་གི་སྤྱི་བོར་པདྨ་དཀར་དམར་མཐིང་། །དཀར་པོའི་སྟེང་དུ་སྤྲུལ་སྐུ་པདྨ་འབྱུང་། །པད་ཞྭ་ཆོས་གོས་ཟ་ འོག་བེར་ཕྱམ་ཅན། །མཚན་དཔེའི་རབ་རྒྱས་སྤྲུལ་སྐུའི་ཆ་ལུགས་རྫོགས། །དེ་སྟེང་པདྨ་དམར་པོའི་གདན་གྱི་སྟེང་། །བླ་མ་ལོངས་སྤྱོད་རྫོགས་སྐུ་ཚེ་དཔག་མེད། །དམར་པོ་མཉམ་བཞག་ཚེ་བུམ་ཡུམ་དང་འཁྲིལ། །དར་དང་རིན་ཆེན་རྒྱན་ལྡན་ལོངས་སྐུའི་ཆས། །དེ་ཡི་དབུ་གཙུག་པདྨ་སྔོན་པོའི་སྟེང་། །བླ་མ་ཆོས་སྐུ་གསང་འདུས་རྡོ་རྗེ་འཆང་། །མཐིང་ནག་སྤྱན་གསུམ་རྡོ་རྗེ་དྲིལ་བུ་འཛིན། །རིགས་ལྔས་དབུ་བརྒྱན་རུས་པའི་རྒྱན་དྲུག་གསོལ། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད། །སྤྲུལ་སྐུའི་ཕྱི་རིམ་པདྨ་འདབ་དྲུག་སྟེང་། །ནམ་ མཁའི་སྙིང་པོ་ཁྲི་སྲོང་ལྡེའུ་བཙན་དང་། །མཚོ་རྒྱལ་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། །མུ་ཁྲི་བཙན་པོ་རིག་འཛིན་རྒོད་ལྡེམ་ཅན། །དྲུག་པོ་རྒྱན་དང་ཆ་ལུགས་གསལ་བར་གྱུར། །གཙོ་བོ་གསུམ་པོའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་འོག་མིན་བདེ་ཆེན་རྔ་ཡབ་ནས། །བླ་མ་སྐུ་གསུམ་འཁོར་བཅས་སྤྱན་དྲངས་ཐིམ། །ཨེ་མ་ཧོ༔ སྤོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞེས་སོགས་ནས། །བརྒྱུད་རིམ་གསོལ་འདེབས་མཐར་ཅེས་བསྙེན་པ་བསྒྲུང་། །སྤྱི་བོའི་བླ་མ་སྐུ་གསུམ་གསང་གསུམ་ལས། །བྱིན་རླབས་ཐིག་ལེ་དཀར་དམར་མཐིང་གསུམ་འཕྲོས། །བདག་གི་གནས་གསུམ་ཐིམ་པས་བྱིན་རླབས་ཞུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར། །སྐུ་གསུམ་འོད་ཞུ་རང་ལ་དབྱེར་མེད་ཐིམ། །དེ་ནས་མ་བཅོས་སེམས་ཀྱི་རང་ཞལ་ལྟ། །ངོ་བོ་སྟོང་པ་བླ་མ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་བླ་མ་ལོངས་སྤྱོད་རྫོགས། །སྣ་ཚོགས་འགགས་མེད་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རང་ལ་རྙེད
【漢語翻譯】 七品祈願次第唸誦利益。 七品祈願次第唸誦利益。 七品祈願次第唸誦利益安住。 那摩 咕嚕 悉地 吽 (藏文,梵文天城體:नमः गुरु सिद्घि हुं,梵文羅馬擬音:namaḥ guru siddhi huṃ,漢語字面意思:頂禮 上師 成就 吽)。 頂禮鄔金尊者。 其之修法雖無邊,然外之修法祈請類,名為七品者,明示次第唸誦而宣說。 自己馬頭明王金剛亥母父母身,紅色持鉞刀顱血,頂髻馬首豬面,身著八種尸林裝,雙足蓮日壓四魔,觀想於火焰中傲然挺立。 如是自身生起,遍及一切七品。 自己頂上,蓮花白紅藍,白色之上,化身蓮花生,蓮師帽法衣錦緞披單,具足相好圓滿化身之裝束。 其上,紅色蓮花座之上,上師報身無量壽佛,紅色雙運持壽瓶與明妃相擁,具足絲綢珍寶莊嚴報身之裝束。 其之頂髻,藍色蓮花之上,上師法身秘密集會金剛持,藍黑色三目持金剛鈴,五部為頂飾,身著六種骨飾,明妃白海螺持鉞刀顱器而擁抱。 化身之外圍,蓮花六瓣之上,虛空藏 墀松德贊(742-798),明妃 囊南多吉杜炯,木赤贊普,持明 郭登,六者皆顯現莊嚴與裝束。 三尊之三處三字,放光自鄔金大樂剎土,迎請上師三身及眷屬融入。 唉瑪吙! 香薰離戲法界性等,至傳承祈請末尾,如是增長唸誦。 頂上上師三身三密,降臨加持明點白紅藍三色,融入自己三處,加持入身,獲得身語意之成就。 三身化光融入自身無別。 之後觀見無造作之心性本面。 本體空性上師法身,自性光明上師報身,種種無礙上師化身,自身獲得三身。
【英語翻譯】 The Benefit of Reciting the Seven-Chapter Prayer’s Visualization Sequence. The Benefit of Reciting the Seven-Chapter Prayer’s Visualization Sequence. The Benefit of Reciting the Seven-Chapter Prayer’s Visualization Sequence is herein contained. Namo Guru Siddhi Hum. I prostrate to the Lord of Orgyen. Although his methods of accomplishment are limitless, here I will speak clearly about the visualization sequence for reciting the supplication section of the outer method of accomplishment, called the “Seven-Chapter Prayer.” Visualize yourself as the deity Hayagriva-Vajravarahi, father and mother. Red in color, holding a curved knife and skull cup filled with blood. With a horse’s head and a sow’s face on the crown of your head. Adorned with the eight charnel ground ornaments. Your two feet press down on the four maras on a lotus and sun disc. Visualize yourself standing majestically in the midst of a blaze of fire. Thus, the self-generation is applied to all seven chapters. On the crown of your head, visualize a white, red, and blue lotus. On top of the white one, the Nirmanakaya Padmasambhava. Wearing a lotus hat, Dharma robes, and a brocade cloak. Complete with the characteristics and signs, fully adorned in the attire of a Nirmanakaya. Above that, on a red lotus seat, the Sambhogakaya Guru Amitayus. Red in color, in meditative equipoise, holding a vase of longevity, embracing his consort. Adorned with silk and precious jewels, in the attire of a Sambhogakaya. On the crown of that, on a blue lotus, the Dharmakaya Guru Guhyasamaja Vajradhara. Dark blue, with three eyes, holding a vajra and bell. His head is adorned with the five families, wearing the six bone ornaments. Embraced by the white consort Mandarava, holding a curved knife and skull cup. On the outer petals of the Nirmanakaya, on six lotus petals, are Namkhai Nyingpo, Trisong Detsen (742-798), Tso Gyal, Nanam Dorje Dudjom, Mu Khri Tsenpo, and the Vidyadhara Gödem. All six are clear in their ornaments and attire. From the three places of the three main figures, rays of light emanate from the Akanishta Pure Land of Great Bliss, inviting the Guru’s three kayas and retinue to dissolve into you. Emaho! From “The essence of Dharma, free from the scent of incense,” etc., to the end of the lineage supplication, thus increase the recitation. From the three kayas and three secrets of the Guru on your crown, the blessings of white, red, and blue bindus emanate. By dissolving into your three places, blessings enter you, and you attain the siddhis of body, speech, and mind. The three kayas dissolve into light, merging with you without separation. Then, look at the natural face of your unconditioned mind. Its essence is emptiness, the Guru Dharmakaya. Its nature is clarity, the Guru Sambhogakaya. Its variety is unobstructed, the Guru Nirmanakaya. You find the three kayas within yourself.
============================================================
================== 第 2 段 ================== 【原始藏文】 ་པས་བཟླས་པ་འགྲུབ། །ལེའུ་དང་པོའི་དམིགས་རིམ་སྦི་རྒྱ། ༈ །།སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །ཨོ་རྒྱན་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ། །སྐུ་ཚད་རི་རྒྱལ་ལྟ་བུར་གཟི་བརྗིད་འབར། །ཐུགས་དབུས་ཀུན་ བཟང་རིགས་ལྔ་ཞི་བའི་ལྷ། །མགྲིན་པར་པདྨ་གར་དབང་རིག་འཛིན་ཚོགས། །དུང་ཁང་ཆེ་མཆོག་ཁྲག་འཐུང་ལྔ་བཅུ་བརྒྱད། །སྤྱི་གཙུག་ཚངས་བུག་ཚེ་དཔག་ཚེ་ཡི་ལྷ། །དཔྲལ་བར་འཇམ་དཔལ་གཤིན་རྗེ་སྐུ་ཡི་ལྷ། །མགྲིན་པར་དབང་ཆེན་རྟ་མགྲིན་གསུང་གི་ལྷ། །ཐུགས་ཀར་ཡང་དག་བཛྲ་ཐུགས་ཀྱི་ལྷ། །ལྟེ་བར་རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ། །གསང་བར་བླ་མེད་མ་མོ་རྦོད་གཏོང་ལྷ། །པུས་མོ་གཡས་སུ་འཇིག་རྟེན་མཆོད་བསྟོད་ལྷ། །པུས་མོ་གཡོན་དུ་དམོད་པ་དྲག་སྔགས་ལྷ། །སྲོག་རྩར་ཤཱཀ་ཐུབ་ཉན་ཐོས་འཁོར་དང་བཅས། །དེ་སོགས་རྩ་གནས་དྲུག་ལ་ཐུབ་པ་དྲུག །ལྟེ་འོག་སོར་བཞིར་ཕག་མོའི་དཀྱིལ་འཁོར་ལྷ། །སྐུ་ཡི་རྩ་གནས་ཉི་ཤུ་རྩ་བཞི་ན། །ཡུལ་ལྟཆེན་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ། །སྐུ་ཡི་བ་སྤུ་བྱེ་བ་ས་ཡ་ལ། །དཔའ་བོ་མཁའ་འགྲོ་བྱེ་བ་ས་ཡ་སྟེ། །སྐུ་ལ་སངས་རྒྱས་ཀུན་གྱི་བཀོད་པ་རྫོགས། །ཐམས་ཅད་ཆུ་ནང་ཟླ་བ་ལྟ་བུར་གསལ། །དེ་ལྟར་བསྒོམ་སྟེ། ཨེ་མ་ཧོ༔ སངས་རྒྱས་བསྟན་པ་རྨད་བྱུང་སོགས༔ ལེའུ་གཉིས་པའི་གསོལ་འདེབས་སྙིང་པོ་བསྒྲུང་། །ལྷ་ཚོགས་ཀུན་གྱི་སྐུ་ལས་བདུད་རྩི་ བབས། །གུ་རུའི་སྐུ་གང་བདུད་རྩིའི་ཆར་རྒྱུན་བབས། །ཚངས་བུག་ནས་ཞུགས་རང་ལུས་ལྡེམས་སེ་གང་། །སྒོ་གསུམ་སྒྲིབ་དག་གསང་བའི་དབང་བཞི་ཐོབ། །ཨོ་རྒྱན་འོད་དུ་ཞུ་ནས་རང་ལ་ཐིམ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཐོབ་པར་གྱུར། །ལེའུ་གཉིས་པའི་དམིགས་རིམ་སྤྱི་རྒྱ། །རང་མདུན་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་། །སྒོ་གྲུ་རྟ་བབས་མཚན་ཉིད་ཡོངས་སུ་རྫོགས། །དབུས་སུ་རིན་ཆེན་ཟུར་བརྒྱད་པད་ཟླའི་སྟེང་། །དཔལ་ཆེན་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །སྤྲུལ་སྐུའི་ཆ་ལུགས་འོད་དང་གཟི་བརྗིད་འབར། །ཕྱོགས་མཚམས་པདྨ་ཏི་ར་ཉི་ཟླའི་སྟེང་། །སྒྲུབ་ཆེན་བཀའ་བརྒྱད་ཁྲག་འཐུང་གཙོ་བོ་བརྒྱད། །དེ་རྒྱབ་པད་འདབ་བཞི་ཡི་གདན་སྟེང་དུ། །རིག་འཛིན་གིང་དང་མཁའ་འགྲོ་སྡེ་བཞིའི་ཚོགས། །ཐམས་ཅད་མ་ལུས་དུར་ཁྲོད་རྒྱན་དང་ལྡན། །སྒོ་བཞིར་རྒྱལ་ཆེན་སྡེ་བཞི་འཁོར་བཅས་གསལ། །དེ་ལྟར་བསྒོམ་ཞིང་། ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་སོགས། །ལེའུ་གསུམ་པའི་གསོལ་འདེ
【漢語翻譯】 唸誦此(咒語)成就。第一品之觀修次第。 ༈ 頂上蓮花日月座,鄔金化身蓮花顱鬘力,身量如須彌山般光輝熾盛,心間普賢五部寂靜尊,喉間蓮花舞自在持明眾,大樂室勝樂金剛五十八尊,頂門梵穴長壽持明尊,額間文殊閻魔身之尊,喉間大自在馬頭明王語之尊,心間揚達黑汝嘎意之尊,臍間金剛童子普巴之尊,密處無上瑪姆降伏尊,右膝世間供贊尊,左膝詛咒猛咒尊,命脈釋迦能仁聲聞眷屬俱,如是六處本尊六能仁,臍下四指金剛亥母壇城尊,身之脈處二十四處,二十四境大瑜伽士瑜伽母,身之毛孔億萬數,勇士空行億萬數,身具諸佛之莊嚴,一切如水中月般顯現。如是觀想: ཨེ་མ་ཧོ༔ (藏文) ཨེ་མ་ཧོ༔ (梵文天城體) Emaho(梵文羅馬擬音) 唉瑪火! 佛法稀有等。第二品之祈請心要略述。 諸佛尊身降甘露,咕嚕身充滿甘露雨,從梵穴入自身盈滿,三門罪障清凈得四灌頂,鄔金化光融入自身,勝共悉地如意獲得。第二品之觀修次第。 自前孔雀翎洲羅剎境,吉祥蓮花光之宮殿,門柱馬階諸相圓滿具足,中央珍寶八瓣蓮月之上,大吉祥勝樂蓮花顱鬘力,化身裝束光輝熾盛,四隅蓮花迪惹日月之上,成就八大飲血主尊,其後蓮花四瓣座墊上,持明緊那羅空行四部眾,一切無餘具足尸林之裝,四門四大天王眷屬俱顯現。如是觀想: ཨེ་མ་ཧོ༔ (藏文) ཨེ་མ་ཧོ༔ (梵文天城體) Emaho(梵文羅馬擬音) 唉瑪火! 此處日落西南隅等。第三品之祈請。
【英語翻譯】 Reciting this (mantra) accomplishes. The visualization sequence of the first chapter. ༈ On the lotus and moon seat on the crown of the head, Orgyen incarnate Padma Thötreng Tsal, His body is as majestic as Mount Sumeru, blazing with glory. In the heart center, the peaceful deities of the five Buddha families of Kunsang. In the throat, the assembly of vidyadharas, lords of the lotus dance. In the great pleasure chamber, the fifty-eight Herukas of Chakrasamvara. In the fontanel at the crown of the head, the deity of longevity, Tsepakme. On the forehead, Manjushri Yamantaka, the deity of body. In the throat, the powerful Hayagriva, the deity of speech. In the heart, Yangdak Heruka, the deity of mind. In the navel, Vajrakilaya, the deity of phurba. In the secret place, the supreme Mamo Bödong deity. On the right knee, the deity of worldly offerings and praise. On the left knee, the deity of curses and fierce mantras. In the life vein, Shakyamuni Buddha with his shravaka retinue. Thus, the six Buddhas in the six root places. Four fingers below the navel, the mandala deity of Vajravarahi. In the twenty-four root places of the body, The heroes and yoginis of the twenty-four great lands. On the billions of hairs of the body, There are billions of heroes and dakinis. The body is complete with the arrangement of all Buddhas. Everything is clear like the moon in water. Thus, contemplate: EMAHO! Buddha’s teachings are wonderful, etc. A brief description of the essential prayer of the second chapter. Nectar descends from the bodies of all the deities. The guru’s body is filled with a rain of nectar. Entering from the fontanel, the body is filled to the brim. The three doors are purified of obscurations, and the four empowerments are obtained. Orgyen dissolves into light and merges into oneself. Supreme and common siddhis are obtained as desired. The visualization sequence of the second chapter. In front of oneself, the Rakshasa realm of Ngayab Ling Island. The glorious palace of Padma Light Mountain. The doorposts and horse steps are complete with all characteristics. In the center, on the precious eight-petaled lotus and moon, The great glorious Chemchok Padma Thötreng Tsal. The incarnate’s attire blazes with light and glory. On the lotus and tira sun and moon in the cardinal directions, The eight great accomplished Heruka chief deities. Behind them, on the four-petaled lotus seats, The assembly of vidyadharas, ging, and the four classes of dakinis. All without exception are adorned with charnel ground ornaments. At the four doors, the four great kings are clearly visible with their retinues. Thus, contemplate: EMAHO! From here, the southwest corner of the sun, etc. The prayer of the third chapter.
============================================================
================== 第 3 段 ================== 【原始藏文】 བས་སྙིང་པོ་བསྒྲུང་། །གསོལ་བ་བཏབ་པས་ལྷ་ཚོགས་དེ་དག་གི་ དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གནས་བཞི་ནས། །འོད་ཟེར་དཀར་དམར་མཐིང་དང་ལྗང་གུའི་ཚོགས། །སྐར་མདའ་ཆད་བཞིན་རང་གི་གནས་བཞིར་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར། །ལེའུ་གསུམ་པའི་དམིགས་རིམ་སྦི་རྒྱ། །རང་གི་སྤྱི་བོར་པད་གདན་སུམ་བརྩེགས་སྟེང་། །སྟེང་མ་ཀུན་བཟང་ཡབ་ཡུམ་མཐིང་༡ག་སྟེ། །དེ་མཐར་རྒྱལ་བ་རིགས་ལྔ་རྡོ་རྗེ་འཆང་། །རྒྱལ་བ་དགོངས་བརྒྱུད་སངས་རྒྱས་ཀུན་གྱིས་བསྐོར། །དེ་འོག་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །དགའ་རབ་ཤྲཱི་སེང་རྒྱ་གར་རིག་འཛིན་བརྒྱད། །རིག་འཛིན་བརྡའ་བརྒྱུད་བླ་མ་ཀུན་གྱིས་བསྐོར། །དེ་འོག་སྤྲུལ་སྐུ་པདྨ་འབྱུང་གནས་ལ། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། །གང་ཟག་སྙན་བརྒྱུད་བླ་མ་ཀུན་གྱིས་བསྐོར། །ཀུན་ཀྱང་འཇའ་འོད་ཐིག་ལེ་ཐིག་ཕྲན་འཁྲུགས། །ནམ་མཁའི་ཁམས་རྣམས་ཡོངས་སུ་གང་བར་གྱུར། །དེ་ལྟར་བསྒོམ་ཞིང་། ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་རྒྱལ་བ་སོགས། །ལེའུ་བཞི་པའི་གསོལ་འདེབས་སྙིང་པོ་བསྒྲུང་། །ལྷ་ཚོགས་ཐམས་ཅད་ཨོ་རྒྱན་ཉིད་ལ་ཐིམ། །ཨོ་རྒྱན་འོད་ཞུ་རང་ལ་ཐིམ་པ་ཡིས། །རང་གི་ སེམས་ཉིད་ཆོས་སྐུ་རྗེན་པར་གྱུར། །ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པར་གྱུར། །ལེའུ་བཞི་པའི་དམིགས་རིམ་སྤྱི་རྒྱ། །རང་གི་སྤྱི་བོར་པདྨའི་སྡོང་པོ་ནི། །དབུས་དང་འདབ་བརྒྱད་སྟེང་དུ་ཟླ་གདན་རེ། །དབུས་སུ་ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན། །འདབ་མ་བརྒྱད་ལ་གུ་རུ་མཚན་བརྒྱད་གསལ། །རྔ་ཡབ་གླིང་ནས་སྤྱན་དྲངས་གཉིས་མེད་ཐིམ། །ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སོགས། ལེའུ་ལྔ་པའི་གསོལ་འདེབས་སྙིང་པོ་བསྒྲུང་། །མཚན་བརྒྱད་འོད་ཞུ་ཨོ་རྒྱན་ཉིད་ལ་ཐིམ། །ཨོ་རྒྱན་འོད་ཞུ་རང་ལ་ཐིམ་པ་ཡིས། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར། །ལེའུ་ལྔ་པའི་དམིགས་རིམ་སྤྱི་རྒྱ། །།རང་ཉིད་ཡི་དམ་རྟ་ཕག་ཡབ་ཡུམ་གྱི། །སྐུ་རྒྱབ་གཏད་པའི་པད་སྡོང་ཆེན་པོའི་རྩེར། །ཨོ་རྒྱན་ཆེན་པོ་སྤྲུལ་སྐུའི་ཆ་ལུགས་ཅན། །ཁྲོ་འཛུམ་སྤྱན་གཉིས་ནམ་མཁའི་མཐོངས་ལ་གཟིགས། །འོད་འཕྲོས་རྔ་ཡབ་གླིང་ནས་སྤྱན་དྲངས་བསྟིམ། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སོགས། །ལེའུ་དྲུག་པའི་གསོལ་འདེབས་སྙིང་པོ་བསྒྲུང་། །ཨོ་རྒྱན་སྐུ་ལུས་ཆུང་ངུ་ཞིག་ཏུ་གྱུར། །རང་གི་ཚངས་བུག་ནས་ཞུགས་སྙིང་གར་ བྱོན། །རང་སྙིང་པདྨ་དམར་པོ་འདབ་བརྒྱད་པ།
【漢語翻譯】 講述精要。祈請后,諸位本尊的 額、喉、心、臍四處。白色、紅色、藍色和綠色的光芒。 如流星般融入自己的四處。獲得灌頂、加持和成就。第三品之觀修次第,秘密。 在自己的頭頂,三層蓮花座之上。最上方是普賢父母,深藍色。其周圍是五部佛和金剛持。 諸佛的意傳傳承,由諸佛圍繞。其下是導師金剛薩埵。 噶饒多杰、西日桑哈、八大印度持明。持明表示傳承的上師們圍繞。 其下是化身蓮花生。二十五君臣、一百零八伏藏師。 補特伽羅耳傳傳承的上師們圍繞。一切都虹光、光點、細點交織。 虛空界完全充滿。如此觀修。 唉瑪火!離戲大樂諸佛等。第四品之祈請精要講述。 所有本尊都融入鄔金。鄔金化光融入自己。 自己的心性成為赤裸的法身。獲得大手印之殊勝成就。第四品之觀修次第,公開。 在自己的頭頂,蓮花莖。 中央和八瓣之上,各自有月墊。中央是鄔金化身相。 八瓣上顯現蓮師八名號。從銅色吉祥山迎請,二無別融入。 唉瑪火!西南銅色吉祥山小洲等。第五品之祈請精要講述。 八名號化光融入鄔金。鄔金化光融入自己。 獲得灌頂、加持和成就。第五品之觀修次第,公開。 自己是本尊馬頭明王和金剛亥母父母。 背靠的大蓮花莖頂端。鄔金大士化身相。 忿怒微笑雙眼凝視虛空。光芒四射,從銅色吉祥山迎請融入。 唉瑪火!西方極樂世界等。第六品之祈請精要講述。 鄔金身軀變成小小的。 從自己的梵穴進入,來到心間。 自己的紅蓮花八瓣。
【英語翻譯】 The essence is narrated. By praying, from the four places of the deities, forehead, throat, heart, and navel. Groups of white, red, blue, and green light. Like shooting stars, they dissolve into one’s own four places. May one obtain empowerment, blessings, and accomplishments. The visualization sequence of the third chapter, secret. On one’s own crown, above a triple-layered lotus seat. On the top is Samantabhadra and Samantabhadri, dark blue. Around them are the five victorious ones and Vajradhara. The victorious ones’ mind lineage, surrounded by all the Buddhas. Below that is the teacher Vajrasattva. Garab Dorje, Shri Singha, the eight Indian vidyadharas. The vidyadhara symbolic lineage, surrounded by all the lamas. Below that is the emanation Padmasambhava. The twenty-five disciples, the one hundred and eight treasure revealers. The personal oral lineage, surrounded by all the lamas. Everything is a mix of rainbows, light spots, and tiny dots. The realms of space are completely filled. Meditating like that. Emaho! The victorious ones of uncontrived great bliss, etc. The essence of the fourth chapter’s supplication is narrated. All the deities dissolve into Orgyen himself. Orgyen dissolves into light, dissolving into oneself. One’s own mind becomes the naked dharmakaya. May one obtain the supreme accomplishment of Mahamudra. The visualization sequence of the fourth chapter, public. On one’s own crown is a lotus stem. In the center and on the eight petals, each has a moon cushion. In the center is Orgyen in the form of an emanation body. On the eight petals, the eight names of Guru are clear. Inviting from Ngayab Ling, dissolving inseparably. Emaho! Southwest Ngayab Ling small island, etc. The essence of the fifth chapter’s supplication is narrated. The eight names dissolve into light, dissolving into Orgyen himself. Orgyen dissolves into light, dissolving into oneself. May one obtain empowerment, blessings, and accomplishments. The visualization sequence of the fifth chapter, public. One is the yidam Hayagriva and Vajravarahi, father and mother. At the top of the great lotus stem behind one’s back. The great Orgyen in the form of an emanation body. With a wrathful smile, the two eyes gaze at the expanse of the sky. Light radiates, inviting and dissolving from Ngayab Ling. Emaho! The western Sukhavati pure land, etc. The essence of the sixth chapter’s supplication is narrated. Orgyen’s body becomes tiny. Entering from one’s own Brahma aperture, coming to the heart. One’s own red lotus with eight petals.
============================================================
================== 第 4 段 ================== 【原始藏文】 །ཅུང་ཟད་ཁ་བྱེའི་ནང་དུ་བཞུགས་པར་གྱུར། །ལེའུ་དྲུག་པའི་དམིགས་རིམ་སྤྱི་རྒྱ། །ང་ཡི་རྗེས་འཇུག་འཁོར་བ་སྤང་འདོད་སོགས། །མདུན་གྱི་ནམ་མཁར་ཨོ་རྒྱན་སྤྲུལ་པའི་སྐུ། །ཕྱག་གཡོན་མཉམ་བཞག་བྷནྡྷ་ཚེ་བུམ་འཛིན། །ཕྱག་གཡས་རྡོ་རྗེ་དང་བཅས་སྐྱབས་སྦྱིན་མཛད། །སྐྱབས་སྦྱིན་འོག་ཏུ་བདག་དང་བསྲུང་བྱ་ཚུད། །འཇིགས་དང་གནོད་པ་ཀུན་ལས་ཐུགས་རྗེའི་སྐྱོབ། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སོགས། །བསམ་པ་ལྷུན་གྲུབ་མ་ཡི་གསོལ་འདེབས་བྱ། །དེ་ནི་སྤྱི་ཁྱབ་འཇིགས་པ་ཀུན་སེལ་ཡིན། །ཁྱད་པར་ནད་ཀྱི་འཇིགས་པས་ཉན་པ་ན། །རང་ངམ་ནད་པའི་སྤྱི་བོར་ཨོ་རྒྱན་གྱི། །ཆ་ལུགས་སངས་རྒྱས་སྨན་བླའི་སྐུ་རུ་བསྒོམ། །ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་ནས། །ཚ་བའི་ནད་ལ་ག་པུར་བསིལ་བའི་ཆུ། །ཚངས་བུག་ནས་ཞུགས་ལུས་ཀུན་དག་པར་བསྒོམ། །གྲང་བའི་ནད་ལ་ཁྲོ་ཆུ་ཁོལ་མའི་རྒྱུན། །བབས་པས་ནད་ཀུན་བྱ་སྒྲོ་མེར་བསྲེགས་བསྒོམ། །རླུང་གི་ནད་ལ་འབྲི་མར་བཞུས་འདྲའི་རྒྱུན། །ལུས་ཀུན་ཀོ་ཀམ་ སྣུམ་གྱིས་བརླན་པ་བཞིན། །འདུས་པའི་ནད་ལ་བདུད་རྩི་ཁ་དོག་ལྔ། །བབས་པས་ལུས་གང་འབྱུང་བ་ཁོད་སྙོམ་བསྒོམ། །འཆི་བར་ཉེ་ཚེ་སྤྱི་གཙུག་པད་ཟླའི་སྟེང་། །ཨོ་རྒྱན་ཆོས་སྐུ་སྣང་བ་མཐའ་ཡས་བསྒོམ། །རང་ལུས་དབུས་སུ་ཨ་ཝ་དྷཱུ་ཏཱིའི་རྩ། །མར་སྣེ་ལྟེ་འོག་ཕུག་རྡུགས་སྙུག་ཚིགས་བཞིན། །ཡར་སྣེ་ཚངས་བུག་ཧད་པོར་སྐར་ཁུང་བཞིན། །སྙིང་ཁར་རང་གི་རླུང་སེམས་རྣམ་ཤེས་ནི། །ཐིག་ལེ་དཀར་དམར་མདངས་ལྡན་འཕར་ལ་ཁད། །སྐར་མདའ་ཆད་བཞིན་ཚངས་པའི་བུ་ག་ནས། །ཨོ་རྒྱན་སྣང་མཐའི་ཐུགས་ཀར་ཡང་ཡང་བསྟིམ། །དབུགས་ཆད་བར་དུ་དེ་ཉིད་བསྒོམས་པས་འཐུས། །ཆུ་དང་གཡང་ས་དགྲ་རྐུན་གཅན་གཟན་སོགས། །འཇིགས་པ་ཡོད་སར་འགྲོ་ཚེ་ནམ་མཁའ་ལ། །ཨོ་རྒྱན་སྐྱབས་སྦྱིན་མཛད་པ་སྒོམ་བཞིན་དུ། །བསམ་པ་ལྷུན་གྲུབ་མ་ཉིད་འདོན་པས་འཐུས། །ལེའུ་བདུན་པའི་དམིགས་རིམ་སྤྱི་རྒྱ། །དེ་ལྟར་ལེའུ་བདུན་མའི་གསོལ་འདེབས་ཀྱི་ཟིན་བྲིས་ལས་ཁོལ་དུ་ཕྱུང་བའོ། །རཱ་ག་ཨ་སྱས་ལྕགས་ཕོ་བྱི་བའི་ལོར་བདག་གི་རྒྱུན་འདོན་བྱ་ཕྱིར་བྲིས་པའོ། །སརྦ་མངྒ་ལཾ།། །། ལེའུ་བདུན་མའི་དམིགས་རིམ་འདོན་ཆར་ཕན་པ།
【漢語翻譯】 稍微安住在開闊處。第六品之觀修次第總綱。我的隨行想要捨棄輪迴等。前方虛空中鄔金化身之身。左手等持持著班扎長壽寶瓶。右手持金剛並作施無畏印。施無畏印下我與所守護者皆包含。從一切怖畏與損害中以慈悲救護。唉瑪火!西方極樂世界等。作意成就母之祈請。那是普遍遣除一切怖畏。特別是被疾病的怖畏所逼迫時。自己或病人的頭頂上,觀想鄔金的。裝束為佛陀藥師佛之身。左手從甘露藥之缽中。對於熱病,觀想從梵穴進入樟腦清涼之水,身體全部清凈。對於寒病,觀想沸騰的熱水流。降下,疾病如鳥毛被火焚燒般觀想。對於風病,觀想如融化的酥油般的流。身體全部如塗滿古香油般。對於混合病,觀想五種顏色的甘露。降下,身體充滿,諸元素平衡觀想。臨近死亡時,于頭頂蓮月之上。觀想鄔金法身無量光。自身中央有阿瓦都帝脈。下端如竹節般在臍下收縮。上端如梵穴般如哈達波爾星孔般。於心間,自己的氣、心、明識。如具有光彩的紅白明點,跳動著。如流星般從梵天之孔中。一次又一次融入鄔金無量光的心間。直到斷氣為止,僅僅觀修此即可。水、懸崖、敵人、盜賊、野獸等。前往有怖畏之處時,于虛空中。觀想鄔金作施無畏印,同時。唸誦作意成就母即可。第七品之觀修次第總綱。如是,從七品祈請文的筆記中摘錄而出。Ra Ga A Sya于鐵陽鼠年(1900年)爲了自己經常唸誦而書寫。薩瓦芒嘎拉姆! 七品之觀修次第有益於唸誦。
【英語翻譯】 May you dwell in a slightly open space. General outline of the visualization sequence for chapter six. My followers, desiring to abandon samsara, etc. In the sky in front, the emanation body of Orgyen. The left hand in equipoise holds a bhumda (skullcup) and a vase of longevity. The right hand, with a vajra, makes the gesture of refuge. Under the gesture of refuge, I and those to be protected are included. From all fears and harms, protect with compassion. Emaho! The pure land of Sukhavati in the west, etc. Recite the prayer of the Mother of Spontaneous Fulfillment. This is a general dispeller of all fears. Especially when afflicted by the fear of illness. On the crown of one’s own or the patient’s head, visualize Orgyen. In the form of the Buddha Medicine Guru. From the nectar medicine bowl in the left hand. For hot diseases, camphor-cooled water. Visualize entering from the fontanelle and purifying the entire body. For cold diseases, a stream of boiling hot water. Visualize descending, burning away all diseases like a feather in fire. For wind diseases, a stream like melted butter. The whole body is like being moistened with kokum oil. For combined diseases, nectar of five colors. Visualize descending, filling the body and balancing the elements. When nearing death, on a lotus and moon seat on the crown of the head. Visualize Orgyen Dharmakaya Amitabha. In the center of one’s own body, the Avadhuti channel. The lower end is contracted below the navel like a bamboo node. The upper end is like a fontanelle, like a star window in Hadapol. In the heart, one’s own prana, mind, and consciousness. Like a radiant white and red bindu, about to pulsate. Like a shooting star, from the Brahma’s aperture. Again and again, dissolve into the heart of Orgyen Amitabha. Until the breath ceases, it is sufficient to meditate on this alone. Water, cliffs, enemies, thieves, wild animals, etc. When going to a place where there is fear, in the sky. While visualizing Orgyen making the gesture of refuge. It is sufficient to recite the Mother of Spontaneous Fulfillment. General outline of the visualization sequence for chapter seven. Thus, this was extracted from the notes of the seven-chapter prayer. Ra Ga A Sya wrote this in the Iron Male Mouse year (1900) for his own regular recitation. Sarva Mangalam! The visualization sequence of the seven chapters is beneficial for recitation.
============================================================
同部經論
與本文同名或相近的其他版本、科判、譯文與註疏。