菩薩藏佛教學會
20
背景
翻譯

CMR016_0054.根脈占卜修法念誦儀軌合集.顯明覺知幻化之鏡g2.0f

================== 第 1 段 ================== 【原始藏文】 རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་། རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་། རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།། ན་མོ་བྷེ་ཥ་ཛུ་ཡ། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །དུས་གསུམ་མ་བསྒྲིབས་ས་ལེར་མཁྱེན། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དུ་རུ་ཀ་ལ་སྡེ་ལྔ་འབྱུང་། །དེ་ལ་ནད་ཀྱི་དུ་རུ་ཀ །རྒྱུད་གཞུང་ནང་ནས་མ་བཤད་པའི། །ནད་རིགས་རྣམ་པ་དུ་མ་འབྱུང་། །ནད་རྟགས་ཚ་གྲང་གོ་ལོག་སྟོན། །དེ་ཕྱིར་སྨན་རྣམས་དུག་ཏུ་འགྲོ། །ནད་ཡམས་སྣ་ཚོགས་རླུང་ལྟར་འཚུབ། །ལོ་རེ་ནད་རིགས་རེ་རེ་དར། །ནད་ངོས་མི་ཟིན་སྨན་དཔྱད་རྡུགས། །དེ་དུས་རྩ་པྲའི་མངོན་ཤེས་འདི། །སེམས་ཅན་ཀུན་ལ་ཕན་དགོངས་ནས། །རྒྱལ་པོ་ཁྲི་སྲོང་ཉིད་ལ་གནང་། །ལྡན་མ་རྩེ་མང་ཡི་གེར་བཏབ། །བསེ་སྒྲོམ་སྨུག་པོའི་ནང་དུ་བཅུག །རྒྱལ་པོའི་ཕྱག་དཔེ་གཏེར་དུ་སྦས། །མ་འོངས་འགྲོ་དོན་སྨོན་ལམ་བཏབ། །ལས་ཅན་རིག་འཛིན་ཉིད་ ཀྱིས་བཏོན། །རྩ་པྲ་ཆུ་ཕྲའི་རིགས་མང་ཡང་། །ལ་ལ་རྫས་དང་དམ་ཚིག་དཀའ། །ལ་ལ་བསྒྲུབ་བྱ་མཐུན་རྐྱེན་དཀའ། །ལ་ལ་སྒྲུབ་གཉུག་སྔགས་གྲངས་མང་། །འཇིག་རྟེན་ལྷ་ཡི་རྩ་ཕྲ་མང་། །ཕྱི་མ་མི་ཕན་དགོས་པ་ཆུང་། །འདི་ནི་སྨན་བླའི་རྩ་པྲ་སྟེ། །ཕྱི་མ་ངན་སོང་སྐྱེ་སྒོ་གཅོད། །བསྒྲུབ་སླ་ལག་ལེན་བདེ་བ་ཡིན། །འདི་ཉིད་ཉམས་སུ་ལེན་འདོད་ན། །དང་པོ་སྨན་བླའི་རྗེས་གནང་ཞུ། །མཛེ་ཡུགས་དམ་ཉམས་གོས་མི་བསྲེ། །གྲིབ་རྣམས་ཀུན་ལ་ཤིན་ཏུ་འཛེམས། །ཁྱད་པར་མཛེ་ཡུགས་ཉལ་པོ་སྤང་། །མཛེ་ཕོ་ལ་ནི་རྩ་མི་བལྟ། །གལ་ཏེ་བལྟ་ན་རིས་ཀྱིས་ལྕིབ། །ཤ་རྗེན་ཆུ་བརྟག་ལག་མི་རེག །ཁྲུས་དང་གཙང་སྦྲ་ཅི་ནུས་འབད། །དེ་ནི་དམ་ཚིག་རིམ་པའོ། །སྒྲུབ་དུས་མིན་ཀྱང་རྒྱུན་དུ་བསྲུང་། །དུས་ནི་ཡར་ངོས་ ཚེས་བརྒྱད་དེ། །དེ་ནས་བསྙེན་སྒྲུབ་བྱ་ཚུལ་ནི། །རབ་ནི་རི་ཁ་གཙང་མའི་ས། །སྔོན་ཆད་མི་ཁྱི་མ་འགྲིམ་སར། །ནེའུ་སིང་མེ་ཏོག་རྒྱས་པའི་ནང་། །འབྲིང་དུ་གཙང་ཞིང་དབེན་པའི་ས། །ཐ་མ་རང་ཁྱིམ་དབེན་པའི་ས། །ཕྱགས་དར་ཆུ་ཆག་སྤོས་ཀྱིས་བྱུགས། །གདན་དང་གོས་དང་ཁྲུས་སྤོས་བདུག །ས་སྟེགས་གཙང་མ་ཟླུམ་པོར་བྱ། །དྲི་ཞིམ་ཙནྡན་ཆག་ཆག་གདབ། །རྡུལ་ཚོན་པདྨ་འདབ་བརྒྱད་བྲི།

【漢語翻譯】 根脈占卜修法念誦儀軌合集,顯明覺知幻化之鏡。

【英語翻譯】 Root Pulse Divination Practice with Recitation Rituals, A Clear Manifestation of Awareness, the Miraculous Mirror.

============================================================

================== 第 2 段 ================== 【原始藏文】 །ཡང་ན་ནས་ཀྱིས་བྲིས་ཀྱང་ཆོག །སྨན་ལྔ་དྲི་ལྔ་གུར་གུམ་རྣམས། །སྦྱར་བས་ཕྱོགས་བཞི་དབུས་ལྔ་རུ། །དྲི་བཟང་དེ་ཡི་རིལ་བུ་བཞག །ཡང་ན་བྱེ་མ་སྤུངས་པར་བྱ། །རིན་ཆེན་བུམ་པའི་ནང་དུ་ནི། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །དྲི་ལྔ་རིན་ཆེན་ལྔ་པོ་དང་། །ཆུ་མིག་ཤར་རྒྱུའི་ཆུ་དེ་ནས། །ཁྱེའུ་གཙང་མས་བླངས་པ་དང་། །འོ་མ་དང་བཅས་བུམ་པར་བླུགས། །དར་རས་དཀར་སྔོན་གཙང་མ་ཡིས། །མགུལ་ཆིངས་སུར་དཀར་ཁ་རྒྱན་བཙུགས། །རྨ་བྱ་ཀུ་ཤ་གཟུངས་ཐག་གི །རྡོ་རྗེ་ཡོད་ལེགས་མེད་ཀྱང་རུང་། །སྨན་བླའི་བྲིས་སྐུ་ཚོན་གང་པ། །རས་དཀར་བྲིས་རྒྱབ་བསྙེན་སྔགས་དང་། །རིག་འཛིན་སྨན་གྱི་སིདྷི་སྩོལ། །ཞེས་བྲི་བུམ་པའི་ཁ་རྒྱན་བཙུགས། །བསྙེན་སྒྲུབ་ལས་སྦྱོར་སྔགས་རྣམས་ནི། །གསེར་གྱིས་གཟར་བྲིས་དར་དཀར་དྲིལ། །དེ་ཡི་སྐུ་དང་མཉམ་དུ་བཞག །མཎྜལ་པད་འདབ་ཕྱི་རིམ་ལ། །ཏིང་བདུན་ནང་དུ་མཆོད་པ་བཤམ། །ཤར་དུ་ཆུ་གཙང་འོ་མ་ཅན། །ཤར་ལྷོར་ཆུ་གཙང་ལྷོར་མེ་ཏོག །ལྷོ་ནུབ་སྤོས་དང་ནུབ་མར་མེ། །ནུབ་བྱང་ སྤོས་ཆུའམ་ཇ་རྒོད་ཕུད། །བྱང་དུ་ལྷ་བཤོས་བྱང་ཤར་དུ། །ནས་སམ་ཡང་ན་ཏིང་ཤག་བཞག། །དུག་རིགས་སྤང་བའི་ཨ་རུ་སོགས། །སྨན་སྣ་ཁྲོབ་རྣམས་གཅལ་དུ་བཀྲམ། །དེ་རྒྱབ་སུར་དཀར་ར་བས་བསྐོར། །གཏོར་སྒམ་ནང་ངམ་ཁྲིའུ་སྟེང་། །སྨན་བླའི་གཏོར་མ་ལྕོགས་ཟླུམ་ལ། །དེ་འདྲ་བརྒྱུད་བསྐོར་མེ་ཏོག་བརྒྱན། །འོ་མ་དཀར་མངར་དྲན་པ་བཞག །མཛོ་མོའི་འོ་མ་མི་རུང་ཞིང་། །ཤ་ཆང་སྒོག་བཙོང་མི་རུང་ངོ་། །རྒྱུན་དུ་གསོ་བའི་མཐེབ་སྐྱུ་དང་། །འབྱོར་ན་ལྷ་བཤོས་མར་མེ་དང་། །མཆོད་པ་ཉིན་རེ་བཞིན་དུ་བརྗེ། །མ་འབྱོར་ཆུ་དང་ནས་འབྲུ་ཡིས། །མཆོད་པ་ཁ་གསོས་ཙམ་རེས་ཆོག །གཏོར་མ་གསོ་བྲན་བྱས་པས་ཆོག །སྒྲུབ་ཚེ་གདན་གཅིག་བསྲུང་ན་བཟང་། །མ་ཐུབ་ཤ་ཆང་སྒོག་བཙོང་སྤང་། །རང་གི་སྙིང་གར་གུར་གུམ་གྱིས། །ཐིག་ལེ་བྱ་ཞིང་གོས་གསར་གྱོན། །ཕྲེང་བར་རྒྱན་བཏགས་ཁྲ་བོ་བྱ། །དང་པོ་ཉིན་པར་དཀར་གཏོར་གཅིག །ཚངས་བུ་ཏིང་ལོ་བཅས་པ་བཤམས། །ཆུས་བྲན་དེ་ནས་འདི་སྐད་དོ། །ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་གཏོར་མ་བདུད་རྩིར་གྱུར། །ཡུལ་ཕྱོགས་འདི་དང་གནས་འདི་ལ། །གནས་པའི་གནས་བདག་ཐམས་ཅད་དང་། །བགེགས་རིགས་ལན་ཆགས་ཐམས་ཅད་ལ། །བདུད་རྩིའི་གཏོར་མ་འདི་འབུལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །དཀར་ཕྱོགས་རྣམས་ཀྱིས་ སྡོང་གྲོགས་མཛོད། །ནག་ཕྱོགས་རྣམས་ནི་གཞན་དུ་དེངས། །སྒྲུབ

【漢語翻譯】 或者用青稞寫也可以。五藥、五香、藏紅花等,混合后在四方中央五個方位,放置那香的好丸。或者堆積沙子,在珍寶瓶中,放入五藥、五穀、五精華,五香、五珍寶,以及從向東流的泉眼取來的水,用乾淨的男孩取來的水,和牛奶一起倒入瓶中。用乾淨的白色或藍色絲綢,製作頸飾,插上白芥子作為裝飾。孔雀翎、吉祥草、護身符繩,金剛杵有也好沒有也行。藥師佛的彩繪畫像,在白色畫布背面寫上祈請咒語,以及持明者賜予醫藥成就(悉地)。這樣寫好后,裝飾瓶口。祈請、修持、事業、咒語等,用金字書寫,卷在白色絲綢上,和佛像一起放置。在壇城蓮花外層,七個小碗內擺放供品。東方是乾淨的牛奶水,東南方是乾淨的水,南方是花,西南方是香,西方是燈,西北方是香水或上等茶。北方是神饈,東北方是青稞或芥子。避開毒物的訶子等,各種藥物鋪在地上。然後在外面用白芥子圍起來。在食子盒內或矮桌上,放置藥師佛的圓形食子,像那樣環繞擺放,用鮮花裝飾。放置白色甜牛奶和念珠。不要用母牦牛奶,不要用肉、酒、蒜、蔥。經常供養的鑰匙,如果富裕就供養神饈和燈,每天更換供品。如果不富裕,用水和青稞粒,稍微供養一點也行。食子可以通過佈施來供養。修持時,最好守護一個座位。如果不能,就避免肉、酒、蒜、蔥。在自己的心間,用藏紅花點上,穿上新衣服,用花環裝飾。首先白天供養一個白色食子,擺放裝有青稞的木碗。用水灑后,這樣說:吽(藏文:ཧཱུྃ,梵文天城體:हूँ,梵文羅馬擬音:hūṃ,漢語字面意思:吽)從珍寶器皿中,嗡(藏文:ཨོཾ,梵文天城體:ओं,梵文羅馬擬音:oṃ,漢語字面意思:嗡)從食子變成甘露。在這個地方和這個處所,居住的所有地神,以及所有魔障和債主,供養這甘露食子。請享用這供養佈施的食子,請白色一方,給予幫助。請黑色一方,移步他處。修持。

【英語翻譯】 Alternatively, it is permissible to write with barley. The five medicines, five fragrances, and saffron, when combined, should be used to place good-smelling pills in the four directions and the center. Or, one may pile up sand. Inside a precious vase, place the five medicines, five grains, five essences, five fragrances, five precious substances, and water from a spring flowing eastward, taken by a clean boy, and pour it into the vase along with milk. With clean white and blue silk cloths, create a neck ornament and insert white mustard as decoration. A peacock feather, kusha grass, and a protective thread. A vajra is good to have, but not necessary. A fully colored painted image of the Medicine Buddha, with the back of the white cloth inscribed with the approach mantra, and “Grant the siddhis of the knowledge-holders’ medicine.” Write this and decorate the mouth of the vase. The approach, practice, activities, and mantras should be written in gold and wrapped in white silk. Place it alongside the image. On the outer layer of the mandala lotus petals, arrange offerings in seven bowls. To the east, pure water with milk. To the southeast, pure water; to the south, flowers; to the southwest, incense; to the west, lamps; to the northwest, incense water or the finest tea. To the north, divine food; to the northeast, barley or mustard seeds. Spread out various medicines, such as arura, avoiding poisonous substances. Then surround it with a fence of white mustard. Inside the torma box or on a low table, place the Medicine Buddha’s round torma, arranged in a circle like that, decorated with flowers. Place white sweet milk and a rosary. Yak milk is not suitable, nor are meat, alcohol, garlic, or onions. A key for continuous nourishment, and if affluent, divine food and lamps, changing the offerings every day. If not affluent, water and barley grains are enough for a small offering. The torma can be offered through generosity. When practicing, it is best to keep one seat. If unable, avoid meat, alcohol, garlic, and onions. On one’s own heart, make a mark with saffron, wear new clothes, and decorate with a colorful garland. First, during the day, offer one white torma, arranging it with a wooden bowl filled with barley. Sprinkle with water and then say this: Hūṃ (Tibetan: ཧཱུྃ, Devanagari: हूँ, Romanized Sanskrit: hūṃ, Literal meaning: Hūṃ) from the precious vessel, Oṃ (Tibetan: ཨོཾ, Devanagari: ओं, Romanized Sanskrit: oṃ, Literal meaning: Oṃ) from the torma becomes amrita. To all the local deities residing in this region and place, and to all obstructors and debtors, I offer this amrita torma. Please accept this offering and generosity torma, and may the white side provide assistance. May the black side move elsewhere. Practice.

============================================================

================== 第 3 段 ================== 【原始藏文】 ་ལ་བར་ཆད་མ་བྱེད་ཅིག །ཨོཾ་སརྦ་ལོ་ཀ་པཱ་ལ་སརྦ་བིགྷཾ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་ཕྱི་རོལ་གཙང་སར་ཕུལ། ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ལྗང་ནག་རྒྱ་གྲམ་སྡིགས་མཛུབ་སྒྲེང་། །སྒྲུབ་ལ་བར་དུ་གཅོད་པའི་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །སྐུ་ལས་ཁྲོ་ཆུང་མེ་དཔུང་འཕྲོས། །བགེགས་བསྐྲད་མི་གཙང་གྲིབ་རྣམས་བསྲེགས། །ཚུར་འདུས་ཁྲོ་ཆུང་རྡོ་རྗེའི་གུར། །བསྐལ་པའི་མེ་དཔུང་འབར་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ། བཛྲ་རཀྵ་རཀྵ། དང་པོ་ཉིན་པར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། སྔགས་འདིས་ཆུ་གཙང་དང་ཡུངས་ཀར་ལ་བརྒྱ་ཙམ་བསྔགས་ནས། སྒྲུབ་ཁང་ལ་གཏོར། སྒྲུབ་ཁང་ཕྱི་ནས་ར་བའི་ཚུལ་དུ་གཏོར། རྒྱུན་དུ་མི་དགོས། རི་ཁ་ནས་ཡན་ན་ཡང་དེ་ལྟར་བྱའོ། །དེས་བགེགས་དང་བར་ཆད་མི་འབྱུང་ངོ་། །དཀྱིལ་འཁོར་མཆོད་པ་རྣམས་བྲན་ལ། ཧཱུྃ་ལས་རིན་ཆེན་སྣོད་ནང་དུ་ཨོཾ་ལས་མཆོད་པའི་སྤྲིན་ཕུང་ནི། །ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །ཟག་མེད་བདེ་ཆེན་བསྐྱེད་པར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། སངས་རྒྱས་ཀུན་འདུས་བླ་མ་ དང་། །སྨན་བླ་དཀོན་མཆོག་རྣམ་གསུམ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ལུས་སེམས་སྡུག་བསྔལ་ཀུན་བསལ་ནས། །སྨན་བླའི་གོ་འཕང་ཐོབ་པའི་ཕྱིར། །བདག་གིས་བཅོམ་ལྡན་སྨན་བླ་བསྒྲུབ། །རང་ཉིད་སྐད་ཅིག་སྨན་གྱི་བླར། །གསལ་བའི་ཐུགས་ཀའི་འོད་ཟེར་གྱིས། །བདེར་གཤེགས་སྨན་བླ་དྲང་སྲོང་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་ཧཱུྃ། ཨོཾ་བཛྲ་ཨགྷཾ། པཱཏུཾ། པུཝེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་ཏྱ། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། སངས་རྒྱས་སྨན་བླ་འཁོར་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །སྡིག་སྒྲིབ་གང་མཆིས་ཐམས་ཅད་བཤགས། །འཕགས་སྐྱེའི་དགེ་ལ་རྗེས་ཡི་རང་། །གསོ་རིག་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ། །དགེ་དེས་སྨན་བླ་མྱུར་འགྲུབ་ཤོག །ཚོགས་ཞིང་རང་གི་སྙིང་གར་ཐིམ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་ཉམས་མེད་བཏང་སྙོམས་ཤོག །ཨོཾ་ སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་གསལ་ནམ་མཁའ་ལྟ་བུའི་ངང་། །པཾ་ལས་པདྨ་འདབ་བརྒྱད་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་སེམས་ཧཱུྃ་ཡིག་མཐིང་ག་ལས། །

【漢語翻譯】 不要製造障礙!嗡,薩爾瓦洛卡帕拉,薩爾瓦維甘,伊當巴利達,卡卡卡嘿,卡嘿!(藏文:ཨོཾ་སརྦ་ལོ་ཀ་པཱ་ལ་སརྦ་བིགྷཾ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།)這樣,將朵瑪供于外面的乾淨處。吽!我乃忿怒尊甘露漩,綠黑十字金剛指,阻礙修持之魔障,莫居此處速離去!身現忿怒小尊火焰涌,驅逐魔障焚不凈,聚集忿怒小尊金剛帳,化為劫末之火熊熊燃!嗡,班雜,卓達,阿彌利達,滾扎利,吽!(藏文:ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ།) 傷害者,烏匝達亞,啪!(藏文:གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ།) 班雜,raksa,raksa!(藏文:བཛྲ་རཀྵ་རཀྵ།) 首先在白天,嗡,阿彌利得,吽,啪!(藏文:ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ།) 以此咒語加持清水和芥子約百次,然後灑在修行室。從修行室外以圍墻的方式灑。通常不需要。即使是從山脊那邊來,也這樣做。這樣就不會有魔障和障礙產生。將壇城供品陳設好。從吽(藏文:ཧཱུྃ)字化為珍寶器皿,其中從嗡(藏文:ཨོཾ)字化為供養的雲朵,如普賢行愿一般,生起無漏大樂。嗡,班雜,斯帕拉納,康!(藏文:ཨོཾ་བཛྲ་སྤ་ར་ཎ་ཁཾ།) 諸佛總集上師尊,藥師佛及三寶前,為證菩提而皈依。所有眾生有情眾,身心痛苦皆消除,為得藥師佛果位,我修世尊藥師佛。自身剎那成藥師,心間放光極明耀,迎請善逝藥師眾,降臨前方虛空中。班雜,薩瑪扎!(藏文:བཛྲ་ས་མཱ་ཛཿ) 蓮花,嘎瑪拉亞,吽!(藏文:པདྨ་ཀ་མ་ལཱ་ཡ་ཧཱུྃ།) 嗡,班雜,阿岡,巴吞,布威,都貝,阿洛給,根德,尼維迪亞,夏達,札底查,梭哈!(藏文:ཨོཾ་བཛྲ་ཨགྷཾ། པཱཏུཾ། པུཝེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་ཏྱ། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ།) 藥師佛及眷屬前,身語意三恭敬禮,真實意幻供養獻,所有罪障皆懺悔,聖者之善皆隨喜,祈請轉妙醫方輪,祈請住世恒河沙。愿以此善速成就,藥師佛融入自心間,眾生皆具樂離苦,離苦得樂住舍中。嗡,梭巴瓦,修達,薩瓦達瑪,梭巴瓦,修多杭!(藏文:ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ།) 在空明如虛空的狀態中,從邦(藏文:པཾ)字化為八瓣蓮花,從阿(藏文:ཨ་)字化為月亮壇城之上,自心吽(藏文:ཧཱུྃ)字化為藍色。

【英語翻譯】 Do not create obstacles! Om, Sarva Lokapala Sarva Vigham Idam Balita Kha Kha Khahi Khahi! Thus, offer the torma in a clean place outside. Hum! I am the Wrathful King, Nectar Swirl, Green-black cross, threatening finger raised, Obstructing the practice, do not stay here, leave quickly! From the body emanates a small wrathful fire, Expelling obstacles, burning impurities, Gathering wrathful small ones, a vajra tent, Transforming into a kalpa-ending fire blazing! Om, Vajra Krodha Amrita Kundali Hum! Harmful one, Utsataya Phat! Vajra Raksha Raksha! First, during the day, Om, Amrite Hum Phat! With this mantra, bless clean water and mustard seeds about a hundred times, then sprinkle them in the practice room. Sprinkle around the outside of the practice room as a fence. Usually not necessary. Even if coming from the ridge, do the same. Thus, obstacles and hindrances will not arise. Arrange the mandala offerings. From Hum (藏文:ཧཱུྃ), transform into a precious vessel, within which from Om (藏文:ཨོཾ) transform into clouds of offerings, like the conduct of Samantabhadra, generating uncontaminated great bliss. Om, Vajra Sparana Kham! Guru, the embodiment of all Buddhas, And the Medicine Buddha, the Three Jewels, I take refuge until enlightenment. May all sentient beings, Completely eliminate physical and mental suffering, In order to attain the state of Medicine Buddha, I practice the Bhagavan Medicine Buddha. Instantly transform myself into the Medicine Buddha, With the radiant light from the heart, Invite the Sugata Medicine Buddha assembly, To appear in the sky in front. Vajra Samaja! Padma Kamalaya Hum! Om, Vajra Argham, Patum, Puve, Dhupe, Aloke, Gandhe, Nividya, Sharda Pratichcha Svaha! To the Medicine Buddha and retinue, I prostrate with reverence in body, speech, and mind, Offering actual and mentally created offerings, I confess all sins and obscurations, I rejoice in the virtues of the noble ones, I request you to turn the wheel of healing dharma, I request you to remain for as many kalpas as there are grains of sand in the Ganges. May this virtue quickly accomplish the Medicine Buddha, May the field of merit dissolve into my heart, May all beings have happiness and be free from suffering, May they never stray from happiness and abide in equanimity. Om, Svabhava Shuddha Sarva Dharma Svabhava Shuddho ‘Ham! In the state of emptiness and clarity like the sky, From Pam (藏文:པཾ) comes an eight-petaled lotus, And above the lunar mandala from A (藏文:ཨ་), My own mind transforms from the blue Hum (藏文:ཧཱུྃ) syllable.

============================================================

================== 第 4 段 ================== 【原始藏文】 འོད་འཕྲོས་འགྲོ་བའི་ནད་གདོན་བསལ། །སངས་རྒྱས་བྱང་སེམས་ཐམས་ཅད་ལ། །བདུད་རྩི་སྨན་གྱི་མཆོད་སྤྲིན་འབུལ། །ཐམས་ཅད་སྨན་བླའི་སྐུར་གྱུར་པ། །ཚུར་འདུས་རང་སེམས་ཧཱུྃ་ལ་ཐིམ། །སྨན་མཆོག་རྣམ་རྒྱལ་ཧཱུྃ་མཚན་གྱུར། །དེ་ཉིད་ཡོངས་སུ་གྱུར་པ་ལས། །ཨོཾ་བཛྲ་བྷི་ཥ་ཕྱེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ། ཞེས་པའི་རང་སྒྲ་གྲག་ཙམ་གྱིས། །བདག་ཉིད་བཅོམ་ལྡན་སྨན་གྱི་བླ། །མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །འཛུམ་མཛེས་མཛོད་སྤུ་དཀར་པོས་བརྒྱན། །དབུ་ལ་གཙུག་ཏོར་ཞབས་འཁོར་ལོ། །ཕྱག་གཡས་མཆོག་སྦྱིན་སྨན་མཆོག་བསྣམས། །ཕྱག་གཡོན་མཉམ་བཞག་ལྷུང་བཟེད་ནང་། །འཆི་མེད་བདུད་རྩིས་གང་བ་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །མཚན་དཔེ་ཀུན་རྫོགས་འོད་ཟེར་འབར། །ཕྱི་རིམ་པདྨ་འདབ་བརྒྱད་ལ། །མདུན་དུ་དྲང་སྲོང་སེར་སྐྱ་ལ། ། གཡས་སུ་ཙ་ར་ཀ་དཀར་སྐྱ། །རྒྱབ་ཏུ་གཟིག་གཟུགས་ཅན་དམར་སྐྱ། །གཡོན་དུ་གཞུང་སྐྱེས་སྔོ་སྐྱ་སྟེ། །བཞི་ཀས་རྣམ་རྒྱལ་ལྷུང་བཟེད་བསྣམས། །ཐོར་ཚུགས་དར་གྱི་སྨད་གཡོགས་ཅན། །ལུས་ཕྲ་བགྲེས་ཉམས་དྲང་སྲོང་ཚུལ། །མཚམས་བཞིར་སྨན་གྱི་ལྷ་མོ་བཞི། །གཞོན་མཛེས་དར་དང་རིན་ཆེན་བརྒྱན། །ཨ་རུ་བདུད་རྩིའི་བུམ་པ་འཛིན། །གཙོ་འཁོར་ཀུན་གྱི་དཔྲལ་བར་ཨོ། །མགྲིན་པར་ཨཱདང་ཐུགས་ཀར་ཧཱུྃ། །ཐུགས་དབུས་ཨོཾ་ཡིག་གསལ་བ་ཡི། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཤར་ཕྱོགས་བེཌཱུརྱ་སྣང་གི །སངས་རྒྱས་ཞིང་ནས་ཡེ་ཤེས་པ། །སྤྱན་དྲངས་མདུན་གྱི་ནམ་མཁར་བྱོན། །ཨོཾ་མ་ཧཱ་བྷི་ཥ་ཛཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་ཨརྒྱུ་ནས། ཤརྡ་པྲ་ཏིཙྪ་སྭཱ་ཧཱ། བར་བརྗོད། ཛཧཱུྃ་བཾ་ཧོཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་ཐིམ། །སླར་ཡང་དབང་ལྷ་རིགས་ལྔའི་ཚོགས། །ནམ་མཁར་སྤྱན་དྲངས་མཆོད་ཚོགས་མཆོད། །བདག་ལ་མངོན་པར་དབང་བསྐུར་གསོལ། །དབང་ལྷས་དབང་བསྐུར་དྲི་མ་དག །ཆུ་ལྷག་སྤྱི་བོར་ལུད་པ་ལས། །སྤྱི་གཙུག་ནོར་བུའི་ཏོག་ནང་དུ། །བླ་མ་མི་ བསྐྱོད་རྣམ་པ་གསལ། །རང་གི་ཐུགས་ཀར་ཟླ་བའི་སྟེང་། །ཨོཾ་ལ་སྔགས་ཀྱིས་གཡས་སུ་བསྐོར། །དེ་ལས་འོད་ཟེར་སྣ་ཚོགས་འཕྲོས། །སངས་རྒྱས་བྱང་སེམས་ཐམས་ཅད་ལ། །བདུད་རྩི་སྨན་གྱི་མཉེས་མཆོད་འབུལ། །དེ་དག་ཀུན་གྱི་ཡེ་ཤེས་དང་། །མངོན་ཤེས་ཀུན་བསྡུས་བདག་ལ་ཐིམ། །སླར་ཡང་ཨོཾ་ལས་འོད་འཕྲོས་པས། །སེམས་ཅན་ཀུན་གྱི་ནད་རིགས་བསལ། །འཇིག་རྟེན་ཟག་བཅས་མངོན་ཤེས་ཀ

【漢語翻譯】 光芒照耀消除眾生的疾病邪魔。 向所有的佛和菩薩, 獻上甘露醫藥的供云。 一切都化為藥師佛的身相, 收攝融入自身心間的吽字中。 殊勝的醫藥,轉變為吽字的標誌。 從那完全轉變之中, 嗡 班匝 貝卡匝 貝卡匝 瑪哈貝卡匝 匝薩 薩穆嘎 喋 梭哈。(藏文:ཨོཾ་བཛྲ་བྷི་ཥ་ཕྱེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ།,梵文天城體:ॐ वज्र भेषज्य महा भेषज्य समुद्गते हुं,梵文羅馬擬音:oṃ vajra bheṣajya mahā bheṣajya samudgate hūṃ,漢語字面意思:嗡 班匝 貝卡匝 瑪哈貝卡匝 薩穆嘎喋 吽)僅僅發出這樣的自聲。 自身即為薄伽梵藥師佛, 深藍色,一面二臂, 微笑美麗,以白毫相莊嚴。 頭有頂髻,足有輪相。 右手臂施勝印,持著殊勝的醫藥, 左手禪定印,持著裝滿甘露的不死缽。 雙足金剛跏趺坐, 身上穿著三法衣, 具足一切相好,光芒閃耀。 外層八瓣蓮花上, 前方是黃色的仙人, 右邊是白色的遮羅迦, 後方是紅色的豹身者, 左邊是藍色的林木生, 四者都拿著勝利的缽。 髮髻高聳,穿著絲綢的下裙, 身體纖細,顯現老態的仙人形象。 四方是四位醫藥天女, 年輕美麗,以絲綢和珍寶莊嚴, 拿著阿如拉甘露的寶瓶。 主尊眷屬一切的額頭有嗡(藏文:ཨོ,梵文天城體:ओ,梵文羅馬擬音:o,漢語字面意思:嗡), 喉間有阿(藏文:ཨཱ,梵文天城體:आ,梵文羅馬擬音:ā,漢語字面意思:阿),心間有吽(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)。 心中嗡字清晰顯現, 從心間的吽字放出光明, 從東方琉璃光, 佛土迎請智慧尊, 降臨到前方的虛空中。 嗡 瑪哈貝卡匝 薩巴熱瓦ra 班匝 薩瑪雅 匝。(藏文:ཨོཾ་མ་ཧཱ་བྷི་ཥ་ཛཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ,梵文天城體:ॐ महा भेषज्य सपरिवार वज्र समय जः,梵文羅馬擬音:oṃ mahā bheṣajya saparivāra vajra samaya jaḥ,漢語字面意思:嗡 瑪哈貝卡匝 與眷屬 班匝 薩瑪雅 匝)嗡 班匝 阿爾岡 從,夏達 扎地查 梭哈。(藏文:ཨོཾ་བཛྲ་ཨརྒྱུ་ནས། ཤརྡ་པྲ་ཏིཙྪ་སྭཱ་ཧཱ།,梵文天城體:ॐ वज्र अर्घ्यतः शारदा प्रतीच्छ स्वाहा,梵文羅馬擬音:oṃ vajra arghyataḥ śāradā pratīccha svāhā,漢語字面意思:嗡 班匝 阿爾岡 至 夏達 扎地查 梭哈)之間唸誦,匝 吽 旺 霍,智慧尊,與誓言尊無二無別融入。 再次迎請五部灌頂天眾, 降臨虛空,獻上供養。 祈請賜予我灌頂。 灌頂天眾賜予灌頂,清凈垢染, 剩餘的水從頭頂溢出, 在頭頂寶珠的頂飾中, 上師不動佛的形象顯現。 在自己的心間月亮之上, 嗡字以咒語右旋圍繞, 從中放出各種光芒, 向所有的佛和菩薩, 獻上甘露醫藥的喜悅供養。 彙集所有這些的智慧和, 神通融入自身。 再次從嗡字放出光明, 消除所有眾生的疾病, 世間有漏的神通

【英語翻譯】 Light radiates, dispelling the diseases and evil spirits of beings. To all Buddhas and Bodhisattvas, I offer clouds of nectar and medicine. Everything transforms into the form of the Medicine Buddha, Gathering back and dissolving into the Hūṃ in my own mind. The supreme medicine transforms into the sign of Hūṃ. From that complete transformation, oṃ vajra bheṣajya mahā bheṣajya samudgate hūṃ. (Tibetan: ཨོཾ་བཛྲ་བྷི་ཥ་ཕྱེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ།, Sanskrit Devanagari: ॐ वज्र भेषज्य महा भेषज्य समुद्गते हुं, Sanskrit Romanization: oṃ vajra bheṣajya mahā bheṣajya samudgate hūṃ, Literal Chinese Meaning: Om Vajra Bhaisajya Maha Bhaisajya Samudgate Hum) Just by uttering this self-sound. I myself am the Bhagavan Medicine Buddha, Dark blue, with one face and two arms, Smiling beautifully, adorned with a white ūrṇā. With a crest jewel on the head and a wheel on the feet, The right hand in the supreme giving mudra, holding the supreme medicine, The left hand in meditative equipoise, holding a bowl filled with Immortal nectar. Seated in vajra posture, Wearing the three Dharma robes, Complete with all marks and signs, blazing with light. On the outer layer of eight lotus petals, In front is a yellowish-brown sage, On the right is a whitish-gray Caraka, Behind is a reddish-gray leopard-bodied one, On the left is a bluish-gray forest-born one, All four holding victory bowls. With hair piled up, wearing silk lower garments, Slender body, appearing aged, in the form of sages. In the four directions are four medicine goddesses, Young and beautiful, adorned with silk and jewels, Holding arura nectar vases. On the foreheads of all the main figures and retinue are Oṃ (Tibetan: ཨོ, Sanskrit Devanagari: ओ, Sanskrit Romanization: o, Literal Chinese Meaning: Om), On the throats are Āḥ (Tibetan: ཨཱ, Sanskrit Devanagari: आ, Sanskrit Romanization: ā, Literal Chinese Meaning: Ah), and on the hearts are Hūṃ (Tibetan: ཧཱུྃ, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese Meaning: Hum). In the center of the heart, the syllable Oṃ is clear, From the Hūṃ in the heart, light radiates, From the eastern Vaidurya Light, From the Buddha-field, the wisdom beings Are invited and arrive in the sky in front. oṃ mahā bheṣajya saparivāra vajra samaya jaḥ. (Tibetan: ཨོཾ་མ་ཧཱ་བྷི་ཥ་ཛཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ, Sanskrit Devanagari: ॐ महा भेषज्य सपरिवार वज्र समय जः, Sanskrit Romanization: oṃ mahā bheṣajya saparivāra vajra samaya jaḥ, Literal Chinese Meaning: Om Maha Bhaisajya With Retinue Vajra Samaya Jah) oṃ vajra arghyataḥ śāradā pratīccha svāhā. (Tibetan: ཨོཾ་བཛྲ་ཨརྒྱུ་ནས། ཤརྡ་པྲ་ཏིཙྪ་སྭཱ་ཧཱ།, Sanskrit Devanagari: ॐ वज्र अर्घ्यतः शारदा प्रतीच्छ स्वाहा, Sanskrit Romanization: oṃ vajra arghyataḥ śāradā pratīccha svāhā, Literal Chinese Meaning: Om Vajra Arghya to Sharada Pratichchha Svaha) Recite in between. jaḥ hūṃ vaṃ ho, the wisdom beings Dissolve inseparably into the samaya beings. Again, the assembly of the five families of empowerment deities Are invited into the sky, and offerings are made. I request that you bestow empowerment upon me. The empowerment deities bestow empowerment, purifying defilements, The remaining water overflows from the crown of the head, In the jewel ornament on the crown of the head, The form of the lama Akṣobhya appears clearly. On the moon in my own heart, The syllable Oṃ is encircled clockwise by mantra, From it, various rays of light radiate, To all Buddhas and Bodhisattvas, I offer delightful offerings of nectar and medicine. Gathering all the wisdom and Abilities of all of them, they dissolve into me. Again, from the syllable Oṃ, light radiates, Eliminating the diseases of all sentient beings, The mundane, contaminated abilities of the world

============================================================

================== 第 5 段 ================== 【原始藏文】 ུན། །ཐམས་ཅད་བསྡུས་ནས་བདག་ལ་ཐིམ། །དམིགས་པ་དེ་ཉིད་མ་ཡེངས་པར། །ན་མོ་ཨོཾ་བྷེ་ཥ་རྩེ་མ་ཧཱ་བྷེ་ས་མུཏྟ་ཏེ་ཧཱུྃ། དེ་ལ་སྟོང་ཕྲག་ཙམ་རེ་བཟླ། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །རང་གི་འཁོར་དུ་བཞུགས་པ་ཡི། །དྲང་སྲོང་ལྷ་མོ་རྣམས་བསྐུལ་བས། །དེ་དག་རྣམས་ལས་འོད་འཕྲོས་པས། །འཇིག་རྟེན་ཁམས་ཀྱི་སྨན་བཅུད་དང་། །རྣོ་མཐོང་མངོན་ཤེས་ཐམས་ཅད་ཀུན། །འོད་ཟེར་རྣམ་པར་ཚུར་བསྡུས་ནས། །ཐམས་ཅད་བདག་ལ་སིབ་སིབ་ཐིམ། །དེ་འདྲའི་ཏིང་འཛིན་མ་ཡེངས་པར། །ཨོཾ་རག་ཤི་གྷ་ནི་གྷ་ཤི་ས་རོ་ཀྲྀ། ས་སྤུ་རི་ན་ཁྲི་པ་རིན། ཆེ་ལི་སུ་མ་ལོང་། ཞེས་པ་སྟོང་ཕྲག་ཙམ་ཞིག་བཟླ། །རང་ལུས་སྤྲུལ་པའི་ལྷ་མོའི་ ཚོགས། །བདག་བསྐྱེད་ལྷ་ཚོགས་འཁོར་བཅས་ལ། །མཆོད་ཅིང་བསྟོད་པ་བྱེད་པར་གྱུར། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་རྣོ་མཐོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་བྷེ་ཥ་ཛཱི་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་བསྟོད༔ ༈ །སེར་སྐྱ་གཟིག་གཟུགས་གཞུང་སྐྱེས་དང་། །ཙ་ར་ཀ་སོགས་སྨན་བླ་དྲང་སྲོང་བཞི། །འབྱུང་བཞིའི་བཅུད་སྡུད་སྨན་གྱི་ལྷ་མོ་བཞི། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི། །འགྲོ་བའི་ནད་དང་རྒྱུ་རྐྱེན་གཉེན་པོ་རྣམས། །མ་ནོར་གསལ་བར་བདག་ལ་བསྟན་དུ་གསོལ། །དེ་ནི་བདག་བསྐྱེད་བསྙེན་པའི་རིམ་པའོ། །གཉིས་པ་བུམ་བསྐྱེད་བསྒྲུབ་པར་བྱ་བ་ནི། །བློ་ལས་རིན་ཆེན་བུམ་པ་ནི། །རྒྱ་ཁྱོན་སྟོང་གསུམ་མཉམ་པའི་ནང་། །བཾ་ལས་བདུད་རྩིའི་རྒྱ་མཚོའི་དབུས། །པཾ་ལས་སྨན་གྱི་སྡོང་པོ་ནི། །ཡལ་ག་ ལོ་འདབ་རྒྱས་པའི་དབུས། །སྣ་ཚོགས་པདྨ་འདབ་བརྒྱད་པ། །དེ་སྟེང་ཟླ་དཀྱིལ་དབུས་སུ་ཧཱུྃ། །དེ་ལས་འོད་འཕྲོས་འཕགས་ཚོགས་མཆོད། །སེམས་ཅན་ཀུན་གྱི་ཟུག་རྔུ་བསལ། །ཚུར་འདུས་སྨན་མཆོག་ཧཱུྃ་མཚན་གྱུར། །ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ། ཞེས་པའི་སྒྲ་ཡིས་འོད་ཞུ་བས། །བུམ་ལྷ་བདེ་གཤེགས་སྨན་གྱི་བླ། །མཐིང་མདོག་མཚན་དཔེའི་གཟི་བརྗིད་འབར། །མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་ཡིས། །སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས། །ཆོས་གོས་གསུམ་མནབས་སྐྱིལ་ཀྲུང་བཞུགས། །ཕྱོགས་བ

【漢語翻譯】 。一切都聚集融入於我。不要偏離那個目標。那摩 嗡 貝 卡 策 瑪哈 貝 薩 穆達 達 吽。(藏文:ན་མོ་ཨོཾ་བྷེ་ཥ་རྩེ་མ་ཧཱ་བྷེ་ས་མུཏྟ་ཏེ་ཧཱུྃ།,梵文天城體:नमो ओṃ भैषज्ये महाभैषज्ये मुद्गते हुं,梵文羅馬擬音:namo oṃ bhaiṣajye mahābhaiṣajye mudgate huṃ,漢語字面意思:敬禮 嗡,藥,大藥,解脫,吽)唸誦那個大約一千遍。以自己心間的光芒,勸請在自己周圍安住的,仙人天女們。從她們那裡光芒四射,將世間界的所有藥的精華和,敏銳的洞察力、神通等等,以光芒的形式聚集回來,一切都輕輕地融入於我。不要偏離那樣的禪定。嗡 惹 克 希 嘎 尼 嘎 希 薩 羅 克 瑞,薩 斯 布 日 納 克 瑞 巴 日 納,切 利 斯 瑪 隆。唸誦這個大約一千遍。自己身體化現的天女的,眾。對自生本尊的眷屬眾,進行供養和讚頌。以實際的供品和意念化現的,天物清凈的受用等,供養給世尊及其眷屬。請享用並賜予敏銳的洞察力和成就。嗡 瑪哈 貝 卡 匝 薩 巴 日 瓦 Ra 阿 嘎 姆 等,夏 布 達 扎 德 恰 梭 哈。(藏文:ཨོཾ་མ་ཧཱ་བྷེ་ཥ་ཛཱི་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ།,梵文天城體:ओṃ महाभैषज्य सपरिवार अर्घं न स शబ్ద प्रतीच्छ स्वाहा,梵文羅馬擬音:oṃ mahābhaiṣajya saparivāra arghaṃ na sa śabda pratīccha svāhā,漢語字面意思:嗡 大藥 及其眷屬 供品 等 聲音 接受 梭哈)對一切都平等慈悲的世尊,僅僅聽到名號就能救脫惡趣的痛苦。消除三種毒素疾病的佛陀藥師,向琉璃之光頂禮讚頌。黃褐色豹紋的中間出生的,以及扎拉嘎等四位藥師仙人。聚集四大精華的四位藥神天女。我向您們及其眷屬頂禮讚頌。祈請您們毫不錯誤地清晰地向我展示,眾生的疾病和原因、對治。這是自生本尊修持的次第。第二是瓶生本尊的修法。觀想從心中生出珍寶瓶,其廣闊等同於三千大千世界。從邦(藏文:བཾ།,梵文天城體:वं,梵文羅馬擬音:vaṃ,漢語字面意思:)中生出甘露之海的中央。從邦(藏文:པཾ།,梵文天城體:पं,梵文羅馬擬音:paṃ,漢語字面意思:)中生出藥樹,在枝椏,樹葉茂盛的中央。各種蓮花八瓣的,其上是月輪中央的吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:)。從那裡光芒四射,供養聖眾。消除所有眾生的痛苦。聚集回來成為殊勝的藥,吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:)字為標誌。嗡 班 匝 貝 卡 匝 瑪 哈 比 卡 匝 薩 穆 達 達 吽。(藏文:ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ།,梵文天城體:ओṃ वज्र भैषज्ये महाभिषज्ये समुद्गते हुं,梵文羅馬擬音:oṃ vajra bhaiṣajye mahābhiṣajye samudgate huṃ,漢語字面意思:嗡 班雜 藥 大藥 解脫 吽)以這個聲音,光芒融化。瓶中的本尊善逝藥師佛,青藍色,具足相好的光輝閃耀。以勝施、等印的手印,拿著殊勝的藥甘露的缽盂。身穿三法衣,跏趺坐。向四面八方

【英語翻譯】 . All are gathered and absorbed into me. Do not deviate from that goal. Namo Om Bhe Khartse Maha Bhe Sa Mutta Te Hum. (Tibetan: ན་མོ་ཨོཾ་བྷེ་ཥ་རྩེ་མ་ཧཱ་བྷེ་ས་མུཏྟ་ཏེ་ཧཱུྃ།, Sanskrit Devanagari: नमो ओṃ भैषज्ये महाभैषज्ये मुद्गते हुं, Sanskrit Romanization: namo oṃ bhaiṣajye mahābhaiṣajye mudgate huṃ, Literal Chinese meaning: Homage Om, Medicine, Great Medicine, Liberation, Hum) Recite that about a thousand times. With the light of one’s own heart, urge the sages and goddesses who dwell around oneself. From them, light radiates, gathering all the essence of medicine and all the keen insight and supernatural powers of the world, in the form of light, and everything gently merges into me. Do not deviate from such samadhi. Om Rakshi Ghani Gha Shi Sa Ro Kri, Sa Spu Ri Na Khri Pa Rin, Che Li Su Ma Long. Recite this about a thousand times. A host of goddesses emanated from one’s own body. Offer and praise the retinue of the self-generated deity. With actual offerings and mentally emanated, pure divine objects, offer to the Bhagavan and his retinue. Please accept and grant keen insight and accomplishment. Om Maha Bhe Khartsa Sa Pariwara Agham etc., Shabda Pratichchha Svaha. (Tibetan: ཨོཾ་མ་ཧཱ་བྷེ་ཥ་ཛཱི་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ།, Sanskrit Devanagari: ओṃ महाभैषज्य सपरिवार अर्घं न स शబ్ద प्रतीच्छ स्वाहा, Sanskrit Romanization: oṃ mahābhaiṣajya saparivāra arghaṃ na sa śabda pratīccha svāhā, Literal Chinese meaning: Om Great Medicine and its retinue Offerings etc. Sound Accept Svaha) Bhagavan, who is equally compassionate to all, merely hearing his name saves from the suffering of the lower realms. Buddha Medicine Master who cures the diseases of the three poisons, I prostrate and praise the light of lapis lazuli. The yellowish-brown leopard-spotted one born in the middle, and the four Medicine Master sages such as Tsaraka. The four Medicine Goddesses who gather the essence of the four elements. I prostrate and praise you and your retinue. Please clearly show me without error, the diseases of beings and their causes and remedies. This is the order of practice for the self-generated deity. The second is the method of accomplishing the vase-born deity. Visualize a precious vase arising from the heart, its expanse equal to the three thousand great thousand worlds. From Bam (Tibetan: བཾ།, Sanskrit Devanagari: वं, Sanskrit Romanization: vaṃ, Literal Chinese meaning: ) arises the center of the ocean of nectar. From Pam (Tibetan: པཾ།, Sanskrit Devanagari: पं, Sanskrit Romanization: paṃ, Literal Chinese meaning: ) arises the medicine tree, in the center of branches and leaves flourishing. Various eight-petaled lotuses, on top of that is the Hum (Tibetan: ཧཱུྃ།, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: ) in the center of the moon disc. From there, light radiates, offering to the noble assembly. Eliminating the pain of all sentient beings. Gathered back, it becomes the supreme medicine, marked by the syllable Hum (Tibetan: ཧཱུྃ།, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: ). Om Vajra Bhe Khartse Maha Bhi Khartsa Sa Mutta Te Hum. (Tibetan: ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ།, Sanskrit Devanagari: ओṃ वज्र भैषज्ये महाभिषज्ये समुद्गते हुं, Sanskrit Romanization: oṃ vajra bhaiṣajye mahābhiṣajye samudgate huṃ, Literal Chinese meaning: Om Vajra Medicine Great Medicine Liberated Hum) With this sound, the light dissolves. The vase deity, the Sugata Medicine Master Buddha, blue in color, blazing with the splendor of marks and signs. With the mudra of supreme giving and equipoise, holding the bowl of supreme medicine nectar. Wearing the three Dharma robes, seated in vajra posture. To the four directions

============================================================

================== 第 6 段 ================== 【原始藏文】 ཞིར་སྨན་གྱི་དྲང་སྲོང་བཞི། སེར་དཀར་དམར་སྔོ་སྐྱ་བའི་མདངས། །བཞི་ཀས་སྨན་མཆོག་ལྷུང་བཟེད་བསྣམས། །མཚམས་བཞིར་ཉི་སྟེང་ལྷ་མོ་བཞི། །རབ་མཛེས་དར་དང་རིན་ཆེན་བརྒྱན། །སྨན་སྙིང་བདུད་རྩིའི་བུམ་པ་འཛིན། །ཀུན་གྱི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། །ཤར་ཕྱོགས་སངས་རྒྱས་ཞིང་ཁམས་མཆོག །བཻཌཱུརྨ་སྣང་ཞེས་བྱ་ནས། །བཅོམ་ལྡན་སྨན་བླ་འཁོར་དང་བཅས། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །རང་བཞིན་གར་ བཞུགས་གནས་མཆོག་ནས། །སྨན་གྱི་ལྷ་མོ་དྲང་སྲོང་ཚོགས། །རྣོ་མཐོང་མངོན་ཤེས་སྟོན་པ་དང་། །རྩ་པྲ་སྟོན་ཕྱིར་གཤེགས་སུ་གསོལ། །བུམ་དབུས་བདུད་རྩི་པད་ཟླའི་སྟེང་། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་མ་ཧཱ་བྷེ་ཥ་ཛེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། དབང་ལྷ་སྤྱན་དྲངས་དབང་བསྐུར་བས། །ཆུ་ལྷག་ཡར་ལུད་མི་བསྐྱོད་བརྒྱན།་།རང་གི་ཐུགས་ཀའི་འོད་ཟེར་ནི། །གཟུངས་ཐག་བརྒྱུད་སོང་བུམ་ལྷ་ཡི། །།ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །ཐུགས་དབུས་ཟླ་སྟེང་ཨོཾ་གྱི་མཐར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་འཕྲོས་འཕགས་པ་ཐམས་ཅད་མཆོད། །འགྲོ་བ་ཀུན་གྱི་ཟུག་རྔུ་བསལ། །འཁོར་འདས་ཀུན་གྱི་མངོན་ཤེས་ནི། །འོད་ཟེར་ཚུར་འདུས་བུམ་ལྷར་ཐིམ། །བུམ་ལྷའི་སྐུ་ལས་མངོན་ཤེས་ཀྱི། །དངོས་གྲུབ་རང་བཞིན་བདུད་རྩི་བབས། །བུམ་པ་གང་ཞིང་ཆུ་ཁོལ་ནས། །ཚུར་བྱུང་བདག་གི་སྤྱི་བོར་ཞུགས། །ལུས་ངག་སྡིག་སྒྲིབ་གྲིབ་རྣམས་དག །བདུད་རྩིའི་བཅུད་རྣམས་སྙིང་གར་ཐིམ། །མངོན་ཤེས་དངོས་གྲུབ་ཐོབ་པར་ གྱུར། །ན་མོ་ཨོཾ་བཛྲ་བྷི་ཥ་ཕྱེ་མ་ཧཱ་བྷི་ཥ་ཛེ་ས་མུངྒ་ཏེ་ཧཱུྃ། ཞེས་སྟོང་ཙམ་དང་། བུམ་ལྷའི་འཁོར་བརྒྱད་ལ་དམིགས་པ་གོང་ལྟར་གཏད་ལ། ཨོཾ་ཤཱི་ཏི་གྷ་ན་གྷ་ཤི་སུ་སུ་རི་ཀྲ་མ་ཡོ་ན་ཁྲི་སྲོ་རི་ནི་གུ་ལི་སུ་མ་ལ། སྟོང་ཙམ་བཟླས་ཏེ་སྒྲུབ་པའོ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་འདོད་ཡོན་རྣམས། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །བཞེས་ནས་རྣོ་མཐོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་བྷི་ཥ་ཛེ་ས་པ་རི་ཝཱ་ར། རཱུ་པ། ཤབྷ། གྷནེ། ར་ས། སྤཪྴེ། དྷརྨ། པྲ་ཏཱིཙྪ་སྭཱ་ཧཱ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཨོཾ་མ་ཧཱ་བྷེ་ཥ་ཛཱི་ས་པ་རི་ཝཱ་ར་ཙཀྲ་མ་ཎི་སྟི་པུ་རུ་ཥ་ཧསྟི་ཏུ་རང་

【漢語翻譯】 息藥之仙人四尊,具黃白紅藍灰之色澤,四者皆持藥王之缽。四方有日上天女四尊,極美以綢緞與珍寶莊嚴,手持藥心甘露之寶瓶。彼等一切之三處,由三字放光迎請智慧尊。東方殊勝之佛剎,名為「毗琉璃光」,祈請世尊藥師偕眷屬,為利有情而降臨。自性任運安住之勝地,藥神天女仙人眾,為示明銳見現量與,根脈占卜故祈請降臨。寶瓶中央甘露蓮月之上,祈請隨心安住。嗡 瑪哈 貝卡則 薩巴熱哇熱 班匝 薩瑪雅 匝 匝吽 邦 霍 薩瑪雅 迪斯塔 倫。迎請灌頂之神灌頂后,以水余向上增益不動嚴飾。自身心間之光芒,經由咒索前往寶瓶之神,觸及心間而策動心續。心間月上嗡字之末,咒鬘右旋,放光供養一切聖眾,消除一切有情之痛苦。輪涅一切之現量,光芒回攝融入寶瓶之神。寶瓶之神身中現量之,成就自性甘露降下。寶瓶盈滿且水沸騰,由此而來進入自身頂門,身語罪障垢染悉皆清凈,甘露精華融入心間,獲得現量成就。 那摩 嗡 班匝 貝卡切 瑪哈 貝卡則 薩蒙嘎 德 吽。唸誦如是百萬遍。觀想寶瓶之神八眷屬如前,嗡 希帝 嘎納 嘎 希 蘇蘇熱 扎瑪 喲納 徹索熱 尼古里 蘇瑪拉。唸誦百萬遍而修持之。以實物與意幻所化之,天物清凈之慾妙等,供養世尊寶瓶之神,祈請受用后賜予銳見成就。嗡 瑪哈 貝卡則 薩巴熱哇熱,色,聲,香,味,觸,法, 扎德叉 梭哈。愿此剎土以七寶,賢者 πλήρως 充滿,為賜予成就 желания,每日智者供養之。嗡 瑪哈 貝卡則 薩巴熱哇熱 扎抓 瑪尼 斯德 布如卡 哈斯德 德讓

【英語翻譯】 Four hermits of healing medicine, with hues of yellow, white, red, blue, and gray. All four hold the supreme medicine bowl. In the four directions are four goddesses on the sun, beautifully adorned with silk and jewels, holding vases of medicinal essence nectar. From the three places of all, from the three syllables, light radiates, inviting the wisdom beings. From the supreme Buddha-field in the east, called “Vaiḍūryanirbhāsa,” I request the Blessed Medicine Guru, along with his retinue, to come for the benefit of beings. From the supreme abode where nature abides, goddesses of medicine, assemblies of hermits, to show sharp vision and direct perception, and to reveal the root pulse, I request you to come. On the lotus moon in the center of the vase, please reside as you are comfortable. Oṃ Mahā Bhaiṣajye Saparivāra Vajra Samaya Jaḥ Jaḥ Hūṃ Vaṃ Hoḥ Samaya Tiṣṭha Lhan. By inviting and empowering the empowerment deity, adorn with water offerings, upward offerings, and immovability. The rays of light from my own heart go through the mantra thread to the vase deity. Touching the heart, it stimulates the mind stream. At the end of the Oṃ on the moon in the heart, from the mantra garland turning to the right, light radiates, offering to all the noble ones, removing the suffering of all beings. The direct perception of all saṃsāra and nirvāṇa, the rays of light gather back and dissolve into the vase deity. From the body of the vase deity, the nectar of the nature of accomplishment of direct perception descends. The vase is filled and the water boils, coming from there, it enters the crown of my head, purifying all the sins, obscurations, and stains of body and speech. The essence of the nectar dissolves into the heart, and direct perception is attained. Namo Oṃ Vajra Bhiṣaje Mahā Bhaiṣajye Samungate Hūṃ. Recite this a million times. Focus on the eight retinues of the vase deity as before, Oṃ Śīti Ghana Gha Śi Susuri Krama Yona Khri Sro Ri Ni Guli Sumala. Recite a million times and practice. Offering to the Blessed One, the vase deity, the celestial substances, pure desirable qualities, manifested by real objects and imagination, please accept them and grant sharp vision and accomplishment. Oṃ Mahā Bhaiṣajye Saparivāra, Rūpa, Śabda, Gandhe, Rasa, Sparśe, Dharma, Pratīccha Svāhā. May this field be completely filled with the seven precious things by the wise, for the sake of bestowing the desired accomplishments, may the wise offer it daily. Oṃ Mahā Bhaiṣajye Saparivāra Cakra Maṇi Sti Puruṣa Hasti Turang

============================================================

================== 第 7 段 ================== 【原始藏文】 ཁཟླ་རཏྣ་པྲ་ཏིཙྪ་སྭཱ་ཧཱ། ལྷ་མའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརླ་ཡི་འོད་ལ་ཕྱག་འཚལ་ལོ། །ཕྱོགས་བཞིར་མངོན་ཤེས་སྟོན་མཛད་དྲང་སྲོང་བཞི། །མཚམས་བཞིར་རྣོ་མཐོང་འཆར་བྱེད་ལྷ་མོ་བཞི། །འགྲོ་བའི་ཟུག་རྔུ་བསལ་མཛད་ སྨན་བླའི་ཚོགས། །འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་བསྟོད། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ནད་ཀྱི་རྒྱུ་རྐྱེན་བརྟག་དང་བཅོས་ཐབས་རྣམས། །མེ་ལོང་དག་པའི་ངོས་ལ་གཟུགས་བརྙན་བཞིན། །བདག་གི་སེམས་ལ་འཆར་བར་བྱིན་གྱིས་རློབས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མདུན་བསྐྱེད་སྒྲུབ་པ་ཆེན་པོ་བྱ་བ་ནི། སྟོང་པའི་ངང་ལས་མདུན་གྱི་མཎྜལ་ནི། །འཚོ་མཛད་སྨན་གྱི་ལྡམ་ར་ཉམས་དགའ་བར། །ཙནྡན་དཀར་དམར་ལ་སོགས་སྨན་གྱི་ཤིང་། །ལོ་འདབ་འབྲས་བུ་རབ་རྒྱས་དྲི་བཟང་འཐུལ། །སྨན་གྱི་ཚལ་ཆེན་མེ་ཏོག་སྣ་ཚོགས་བཀྲ། །སྨན་ཆུའི་རིགས་རྣམས་ལྷུང་ལྷུང་སྒྲ་འབྱིན་འབབ། །དེ་དབུས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ། །ཕྱི་རིམ་པད་རྡོར་འོད་ཟེར་ཕྲེང་བས་བསྐོར། །དེ་དབུས་འདབ་བརྒྱད་པདྨ་ཟླ་བའི་སྟེང་། །ཧཱུྃ་མཐིང་འོད་ཀྱིས་རྒྱལ་བ་སྲས་བཅས་མཆོད། །འགྲོ་བ་ཀུན་གྱི་ནད་དང་སྡུག་བསྔལ་བསལ། །ཚུར་འདུས་རྡོ་རྗེ་སྔོན་པོ་ ཧཱུྃ་གིས་མཚན། །ༀ་བཛྲ་བྷི་ཥ་ཛཱི་མ་ཧཱ་བྷི་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ། སྔགས་སྒྲ་གྲགས་པས་རྡོ་རྗེ་འོད་དུ་ཞུ། །བདེ་གཤེགས་སྨན་བླ་མཐིང་གསལ་ནམ་མཁའི་མདོག །མཚན་དཔེའི་རྒྱན་ལྡན་ཆོས་གོས་རྣམ་གསུམ་གསོལ། །མཆོག་སྦྱིན་མཉམ་བཞག་སྨན་མཆོག་ལྷུང་བཟེད་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་སྣ་ཚོགས་འཕྲོ། །འདབ་བརྒྱད་ཕྱོགས་བཞིར་ཤར་ནས་གཡས་བསྐོར་དུ། །དྲང་སྲོང་སེར་དཀར་དམར་སྔོ་སྐྱ་ཉམས་ཅན། །སྨན་མཆོག་བདུད་རྩིའི་ལྷུང་བཟེད་ཕྱག་ན་བསྣམས། །མཚམས་བཞིར་ལྷ་མོ་བཞི་པོ་མཛེས་ཚུལ་ལྡན། །སྨན་སྙིང་བདུད་རྩིའི་བུམ་པ་ཕྱག་ན་བསྣམས། །དེ་རྒྱབ་འཆི་མེད་སྨན་གྱི་རིག་འཛིན་ཚོགས། །དྲང་སྲོང་འབུམ་ཕྲག་དྲུག་དང་ལྷ་ཡི་ཚོགས། །རྩི་དང་ཤིང་དང་སྨན་གྱི་ལྷ་མོའི་ཚོགས། །དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་ཡི། །ཀུན་གྱི་དཔྲལ་བར་ཨོཾ་ཡིག་དཀར་པོ་དང་། །མགྲིན་པར་ཨཱཿདམར་ཐུགས་ཀའི་ཧཱུྃ་མཐིང་ནག །ཧཱུྃ་ལས་འོད་འཕྲ

【漢語翻譯】 ཁཟླ་རཏྣ་པྲ་ཏིཙྪ་སྭཱ་ཧཱ།(藏文) 女神的導師,藥王啊! 薄伽梵於三界中作救護者, 消除三毒疾病的佛陀藥師, 向毗琉璃之光頂禮。 於四方顯現明智的四仙人, 於四隅顯現洞察力的四女神, 消除有情痛苦的 藥師佛眾, 向眷屬等眾頂禮讚嘆。 爲了利益所有有情眾生, 疾病的因緣診斷和治療方法等, 如明鏡表面上的影像一般, 祈請加持於我的心中顯現。 莫忘昔日的發心和誓言, 請成辦我所託付的事業。 之後,前方生起大修法,從空性中,前方的壇城是, 生機盎然,令人愉悅的藥園。 白檀、紅檀等藥樹, 枝葉果實茂盛,散發著芬芳。 藥草大園,盛開著各種鮮花, 各種藥水發出潺潺的流動聲。 其中心是由珍寶所成的宮殿, 東白、南黃、西紅、北綠。 外層由蓮花金剛光芒環繞。 其中心八瓣蓮花月亮之上, 吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)藍色光芒供養諸佛菩薩, 消除一切眾生的疾病和痛苦, 收攝融入藍色金剛 以吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字為標誌。 嗡 班匝 貝堪匝 瑪哈貝堪匝 薩木嘎喋 吽。(藏文:ༀ་བཛྲ་བྷི་ཥ་ཛཱི་མ་ཧཱ་བྷི་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ།,梵文天城體:ॐ वज्र भेषज्य महाभेषज्य समुद्गते हुं,梵文羅馬擬音:oṃ vajra bheṣajya mahābheṣajya samudgate hūṃ,漢語字面意思:嗡,金剛,藥,大藥,出處,吽) 咒語聲響起,金剛化為光芒融入。 善逝藥師佛,湛藍如天空的顏色, 具足相好莊嚴,身著三法衣, 施勝手印,等持手印,手持妙藥缽, 金剛跏趺坐,放射著各種光芒。 八瓣蓮花四方,從東方開始順時針方向, 仙人具足黃白紅藍灰的姿態, 手持妙藥甘露的缽。 四隅四位女神,具足美妙的姿態, 手持藥精甘露的寶瓶。 其後是不死藥的持明者眾, 六十萬仙人和天眾, 藥草樹木和藥女神眾, 被無數眾圍繞而安住。 所有人的額頭有白色嗡(藏文:ཨོཾ།,梵文天城體:ॐ,梵文羅馬擬音:oṃ,漢語字面意思:嗡)字, 喉嚨有紅色阿(藏文:ཨཱཿ,梵文天城體:आः,梵文羅馬擬音:āḥ,漢語字面意思:阿)字,心間有藍色黑色的吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字。 從吽(藏文:ཧཱུྃ།,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽)字放射出光芒

【英語翻譯】 Kha dzala ratna prati titsa svaha. The goddess’s teacher, the king of medicine! The Bhagavan who protects in the three realms, The Buddha, the Medicine Guru, who cures the three poisons of disease, I prostrate to the light of lapis lazuli. The four sages who reveal wisdom in the four directions, The four goddesses who manifest insight in the four corners, Eliminating the suffering of beings, The assembly of Medicine Buddhas, I prostrate and praise to the retinue and all. For the benefit of all sentient beings, The causes and conditions of diseases, the methods of diagnosis and treatment, Like images on the surface of a clear mirror, May they be blessed to appear in my mind. Without forgetting the aspiration and vows of the past, Please accomplish the tasks I entrust to you. Then, the great practice of generating the front visualization is to be done. From emptiness, the mandala in front is, A delightful garden of medicine that nourishes life. Sandalwood, red sandalwood, and other medicinal trees, With abundant leaves, branches, and fruits, emitting a pleasant fragrance. A great garden of medicine, adorned with various flowers, Various types of medicinal waters flow with a murmuring sound. In the center of that is a palace made of precious jewels, White in the east, yellow in the south, red in the west, green in the north. The outer layer is surrounded by lotus vajra rays of light. In the center of that, on an eight-petaled lotus moon, With blue light, offer to all Buddhas and Bodhisattvas, Eliminating the diseases and sufferings of all beings, Gathered and merged into a blue vajra, Marked with the syllable Hūṃ (Tibetan: ཧཱུྃ།, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ). Oṃ Vajra Bhiṣajye Mahābhiṣajya Samudgate Hūṃ. (Tibetan: ༀ་བཛྲ་བྷི་ཥ་ཛཱི་མ་ཧཱ་བྷི་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ།, Sanskrit Devanagari: ॐ वज्र भेषज्य महाभेषज्य समुद्गते हुं, Sanskrit Romanization: oṃ vajra bheṣajya mahābheṣajya samudgate hūṃ, Literal Chinese meaning: Om, Vajra, Medicine, Great Medicine, Source, Hūṃ) As the mantra sound resonates, the vajra dissolves into light. The Sugata Medicine Buddha, clear blue like the sky, Endowed with the signs and marks, wearing the three Dharma robes, With the supreme giving mudra, the meditative mudra, holding a bowl filled with supreme medicine, Sitting in the vajra posture, radiating various rays of light. On the four sides of the eight petals, clockwise from the east, The sages with yellow, white, red, blue, and gray appearances, Holding a bowl of supreme medicinal nectar in their hands. In the four corners, the four goddesses, possessing beautiful forms, Holding a vase of medicinal essence nectar in their hands. Behind them is the assembly of immortal medicine knowledge holders, Six hundred thousand sages and the assembly of gods, The assembly of medicinal herbs, trees, and goddesses, Surrounded by countless beings and abiding there. On the foreheads of all are white Oṃ (Tibetan: ཨོཾ།, Sanskrit Devanagari: ॐ, Sanskrit Romanization: oṃ, Literal Chinese meaning: Om) syllables, On their throats are red Āḥ (Tibetan: ཨཱཿ, Sanskrit Devanagari: आः, Sanskrit Romanization: āḥ, Literal Chinese meaning: Ah) syllables, and in their hearts are blue-black Hūṃ (Tibetan: ཧཱུྃ།, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) syllables. From the Hūṃ (Tibetan: ཧཱུྃ།, Sanskrit Devanagari: हुं, Sanskrit Romanization: hūṃ, Literal Chinese meaning: Hūṃ) syllable, light radiates.

============================================================

================== 第 8 段 ================== 【原始藏文】 ོས་བཻཌཱུརླ་སྣང་ཞིང་། །རང་བཞིན་གར་བཞུགས་གནས་ནས་སྤྱན་དྲངས་གྱུར། །ཧཱུྃ། བདེ་བར་གཤེགས་པ་བཅོམ་ལྡན་སྨན་གྱི་བླ། །ནམ་མཁའ་བཞིན་དུ་ གཤེགས་བཞུགས་མི་མངའ་ཡང་། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐའ་ཡས་ཀྱིས། །ཆུ་ཟླ་བཞིན་དུ་གུར་དམིགས་དེར་སྣང་བ། །དེང་འདིར་ཁྱེད་བཞིན་འགྲོ་དོན་བདག་བགྱིད་ན། །ད་ལྟ་བདག་གི་མདུན་འདིར་གཤེགས་སུ་གསོལ། །ཇི་སྲིད་འཁོར་འདས་ཞིང་ན་བཞུགས་པ་ཡི། །སྨན་གྱི་བླ་དང་དྲང་སྲོང་རིག་འཛིན་དང་། །རྩི་སྨན་ཤིང་དང་འབྱུང་བའི་ལྷ་མོ་རྣམས།་དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །མཎྜལ་སྨན་གྱི་ལྡུམ་ར་སྐྱེད་མོས་ཚལ། །རིན་ཆེན་གཞལ་ཡས་པདྨ་ཟླ་བའི་གདན།་འཇིག་རྟེན་འདས་དང་མ་འདས་སྨན་བླའི་ཚོགས། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཨོཾ་མ་ཧཱ་བྷེ་ཥ་བྱེ་ས་པ་རི་ཝཱ་ར་ཨེ་བྱེ་ཧི་བཛྲ་ས་མཱ་ཛཿ ཛཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སྟེ། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་ཡར་ལུད་མི་བསྐྱོད་དབུ་བརྒྱན་གྱུར། །བདག་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །མདུན་བསྐྱེད་གཙོ་བོའི་ཐུགས་རྒྱུད་རབ་ཏུ་བསྐུལ། །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཨོཾ་ཡིག་མཐར། །སྔགས་ཀྱིས་བསྐོར་ལས་འོད་འཕྲོས་འཁོར་རྣམས་བསྐུལ། ། འཁོར་རྣམས་ཀུན་ལས་འོད་ཟེར་དཔག་མེད་འཕྲོས། །རྒྱལ་བ་རྣམས་མཆོད་འགྲོ་བའི་ནད་རྣམས་བསལ། །རྣོ་མཐོང་མངོན་ཤེས་སྨན་གྱི་དངོས་གྲུབ་རྣམས། །འོད་ཟེར་རྣམ་པར་བསྡུས་ནས་བདག་ལ་ཐིམ། །ན་མོ་ཨོཾ་བཛྲ་བྷི་ཥ་ཚེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ། ཞེས་སྟོང་ཙམ་དམིགས་པ་དང་བཅས་བཟླ། བདག་གི་དཔྲལ་བའི་ཨོཾ་ལས་འོད་དཀར་འཕྲོས། །མདུན་བསྐྱེད་རྣམས་ཀྱི་སྐུ་ལ་མཉེས་མཆོད་འབུལ། །སྐུ་ལས་འོད་འཕྲོས་རྒྱལ་བའི་སྐུ་རྣམས་མཆོད། །སེམས་ཅན་ཀུན་གྱི་ལུས་ཀྱི་ཟུག་རྔུ་བསལ། །རྒྱལ་བའི་སྐུ་ཡི་མཚན་དཔེའི་ཡོན་ཏན་དང་། །མིག་དང་རྣ་བ་ལྕེ་ཡི་མངོན་ཤེས་རྣམས། །འོད་ཟེར་དཀར་པོའི་རྣམ་པར་བདག་ལ་ཐིམ། །བདག་ལུས་སྨན་བླའི་སྐུ་དང་དབྱེར་མེད་གྱུར། །བདག་གི་མགྲིན་པའི་ཨཱཿལས་འོད་འཕྲོས་པས། །མདུན་བསྐྱེད་རྣམས་ཀྱི་གསུང་ལ་མཉེས་མཆོད་འབུལ། །འོད་འཕྲོས་རྒྱལ་བའི་གསུང་མཆོད་འགྲོ་བ་ཡི། །ངག་གི་ཟུག་རྔུ་ཀུན་བསལ་རྒྱལ་བ་ཡི། །གསུང་དབྱངས་གསོ་རིག་རྒྱ་མཚོའི་བདེན་ཚིག་རྣམས། །འོད་ཟེར་དམར་པོར་བསྡུས་ནས་བདག་ལ་ཐིམ། །སྨན་བླའི་གསུང་དང་བདག་ངག་དབྱེར་མེད་གྱུར། ། བདག་གི་ཐུགས་ཀའི་ཧཱུྃ་ལ

【漢語翻譯】 琉璃光明顯,從自性安住處迎請降臨。 吽。(藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) 善逝薄伽梵藥師佛,如虛空般,雖無來去住,然以昔日發心無量誓願力,如水中月般,于所緣境顯現。 今我如您般行利生事,祈請立即降臨我前。 乃至輪迴涅槃界,所有藥師及仙人持明者,藥草樹木及地神等,以三昧耶力,祈請降臨此處。 曼扎藥園嬉戲苑,珍寶宮殿蓮花月亮座,超世與未超世藥師眾,祈請歡喜安住。 嗡 瑪哈貝卡 貝卡 班雜 帕瑞瓦ra 誒 貝卡 班雜 薩瑪扎 扎 吽 旺 霍。 蓮花卡瑪拉亞 迎請灌頂除垢染,余水上溢不動為頂嚴。 我心放光芒,激勵本尊心。 本尊心間月上嗡字周,咒語圍繞放光芒,激勵諸眷屬。 諸眷屬放無量光,供養諸佛,消除眾生病,神通現量藥之成就,化為光芒融入我。 那摩 嗡 班雜 貝卡 賊 瑪哈貝卡 祖薩 穆扎 德 吽。唸誦千遍並觀想。 我額間嗡字放白光,供養悅意于本尊身,身放光芒供養諸佛身,消除眾生身之苦。 諸佛身之相好功德,眼耳舌之神通等,化為白光融入我,我身與藥師佛身無別。 我喉間啊字放光芒,供養悅意于本尊語,光芒供養諸佛語,消除眾生語之苦,諸佛語調療愈海之諦語,化為紅光融入我,藥師佛語與我語無別。 我心間吽字

【英語翻譯】 The light of lapis lazuli is manifest; from the place where your nature abides, I invite you to come. Hūṃ. (藏文:ཧཱུྃ,梵文天城體:हुं,梵文羅馬擬音:hūṃ,漢語字面意思:吽) Sugata, Bhagavan, Medicine Buddha, like the sky, although you have no coming, going, or abiding, through the infinite aspirations of your past vows, like the moon in water, you appear in the object of focus. Now, as I perform deeds for the benefit of beings like you, I pray that you come before me now. As long as you dwell in the realms of samsara and nirvana, all Medicine Buddhas, sages, vidyadharas, medicinal herbs, trees, and goddesses of the elements, by the power of samaya, I pray that you come to this place. Mandalas, medicinal gardens, pleasure groves, precious palaces, lotus and moon seats, the assembly of Medicine Buddhas who have transcended and not transcended the world, I pray that you remain in a joyful and steadfast manner. Oṃ mahābhaiṣajye bhaiṣajye bhaiṣajya samudgate svāhā. Invite the deities of empowerment, bestow empowerment, purify defilements, may the excess water rise upwards and become an immovable crown ornament. From my heart, light radiates, greatly stimulating the mind-stream of the principal deity in front. In the heart of the principal deity, on the moon, at the end of the syllable Oṃ, light radiates from the mantra that surrounds it, stimulating all the retinue. From all the retinue, immeasurable light radiates, offering to the Buddhas, eliminating the diseases of beings, the accomplishments of clear seeing, clairvoyance, and medicine, all gathered as light and absorbed into me. Namo oṃ vajra bhaiṣajye bhaiṣajya mahābhaiṣajya dzu sa mutpate hūṃ. Recite this a thousand times with visualization. From the Oṃ at my forehead, white light radiates, offering pleasure and worship to the bodies of those in front. Light radiates from their bodies, offering to the bodies of the Buddhas, eliminating the pain of the bodies of all sentient beings. The qualities of the marks and signs of the Buddhas’ bodies, and the clairvoyance of the eyes, ears, and tongue, all gather as white light and are absorbed into me. My body becomes inseparable from the body of the Medicine Buddha. From the Āḥ at my throat, light radiates, offering pleasure and worship to the speech of those in front. Light radiates, offering to the speech of the Buddhas, eliminating all the pain of the speech of beings. The truthful words of the healing ocean of the Buddhas’ voices, all gathered as red light and absorbed into me. The speech of the Medicine Buddha and my speech become inseparable. From the Hūṃ at my heart

============================================================

================== 第 9 段 ================== 【原始藏文】 ས་འོད་མཐིང་འཕྲོས། །མདུན་བསྐྱེད་ཐུགས་ལ་དགྱེས་པའི་མཆོད་པ་འབུལ། །མདུན་བསྐྱེད་ཐུགས་ལས་འོད་འཕྲོས་རྒྱལ་ཀུན་མཆོད། །སེམས་ཅན་ཀུན་གྱི་སེམས་ཀྱི་ཟུག་རྔུ་བསལ། །འཁོར་འདས་ཀུན་གྱི་མཁྱེན་པའི་མངོན་ཤེས་རྣམས། །འོད་ཟེར་མཐིང་ག་བདག་གི་སྙིང་གར་ཐིམ། །སྨན་བླའི་ཐུགས་དང་བདག་སེམས་དབྱེར་མེད་གྱུར། །ཨོཾ་ཤྲཱི་པ་རི་ཝཾ་ལི་སཾ་བྷ་རི་གུ་ལི་པྲ་མ་ཡ། ཞེས་པ་སྟོང་བཟླ། དེ་ནས་མཆོད་བསྟོད་ནི། བཅོམ་ལྡན་སྨན་བླ་འཁོར་བཅས་མཆོད་པ་ནི། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་བ། །ལྗོན་ཤིང་མེ་ཏོག་རྒྱུན་སྤྱས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་མང་སྨྱུདང་། གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐར་ཐུག་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ཏེ་ ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བསོད་ནམས་ཡེ་ཤེས་སྐུ་མངའ་བརྙེས་པ་ལ། །རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་ལྔ། །ལྔ་ཕྲག་ལྔ་ལྡན་རྫས་མཆོག་དམ་པ་འབུལ། །འགྲོ་བའི་ནད་རྣམས་བདག་གིས་སེལ་བར་ཤོག །རྒྱལ་བ་ཟག་མེད་འབྱོར་ལ་དབང་བསྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་ལྔ་ཡིས་མཆོད། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ཟུག་རྔུའི་སྡུག་བསྔལ་བདག་གིས་སེལ་བར་ཤོག །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སྨན་བླ་སྲས་དང་བཅས་པ་མ་ལུས་པ། །བཤམས་ཤིང་ཡིད་ཀྱིས་དམིགས་ཏེ་ཕུལ་བ་ཡིས། །ནད་རྣམས་སེལ་བའི་མཐུ་དང་ལྡན་པར་ཤོག །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །སྨན་གྱི་བླ་དང་དྲང་སྲོང་ལྷ་མོ་རྣམས། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཐེག་མཆོག་བླ་རེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་སྟེང་འཕེན་དང་། ། གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །སྨན་བླའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཨོཾ་མ་ཧཱ་བྷི་ཛུ་ས་པ་རི་ཝཱ་ར་སརྦ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཨཱཎཱཧཱུྃ། ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །

【漢語翻譯】 地的光芒呈藍色閃耀。 向面前的本尊獻上令其心喜的供養。 從面前的本尊心中光芒四射,供養所有勝者。 消除所有眾生心中的痛苦。 輪迴涅槃一切的智慧和顯現。 藍色光芒融入我的心中。 藥師佛的心與我的心無二無別。 嗡 希 帕瑞瓦拉 桑巴瑞 固利 扎瑪雅。(藏文,梵文天城體,梵文羅馬擬音,漢語字面意思)唸誦一千遍。然後是供養和讚頌: 世尊藥師佛及其眷屬的供養是: 有多少花朵和果實。 以及有多少種類的藥物。 以及有多少世間的珍寶。 以及珍寶山,以及同樣地。 森林、寂靜而令人愉悅的處所。 樹木和花朵,經常修飾和照料。 任何樹木,果實豐美,枝條低垂。 無需耕種而生長的各種穀物。 以及其他適合供養的裝飾品。 直至無垠虛空之界的邊際。 所有這些未被佔有的事物。 都以意念獲取。 獻給釋迦牟尼佛中的至尊。 以及所有聖子。 懇請慈悲的聖地。 請您垂念我,接受我的這些供養。 對於擁有福德和智慧之身者。 獻上珍貴的藥物、穀物、香氣和五種精華。 以及具備五組五種成分的殊勝聖物。 愿我能消除眾生的疾病。 即使勝者已證得無漏的財富。 爲了眾生的利益,也以五種欲妙來供養。 愿通過供養,我能消除如虛空般無量眾生的。 痛苦的折磨。 這些七寶人王。 獻給藥師佛及其所有聖子。 通過陳設和意念觀想的供養。 愿我能具備消除疾病的力量。 如同天界之主戰勝阿修羅后。 八位吉祥天女所作的供養。 我也以八吉祥物。 供養藥師佛和仙人天女們。 至高無上的法幢、傘和幢幡。 以及降伏魔軍的飄揚的勝幢。 以舞蹈和樂器的供養之聲。 莊嚴藥師佛的壇城。 嗡 瑪哈 畢扎 薩帕瑞瓦拉 薩瓦 扎地扎 布扎 麥嘎 薩姆札 薩帕拉納 薩瑪雅 阿阿吽。(藏文,梵文天城體,梵文羅馬擬音,漢語字面意思) 吽字化現為珍寶器皿中的食子。

【英語翻譯】 The earth’s light shines blue. I offer the offerings that please the mind of the visualized deity. From the mind of the visualized deity, light radiates, offering to all the victorious ones. Eliminating the suffering of all sentient beings’ minds. The wisdom and manifestations of all of samsara and nirvana. Blue rays of light dissolve into my heart. The mind of the Medicine Buddha and my mind become inseparable. Om Shri Pariwaram Li Sambhari Guli Trama Ya. (Tibetan, Sanskrit Devanagari, Sanskrit Romanization, Chinese literal meaning) Recite a thousand times. Then the offering and praise are: The offering to the Bhagavan Medicine Buddha and his retinue is: As many flowers and fruits as there are. And whatever kinds of medicines there are. And as many worldly treasures as there are. And precious mountains, and likewise. Forests, secluded and delightful places. Trees and flowers, constantly adorned and cared for. Any tree, with abundant fruit, branches drooping. Various crops that grow without being cultivated. And other ornaments suitable for offering. Up to the edge of the boundless realm of space. All those things that are unpossessed. I take with my mind. I offer them well to the supreme among the Shakyas. And to all the sons. I request the holy places of virtue to be compassionate. Please think of me with affection and accept these offerings of mine. To those who possess the body of merit and wisdom. I offer precious medicines, grains, fragrances, and the five essences. And supreme holy substances possessing five sets of five ingredients. May I eliminate the diseases of beings. Even though the victorious ones have mastered uncontaminated wealth. For the benefit of beings, they also offer with the five desirable qualities. May I eliminate the suffering of all sentient beings as infinite as space through offering. These seven precious royal objects. I offer to the Medicine Buddha and all his sons. Through the offering of arranging and mentally visualizing. May I possess the power to eliminate diseases. Just as the lord of the gods, having conquered the Asuras. The eight auspicious goddesses made offerings. I also offer with the eight auspicious substances. To the Medicine Buddha and the sage goddesses. The supreme Dharma banner, umbrella, and pennants. And the fluttering victory banner that subdues the armies of demons. With the sounds of dance and musical instrument offerings. I adorn the mandala of the Medicine Buddha beautifully. Om Maha Biju Saparivara Sarva Pratitsa Puja Megha Samudra Saparana Samaya Ah Hum. (Tibetan, Sanskrit Devanagari, Sanskrit Romanization, Chinese literal meaning) From Hum, the torma appears in a precious vessel.

============================================================

================== 第 10 段 ================== 【原始藏文】 དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ལ། །ལྷ་རྣམས་ལྗགས་ལས་འོད་ཀྱི་སྦུ་གུ་ཟུག །གཏོར་མ་བདུད་རྩིར་དྲངས་ཏེ་གསོལ་བར་གྱུར། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། ལན་གསུམ། ཨོཾ་མ་ཧཱ་བྷེ་ཥ་ཛུ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བཅོམ་ལྡན་སྨན་བླ་དྲང་སྲོང་ལྷ་མོའི་ཚོགས། །མཆོད་སྦྱིན་གཏོར་མ་འབུལ་བ་འདི་བཞེས་ལ། །རླུང་མཁྲིས་བད་ཀན་འདུས་པའི་ནད་རིགས་དང་། །དབུལ་ཕོངས་བཀྲེས་སྐོམ་དུས་མིན་འཆི་བ་དང་། །རྒྱལ་པོའི་ཆད་པ་དགྲ་སྡང་འཚེ་བ་དང་། བྱད་སྟེམས་གདོན་དང་ངན་སོང་ལྟུང་བ་སོགས། །འཁོར་བའི་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །བདག་གིས་སྦྱར་བའི་ཕྱེ་མ་རིལ་བུ་ཐང་། །ཐམས་ཅད་ནད་སོས་འཆི་མེད་བདུད་རྩི་རུ། །འགྱུར་བར་སྨན་གྱི་དངོས་གྲུབ་བསྩལ་དུ་གསོལ། །མཐོང་རེག་ཐོས་པའི་སྒོ་ནས་ནད་བརྟགས་ཚེ། ། ནད་རྣམས་གང་ཡིན་རྣ་བར་སྒྲོག་ཏུ་གསོལ། །གཉེན་པོ་སྨན་གྱི་སྦྱོར་བ་སྡུད་པའི་ཚེ། །སྡུད་པ་གང་ཡིན་རྣ་བར་སྒྲོག་ཏུ་གསོལ། །གལ་ཏེ་ཚེ་སྔོན་ལས་སྒྲིབ་ཚན་ཆེ་བས། །དངོས་སུ་གསུངས་པའི་བསྐལ་པ་མེད་ན་ཡང་། །ནད་རྣམས་གང་ཡིན་གཉེན་པོས་གང་ཕན་པ། །བདག་གི་ཡིད་ལ་འཆར་བར་མཛད་དུ་གསོལ། །བདག་གིས་སྦྱར་བའི་སྨན་རྣམས་གང་ཡིན་པ། །གདོན་གྱིས་མི་འཕྲོག་རྐྱེན་གྱིས་མི་བསྒྱུར་བར། །ནད་ཀྱི་སྟེང་དུ་འགྲོ་བར་མཛད་དུ་གསོལ། །བདག་གིས་གསོ་བྱའི་ནད་པ་ཐམས་ཅད་ཀུན། །དུས་མིན་འཆི་བའི་འཇིགས་པ་ཀུན་བསལ་ནས། །ལུས་སྟོབས་ལང་ཚོ་རྒྱས་པར་མཛད་དུ་གསོལ། །གལ་ཏེ་ཚེ་ཟད་དུས་བབ་ཡིན་ན་ཡང་། །བདག་གིས་མཐོང་རེག་སྨན་དེ་ལྕེར་མྱོང་བས། །བཅོམ་ལྡན་སྨན་གྱི་བླ་དེ་རྗེས་དྲན་ཏེ། །ངན་སོང་སྒོ་བཅད་མཐོ་རིས་ལུས་ཐོབ་ནས། །རིམ་གྱིས་བྱང་ཆུབ་ཐོབ་པར་མཛད་དུ་གསོལ། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མ་གཡེལ་བར། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བསྟོད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་ རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས། །སྨན་བླ་བཻཌཱུརྱ་འོད་རྒྱལ་པོ་ལ། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །སྐུ་ཡི་འོད་ཀྱིས་འཇིག་རྟེན་གསལ་མཛད་ཅིང་། །འཁོར་ཚོགས་རྣམས་ཀྱང་མཚན་དང་དཔེ་བྱད་ལྡན། །སྐུ་ཡི་འོད་ཀྱིས་མུན་པ་ཐམས་ཅད་སེལ། །འགྲོ་བའི་མུན་སེལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དབུལ་བ་སེལ། །ལོག་པའི་ལམ་བཟློག་བྱང་ཆུབ་ལམ་ལ་འཛུད། །སྡོམ་གས

【漢語翻譯】 白三甜三甘露之海中,諸神舌尖射出光之管,將朵瑪引為甘露而享用。 嗡 阿嘎惹 穆康(藏文:ཨོཾ་ཨ་ཀཱ་རོ་མུ་ཁཾ་,梵文天城體:ओम् आकारो मुखम्,梵文羅馬擬音:om akaro mukham,漢語字面意思:嗡,啊字是口)。三遍。 嗡 瑪哈 貝卡雜 薩巴熱瓦惹 依當 巴林達 卡卡 卡嘿 卡嘿(藏文:ཨོཾ་མ་ཧཱ་བྷེ་ཥ་ཛུ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།,梵文天城體:ओम् महाभेसज सपरिवार इदम् बलिन्त ख ख खाही खाही,梵文羅馬擬音:om maha bhesaja sapariwara idam balinta kha kha khahi khahi,漢語字面意思:嗡,偉大的藥,及其眷屬,此供品,吃!吃!吃!)。三遍。 薄伽梵藥師,仙人天女眾,此供養朵瑪,祈請您享用,調和風膽涎之疾病,貧窮飢渴非時死,國王之懲罰,敵害侵擾,詛咒邪魔及惡趣墮落等,祈求從輪迴諸苦中救護。 我所調配之粉末丸湯,一切病癒轉為不死甘露,祈請賜予醫藥之成就。以見觸聞之門診察病時,祈請于耳邊告知何種疾病。收集對治藥物配方時,祈請于耳邊告知何種配方。若因前世業障深重,即使無有如實宣說之時代,祈請於我心中顯現,何種疾病以何種對治有益。我所調配之藥物,祈請勿為邪魔所奪,勿為外緣所轉,令其直達病處。我所醫治之所有病人,祈請消除一切非時死亡之怖畏,令其身力青春增長。若已壽命耗盡,死期已至,我以見觸,以舌品嚐此藥,憶念薄伽梵藥師佛,關閉惡趣之門,獲得天界之身,祈請令其次第獲得菩提。往昔之發心誓願,祈請勿忘失,祈請成辦我所託付之事業。然後是讚頌:薄伽梵如來應供正等覺,如來,藥師琉璃光王,我以三門恭敬頂禮讚嘆。身之光芒照亮世間,眷屬眾亦具足妙相好,身之光芒遣除一切黑暗,向您,遣除眾生黑暗者,頂禮讚嘆。以智慧方便遣除眾生貧困,扭轉邪道,引入菩提道,三

【英語翻譯】 In the ocean of three whites and three sweets nectar, May the gods insert light tubes from their tongues. May the torma be drawn into nectar and enjoyed. Om Akaro Mukham, etc. (藏文:ཨོཾ་ཨ་ཀཱ་རོ་མུ་ཁཾ་,梵文天城體:ओम् आकारो मुखम्,梵文羅馬擬音:om akaro mukham,漢語字面意思:Om, A is the mouth). Three times. Om Maha Bheshaja Saparivara Idam Balinta Kha Kha Khahi Khahi (藏文:ཨོཾ་མ་ཧཱ་བྷེ་ཥ་ཛུ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།,梵文天城體:ओम् महाभेसज सपरिवार इदम् बलिन्त ख ख खाही खाही,梵文羅馬擬音:om maha bhesaja sapariwara idam balinta kha kha khahi khahi,漢語字面意思:Om, great medicine, with its retinue, this offering, eat! eat! eat!). Three times. Bhagavan Medicine Buddha, assembly of sages and goddesses, Please accept this offering torma. Diseases arising from wind, bile, and phlegm, Poverty, hunger, thirst, untimely death, Royal punishment, enemy hatred, harm, Curses, demons, and falls into the lower realms, Please protect us from all the sufferings of samsara. The powders, pills, and soups that I have prepared, May they all cure diseases and transform into immortal nectar. Please grant the accomplishment of medicine. When diagnosing diseases through sight, touch, and hearing, Please whisper in my ear what the diseases are. When collecting the remedies and medicinal formulas, Please whisper in my ear what the formulas are. If, due to heavy karmic obscurations from past lives, Even if there is no age in which it is explicitly spoken, Please make it arise in my mind, what diseases are and what remedies are beneficial. Whatever medicines I have prepared, May they not be stolen by demons or altered by circumstances. Please let them go directly to the site of the disease. All the patients that I am treating, Please dispel all fears of untimely death, And increase their physical strength and youth. Even if their lifespan is exhausted and their time has come, By seeing, touching, and tasting this medicine, Remembering the Bhagavan Medicine Buddha, Closing the doors to the lower realms and obtaining a body in the higher realms, Please let them gradually attain enlightenment. May you not forget your past aspirations and prayers. Please accomplish the tasks that I have entrusted to you. Then the praise: Bhagavan Tathagata Arhat Samyaksambuddha, Tathagata, Medicine Buddha Bhaisajyaraja, I prostrate and praise with reverence through the three doors. The light of your body illuminates the world, And the assembly of attendants also possesses marks and signs. The light of your body dispels all darkness. I prostrate and praise you, who dispel the darkness of beings. With wisdom and skillful means, you dispel the poverty of beings. You reverse the wrong path and lead them onto the path of enlightenment. The three

============================================================

================== 第 11 段 ================== 【原始藏文】 ུམ་ལྡན་ཞིང་ཚུལ་ཁྲིམས་མ་ཉམས་འགོད། །ཐར་པའི་ལམ་སྟོན་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་པོ་མ་ཚང་འོན་ལོང་ཞ་གྲུམ་སེལ། །སྐྱབས་མགོན་བྲལ་བའི་ནད་རྣམས་ཐམས་ཅད་ཞི། །སྐྱེས་དམན་བུད་མེད་སྐྱེ་བ་མཐར་བྱེད་པ། །མགོན་མེད་མགོན་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད། །ལོག་ལྟ་ཀུན་སེལ་ཡང་དག་ལྟ་བར་འགོད། །རྒྱལ་པོའི་ཆད་པས་བཅིངས་བརྡེག་གཅོད་པ་སེལ། །བཀྲེས་སྐོམ་སྡུག་།བསྔལ་ཀུན་སེལ་ཁ་ཟས་དང་། །གོས་བཟང་འབད་མེད་སྩོལ་ལ་ཕྱག་འཚལ་བསྟོད། །སེར་སྣའི་དབང་གིས་ཡི་དྭགས་གནས་སོང་ཡང། །སྔོན་ཚེ་ཁྱེད་མཚན་ཐོས་པས་མྱུར་ཐར་ ནས། །ཚེ་རབས་དྲན་ཞིང་སྦྱིན་པའི་ཕར་ཕྱིན་སྤྱོད། །བསོད་ནམས་གཏེར་མངའ་ཁྱེད་ལ་ཕྱག་འཚལ་བསྟོད། །ཚུལ་ཁྲིམས་འཆལ་བས་དམྱལ་བར་ལྟུང་ན་ཡང་། །སྔོན་ཚེ་ཁྱེད་མཚན་ཐོས་པས་མྱུར་ཐར་ནས། །ཚུལ་ཁྲིམས་གཙང་ལྡན་བྱང་ཆུབ་སེམས་དཔར་གྱུར། །ཉེས་ལྟུང་ཀུན་སེལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ཚིག་རྩུབ་བརྗོད་པས་ངན་སོང་དུ། །སྐྱེས་ཀྱང་ཁྱོད་མཚན་ཐོས་པས་མྱུར་དུ་ཐར། །ཤེས་རབ་ཆེ་ཞིང་ཆོས་རྣམས་ཁོང་དུ་ཆུད། །གཏི་མུག་མུན་སེལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཕ་རོལ་བྱད་མས་ལྷ་འདྲེ་རྦད་བྱས་ནས། །བྱད་སྟེམས་སྦྱོར་བས་སྲོག་ལ་འཚེ་ན་ཡང་། །ཁྱོད་མཚན་ཐོས་པས་གནོད་འཚེའི་གདུག་པ་ཞི། །བྱམས་པའི་གོ་ཆ་བགོས་ལ་ཕྱག་འཚལ་བསྟོད། །འཚོ་མཛད་སྨན་གྱི་དྲང་སྲོང་སེར་སྐྱ་དང་། །དྲང་སྲོང་ཙ་ར་ཀ་ནི་དཀར་སྐྱ་ལ། །དྲང་སྲོང་གཟིག་གཟུགས་ཅན་ནི་དམར་སྐྱ་སྟེ། །དྲང་སྲོང་གཞུང་སྐྱེས་སྔོ་ལ་སྐྱ་བའི་མདངས། ཀུན་ཀྱང་རྣམ་རྒྱལ་བདུད་རྩིའི་ལྷུང་བཟེད་བསྣམས། །དྲང་སྲོང་ཆ་ལུགས་འཛིན་ལ་ཕྱག་འཚལ་བསྟོད། །སྨན་གྱི་ལྷ་མོ་བཞི་ནི་སྒེག་འཛུམ་ལྡན། །སྨན་སྙིང་བདུད་རྩིའི་བུམ་པ་ ཕྱག་ན་བསྣམས། །དར་དང་རིན་ཆེན་རྒྱུན་ལྡན་ཕྱེད་སྐྱིལ་བཞུགས། །རྣོ་མཐོང་སྟོན་མཛད་བཞི་ལ་ཕྱག་འཚལ་བསྟོད། །གཞན་ཡང་སྨན་བླ་དྲང་སྲོང་འབུམ་ཕྲག་དྲུག །བདུད་རྩི་སྨན་གྱི་ལྷ་མོ་བྱེ་བ་འབུམ། །སྨན་གྱི་རིག་འཛིན་ལྷ་ཀླུ་མི་ལ་སོགས། །འཁོར་དང་ཡང་འཁོར་བཅས་ལ་གུས་པས་བསྟོད། །རྣོ་མཐོང་མངོན་ཤེས་རྣ་བར་བཤད་པ་དང་། །རྩ་པྲ་ཆུ་པྲ་གསལ་བར་འཆར་བ་དང་། །སྨན་རྣམས་བདུད་རྩིར་བསྒྱུར་བའི་དངོས་གྲུབ་སྩོལ། །དེ་ལྟར་བདག་མདུན་བུམ་པ་གསུམ། །ཉིན་རེ་ཚར་རེ་འདོན་བྱ་ཞིང་། །གཙོ་ཆེར་བདག་བསྐྱེད་བསྙེན་པ་ལ། །ཞག་བདུན་བྱ་ཞིང་དེ་ནས་ནི། །བུམ་བསྐྱེད་ལ་དམིགས་ཞག་བདུན་བསྒྲུབ། །

【漢語翻譯】 具足母性且戒律不虧損,向您頂禮讚嘆,您是解脫道的導師。 消除殘疾、耳聾、眼瞎、癱瘓等,平息所有失去怙主的疾病。 使卑賤的婦女最終獲得轉生,向您頂禮讚嘆,您是無依者的依靠。 消除一切邪見,確立正確的見解,消除國王的刑罰、束縛、鞭打和斬首。 消除飢渴的痛苦,毫不費力地賜予食物和華美的衣裳,向您頂禮讚嘆。 即使因吝嗇而墮入餓鬼道,前世聽聞您的名號也能迅速解脫, 憶起前世,行持佈施的波羅蜜多,您擁有功德的寶藏,向您頂禮讚嘆。 即使因毀犯戒律而墮入地獄,前世聽聞您的名號也能迅速解脫, 成為具足清凈戒律的菩薩,消除一切罪墮,向您頂禮讚嘆。 即使因嫉妒和惡語而轉生惡道,聽聞您的名號也能迅速解脫。 智慧廣大,通達一切佛法,消除愚癡的黑暗,向您頂禮讚嘆。 即使被外道的詛咒、鬼神的降伏所害,或因邪術的加害而危及生命, 聽聞您的名號,也能平息損害和傷害的毒害,披上慈悲的盔甲,向您頂禮讚嘆。 救護眾生的藥師仙人,黃色和灰色的,以及仙人扎拉嘎,白色和灰色的。 仙人豹身者,紅色和灰色的,仙人竹生者,藍色和灰色的光彩。 都手持勝妙甘露的寶瓶,向持有仙人裝束者頂禮讚嘆。 四位藥女,容貌嬌美,手中拿著藥精甘露的寶瓶。 身披絲綢和珍寶,常處於半跏坐姿,向指示明智的四位藥女頂禮讚嘆。 此外,還有六十萬藥師仙人,以及千百萬甘露藥女。 藥的持明者,天龍人等,以及眷屬和再眷屬,都恭敬地讚歎。 請賜予明智、神通在耳邊宣說,清晰地顯現脈象、尿象,以及將藥物轉化為甘露的成就。 如是,在自己面前放置三個寶瓶,每天唸誦一遍,主要進行自生本尊的修持, 進行七天,然後專注于寶瓶生起,修持七天。

【英語翻譯】 You who possess motherhood and uphold the precepts without fail, I prostrate and praise you, the guide on the path to liberation. Eliminate disabilities, deafness, blindness, paralysis, and pacify all diseases of those who have lost their protector. You who bring lowly women to the ultimate birth, I prostrate and praise you, the refuge of the helpless. Eliminate all wrong views and establish correct views, eliminate the punishments, bonds, beatings, and executions by kings. Eliminate the suffering of hunger and thirst, effortlessly bestow food and fine clothing, I prostrate and praise you. Even if one falls into the preta realm due to stinginess, hearing your name in a previous life will quickly liberate them, Remembering past lives and practicing the paramita of generosity, you possess a treasure of merit, I prostrate and praise you. Even if one falls into hell due to violating precepts, hearing your name in a previous life will quickly liberate them, Becoming a Bodhisattva who possesses pure precepts, eliminate all transgressions, I prostrate and praise you. Even if one is born into a lower realm due to jealousy and harsh words, hearing your name will quickly liberate them. With great wisdom and understanding of all the Dharma, eliminate the darkness of ignorance, I prostrate and praise you. Even if one is harmed by the curses of outsiders, the subjugation of spirits, or if life is threatened by the application of evil spells, Hearing your name will pacify the poison of harm and injury, donning the armor of loving-kindness, I prostrate and praise you. The healing sage who sustains life, yellow and gray, and the sage Caraka, white and gray. The sage with the leopard’s body, red and gray, the sage born from bamboo, blue and gray in complexion. All holding the victorious vase of nectar, I prostrate and praise those who hold the attire of sages. The four medicine goddesses, with charming smiles, holding vases of nectar, the essence of medicine, in their hands. Adorned with silk and jewels, constantly seated in a half-lotus posture, I prostrate and praise the four who show clear vision. Furthermore, six hundred thousand Medicine Buddha sages, and millions of nectar medicine goddesses. The vidyadharas of medicine, gods, nagas, humans, etc., along with their retinues and sub-retinues, are all respectfully praised. Please grant the accomplishment of clear vision, clairvoyance spoken into the ear, clear manifestation of pulse and urine diagnosis, and the transformation of medicines into nectar. Thus, place three vases in front of oneself, recite one set each day, mainly practicing the self-generation deity, Do this for seven days, then focus on the vase generation, and practice for seven days.

============================================================

================== 第 12 段 ================== 【原始藏文】 མདུན་བསྐྱེད་ལ་དམིགས་སྒྲུབ་ཆེན་ཏེ། །ཞག་པོ་བདུན་དུ་བཟླ་བར་བྱ། །ཡང་ན་བདག་མདུན་བུམ་པ་གསུམ། །སྔགས་ནི་སྟོང་ཕྲག་རེ་རེ་བྱ། །ཉིན་རེ་ཚང་བར་བསྙེན་ཡང་རུང་། །བདུན་ནམ་བཅུའམ་ཉེར་གཅིག་སོགས། །སྔགས་ནི་ཁྲི་འབུམ་ལ་སོགས་བསྒྲུང་། །དུས་དང་གྲངས་ལ་ངེས་པ་མེད། །རྟགས་ནི་ནམ་མཁའ་གཡས་གཡོན་ནས། །སྒྲ་ནི་ལྷང་ལྷང་སྒྲོག་པ་དང་། །བུད་མེད་མཛེས་མ་མང་པོ་དང་། །ཁྱེའུ་བུ་མོ་མང་པོ་འདུ། །རྩེད་མོ་ལ་སོགས་རྒྱུག་མཆོང་བྱེད། །ངེད་རྣམས་འབོད་ནས་ཅི་ཡིན་ཟེར། །བུད་མེད་ཤེལ་དང་སྨན་སྣ་འབུལ། །གལ་ཏེ་དངོས་སུ་བྱུང་ གྱུར་ན། །ངས་ཅི་བྱ་རྒྱུ་ཡོད་སྨྲོས་ཞེས། །ཟེར་བ་བྱུང་ན་འགྲོ་བའི་ནད། །གང་ཡིན་གང་ཕན་སྨྲོས་ཤིག་བརྗོད། །རྟགས་ནི་རབ་དངོས་འབྲིང་ལ་ཉམས། །ཐ་མ་རྨི་ལམ་དག་ཏུ་འོང་། །ཤེལ་དང་མེ་ལོང་མར་མེ་དང་། །མེ་ཏོག་ཕྲེང་བ་རྙེད་དང་ཁུར། །ཆུ་ཐིག་པའི་དངོས་གྲུབ་འབྱུང་། །ཨ་རུ་ར་སོགས་སྨན་རྣམས་དང་། །དཀར་གསུམ་ཟས་དང་ཆང་བྱིན་ན། །ཕན་ཐོགས་ཆེ་བའི་དངོས་གྲུབ་འབྱུང་། །དུང་འབུད་རོལ་མོ་འབུད་འཁྲོལ་ན། །རོལ་མོའི་སྐད་ཀྱི་ཆེ་ཆུང་ལྟར། །སྨན་ལ་མཁས་པའི་གྲགས་པ་འཐོབ། །སྨན་ཡིག་གླེགས་བམ་བྱིན་ནམ་རྙེད། །གསོ་རིག་གོ་རྟོགས་རྒྱ་ཆེར་འབྱུང་།་དར་འཕྱར་ཁྲི་ལ་འདུག་པ་དང་། །མི་མང་ཕྱག་འཚལ་ཟས་ནོར་ཕུལ། །གསོ་རིག་གདུལ་བྱ་དངོས་གྲུབ་འབྱུང་། །སྨན་བླ་དངོས་སུ་མཇལ་བའམ། །སྨན་བླའི་བྲིས་སྐུ་ལྡེར་སྐུ་མཇལ། །མཆོག་དང་ཐུན་མོང་གཉིས་ཀ་འབྱུང་། །ཉི་ཟླ་ཤར་དང་གོས་དཀར་གྱོན། །ཆུ་ཆེན་བརྒལ་དང་འོ་མ་བཏུང་། །ལུས་ལས་མི་གཙང་རྣག་ཁྲག་འཛག །དེ་རྣམས་སྒྲིབ་པ་དག་རྟགས་སོ། །ལུས་ལས་སྲིན་བུ་རྣག་ཁྲག་ཐོན། །མི་གཙང་སྐྱུགས་རྨིས་ནད་ལས་གྲོལ། །ཁྲོམ་ལ་ཡིག་དྲུག་བསྐུལ་མ་དང་། །ཟམ་ཆེན་བཙུགས་རྨིས་འགྲོ་དོན་འཕེལ། །ལུས་བདེ་ཁམས་དྭངས་རིག་པ་གསལ། །དད་པ་དག་སྣང་སྐྱོ་ཤས་ཆེ། །གནས་ལུགས་རྟོགས་པ་སྐྱེས་པ་ནི། །དེ་ནི་མཆོག་གི་དངོས་གྲུབ་རྟགས། །དེ་ལྟར་སྒྲུབ་པ་ཚར་བའི་རྗེས། །བུམ་པ་རང་གི་སྤྱི་བོར་བཞག །སྨན་བླས་དངོས་སུ་དབང་བསྐུར་ བསམ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་དབང་བསྐུར་རོ། །ན་མོ་ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྟཏེ་ཧཱུྃ། ཨོཾ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩནྟཾ། བདུད་རྩིས་ལུས་གང་སྡིག་སྒྲིབ་དག །སྐུ་གསུང་ཐུགས་དབང་ཡོང

【漢語翻譯】 於前觀修乃大成就,需於七日內唸誦。 或者自前設三寶瓶,各念誦真言千遍。 每日圓滿修持亦可,七日或十日或二十一日等。 真言可增至十萬百萬等,不限定時間和數量。 驗相為虛空中,左右傳來, 聲音清脆響亮,眾多美貌女子, 眾多孩童聚集,嬉戲等奔跑跳躍。 呼喚我們,問有何事,女子奉獻明鏡和各種藥物。 若真實顯現,問我該如何做。 若如此說,則說眾生之疾病,何者有益請說。 驗相上等為親見,中等為體驗,下等則于夢中顯現。 獲得或攜帶明鏡、鏡子、蠟燭和花環。 出現水滴的成就。 給予或供養訶子等藥物,以及三白食物和酒, 則出現助益甚大的成就。 若吹奏海螺和樂器,根據樂器聲音的大小, 獲得精通醫藥的名聲。給予或找到醫書, 對醫學的理解大大提升。升旗幟,坐在寶座上, 眾人頂禮膜拜,供養食物和財物,出現調伏醫學弟子的成就。 親見藥師佛,或見藥師佛的畫像或壁畫, 出現共同和殊勝兩種成就。日月升起,身穿白衣, 渡過大河,飲用牛奶,身體流出不凈膿血。 這些都是清凈業障的徵兆。身體排出蟲子和膿血, 夢見嘔吐不凈之物,脫離疾病。夢見在市場上勸人唸誦六字真言, 夢見建造大橋,利益眾生之事增多。身體安樂,氣息清明,覺性明朗, 信心、清凈顯現和厭離心增強,生起證悟實相之智慧, 這是殊勝成就的徵兆。如此修持圓滿后, 將寶瓶置於自己頭頂,觀想藥師佛親自灌頂。 如剛出生時,諸天神沐浴一般, 以諸天之清凈甘露,如是為我灌頂。 那摩 嗡 班匝 貝堪匝 瑪哈貝堪匝 薩木嘎達 吽 (藏文:ན་མོ་ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྟཏེ་ཧཱུྃ།,梵文天城體:नमो ओṃ वज्र भैषज्य महाभैषज्य समुद्गते हुṃ,梵文羅馬擬音:namo oṃ vajra bhaiṣajya mahābhaiṣajya samudgate hūṃ,漢語字面意思:頂禮 嗡 Vajra 藥 偉大的藥 出生 吽)。嗡 嘎雅 瓦嘎 चित्त 阿比香恰當 (藏文:ཨོཾ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩནྟཾ།,梵文天城體:ओṃ काय वाक् चित्त अभिषिञ्चन्तं,梵文羅馬擬音:oṃ kāya vāk citta abhiṣiñcantaṃ,漢語字面意思:嗡 身 語 意 灌頂)。甘露充滿身體,罪障清凈,身語意獲得加持。

【英語翻譯】 The great accomplishment is to focus on the front generation, and it should be recited for seven days. Alternatively, set up three vases in front of oneself, and recite each mantra a thousand times. It is also acceptable to complete the practice every day, for seven, ten, or twenty-one days, etc. The mantra can be increased to hundreds of thousands or millions, etc., without fixed time or number. The signs are that from the sky, left and right, sounds ring out clearly, and many beautiful women, many boys and girls gather, playing games, running and jumping. They call us and ask what is the matter, and women offer mirrors and various medicines. If it actually appears, ask what I should do. If they say so, then speak of the diseases of beings, and say what is beneficial. The signs are that the best is direct vision, the middle is experience, and the lowest comes in dreams. Finding and carrying mirrors, lamps, and garlands. The accomplishment of water droplets occurs. If you give or offer arura and other medicines, as well as three white foods and alcohol, then a very helpful accomplishment will occur. If you blow conch shells and play music, according to the size of the music’s sound, you will gain fame as an expert in medicine. Giving or finding medical books, your understanding of medicine will greatly increase. Raising flags and sitting on a throne, many people prostrate, offering food and wealth, and the accomplishment of taming medical disciples occurs. Directly seeing the Medicine Buddha, or seeing a painted or sculpted image of the Medicine Buddha, both common and supreme accomplishments will occur. The sun and moon rise, wearing white clothes, crossing a great river, and drinking milk. Impure pus and blood flow from the body. These are all signs of purifying obscurations. Worms and pus and blood come out of the body, dreaming of vomiting impure things, and being freed from disease. Dreaming of encouraging people to recite the six-syllable mantra in the market, dreaming of building a great bridge, and increasing the benefit of beings. The body is comfortable, the elements are clear, and awareness is clear, faith, pure appearance, and renunciation increase, and the wisdom of realizing the true nature arises, this is a sign of supreme accomplishment. After completing the practice in this way, place the vase on your head, and think that the Medicine Buddha is personally giving the empowerment. Just as at birth, the gods bathe, with the pure nectar of the gods, so empower me. Namo Om Vajra Bhaishajye Maha Bhaishajya Samudgate Hum (Tibetan: ན་མོ་ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྟཏེ་ཧཱུྃ།, Sanskrit Devanagari: नमो ओṃ वज्र भैषज्य महाभैषज्य समुद्गते हुṃ, Sanskrit Romanization: namo oṃ vajra bhaiṣajya mahābhaiṣajya samudgate hūṃ, Literal Chinese meaning: Homage Om Vajra Medicine Great Medicine Arisen Hum). Om Kaya Vak Citta Abhishincantam (Tibetan: ཨོཾ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩནྟཾ།, Sanskrit Devanagari: ओṃ काय वाक् चित्त अभिषिञ्चन्तं, Sanskrit Romanization: oṃ kāya vāk citta abhiṣiñcantaṃ, Literal Chinese meaning: Om Body Speech Mind Anointing). May the nectar fill the body, purify sins and obscurations, and may body, speech, and mind be empowered.

============================================================

================== 第 13 段 ================== 【原始藏文】 ས་རྫོགས་ཤོག་།མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །བུམ་ཆུ་འཐུང་ཞིང་ཁྲུས་བྱའོ། །དེ་ནས་དངོས་གྲུབ་བླང་བ་ནི། །མདུན་བསྐྱེད་སྨན་སྣའི་ཚོམ་བུ་ནས། །མཐེབ་སྲིན་གྱིས་བླངས་སྙིང་གར་བྱུག །མདུན་བསྐྱེད་སྨན་བླ་གཙོ་འཁོར་ལས། །འོད་འཕྲོས་སྣང་སྲིད་ཐམས་ཅད་ཀྱི། །བཅུད་དང་སྨན་གྱི་དངོས་གྲུབ་རྣམས། །ཐམས་ཅད་བསྡུས་ནས་བདག་ལ་ཐིམ། །མདུན་བསྐྱེད་གཙོ་བོ་ཐམས་ཅད་ཀྱིས། །དཔྲལ་བ་མགྲིན་པ་ཐུགས་ཀ་དང་། །ལྟེ་བ་གསང་གནས་ལྔ་པོ་ནས། །འོད་ཟེར་དཀར་དམར་མཐིང་སེར་དང་། །ལྗང་གུ་འཕྲོས་ནས་བདག་ལ་ཐིམ། །ནད་སེལ་སྨན་གྱི་དངོས་གྲུབ་ཐོབ། །འགྲོ་དོན་ནུས་པའི་དབང་མཆོག་ཐོབ། །སྨན་བླ་དངོས་དང་དབྱེར་མེད་གྱུར། །ན་མོ་ཨོཾ་བཛྲ་བྷི་ཥ་ཕྱེ་མ་ཧཱ་བྷེ་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ དེ་ནས་མཆོད་པ་ཁ་གསོས་ལ། །ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ནང་གི་མཆོད་པ་རིག་མ་བཅུ་དྲུག་དང་། ཕྱི་ནང་གསང་བའི་མཆོད་པ་དཔག་མེད་མཆོད། །སྐྱེད་ཚལ་གཞལ་མེད་ཁང་དང་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་པདྨ་བཅས། །རིན་ཆེན་འབྲུ་སྨན་རྩི་བཅུད་བང་མཛོད་དང་། །གོས་དར་ཁྲི་གདན་བཞོན་པ་བྲན་འཁོར་འབུལ། །ཨོཾ་མ་ཧཱ་བྷི་ཥ་ཛཱི་ས་པ་རི་ཝཱ་ར་སརྦ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འགྲོ་བའི་ནད་གསོ་མཛད་པ་སྨན་གྱི་མཆོག །བེཟླུརྨ་ལྟར་དྭངས་བའི་སྐུ་མངའ་ཞིང་། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བདག་ནི་མ་རིག་གེགས་དབང་ལས་གྱུར་པའི། །ཏིང་འཛིན་མ་གསལ་སྔགས་སྒྲ་མ་དག་སོགས། །མཆོད་པ་ཆུང་ཞིང་གཙང་སྦྲ་མ་བྱས་སོགས། །འགལ་འཁྲུལ་ཉེས་པ་ཐམས་ཅད་མཐོལ་ཞིང་བཤགས། །ཨོཾ་བཛྲ་སཏཱ་ས་མ་ཡ། ཞེས་ཡིག་བརྒྱ་བཟླ། ཡེ་ཤེས་པ་དང་འཇིག་རྟེན་པའི། །སྨན་གྱི་ལྷ་ཚོགས་བཅས་པ་རྣམས། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །སྐུ་གསུང་ ཐུགས་ཀྱི་རྟེན་རྫས་མཆོག །སྐུ་གཟུགས་སྔགས་བྱང་རིལ་བུ་ལ། །དུས་རྣམས་རྟག་ཏུ་བརྟན་བཞུགས་ལ། །ནད་ཀྱི་རྒྱུ་རྐྱེན་གསོ་ཐབས་དང་། །འཚོ་འཆི་རིམ་གྲོ་ཅིས་ཕན་རྣམས། །བདག་ལ་འཆད་ཅིང་སྟོན་པར་མཛོད། །སྤྱན་དྲངས་ལྷ་རྣམས་རྟེན་ལ་ཐིམ། །དམ་ཚིག་རང་གི་སྙིང་གར་ཐིམ། །རང་ཡང་མཐའ་ནས་དབུས་སུ་ཡལ། །མི་དམིགས་སྟོང་པ་ཉིད་དུ་གྱུར། །ཅེས་ཡུད་ཙམ་བསྒོམས་ནས། སླར་ཡང་ཟུང་འཇུག་སྒྱུ་མའི་སྐུ། །རང་ཉིད་སྨན་བླ་གཙོ་རྐ

【漢語翻譯】 愿地圓滿!由不動尊為之頂飾,飲用瓶水並沐浴。此後獲得成就之法,從前方生起的藥材堆中,以拇指和無名指取之涂於心間。從前方生起的藥師佛主眷處,光芒四射,將所有顯有世間的精華和藥物成就,全部彙集融入自身。前方生起的所有主尊,從額頭、喉嚨、心間和肚臍、秘密處這五個部位,放射出白色、紅色、藍色、黃色和綠色光芒,融入自身。獲得消除疾病的藥物成就,獲得利益眾生的殊勝能力,與藥師佛無二無別。那摩 嗡 班匝 貝卡匝 貝卡匝 瑪哈貝卡匝 薩木嘎達 德 吽(藏文)Na mo oṃ vajra bhiṣa phye ma hā bheṣa dzu sa mutta te hūṃ(梵文羅馬擬音) नमो ओṃ वज्र भेष ज्ये माहा भेष ज्यु सा मुत्त ते हुं(梵文天城體) 頂禮 嗡 班匝 貝卡匝 瑪哈貝卡匝 薩木嘎達 德 吽(漢語字面意思)。班匝 阿威夏亞 阿 阿(藏文)vajra āveśaya a āḥ(梵文羅馬擬音)वज्र आवेशय अ आः(梵文天城體)金剛 融入 阿 阿(漢語字面意思) 此後,供養食物,供養四水、五妙欲、音樂,五種欲妙和七政寶,內在供養十六明妃,以及外內秘密無量供養。供養園林、無量宮殿和如意樹,寶藏之瓶、沐浴池、蓮花等,珍寶穀物、藥物、精華寶庫,以及絲綢、寶座、坐騎、侍從等。嗡 瑪哈 貝卡匝 薩巴熱瓦ra 薩瓦 扎德叉 布匝 麥嘎 薩木札 薩帕ra納 薩瑪耶 吽(藏文)oṃ mahā bhiṣajī sa parivāra sarva praticcha pūja megha samudra spharaṇa samaye hūṃ(梵文羅馬擬音)ओṃ महा भेषजी स परिवार सर्व प्रतिच्छ पूज मेघ समुद्र स्फरण समये हुं(梵文天城體) 嗡 瑪哈 貝卡匝 薩巴熱瓦ra 薩瓦 扎德叉 布匝 麥嘎 薩木札 薩帕ra納 薩瑪耶 吽(漢語字面意思)。頂禮讚嘆,醫治眾生疾病的藥中之王,擁有如琉璃般清澈的身體,以身之光芒救度眾生,藥王及其眷屬。我因無明障礙所致,禪定不清晰,咒語發音不準確等,供品微少,未做清潔等,所有違背錯誤之處,皆懺悔。嗡 班匝 薩埵 薩瑪雅(藏文)oṃ vajra sattva samaya(梵文羅馬擬音)ओṃ वज्र सत्त्व समय(梵文天城體) 嗡 班匝 薩埵 薩瑪雅(漢語字面意思),唸誦百字明。爲了利益一切眾生,智慧和世間的藥神眾,身語意之殊勝所依,身像、咒語、藥丸,愿你們恒時安住,請為我講述並展示疾病的起因、治療方法,以及生死儀軌的利益。迎請的諸神融入所依,誓言融入自身心間,自身也從外向內消融,化為不可思議的空性。如此稍作禪修后,再次顯現雙運幻化之身,自身成為藥師佛主。

【英語翻譯】 May the earth be complete! Adorned with Akshobhya, drink the water from the vase and bathe. Then, the method of obtaining accomplishments is: from the heap of medicinal substances generated in front, take it with the thumb and ring finger and apply it to the heart. From the Medicine Buddha, the main deity and retinue generated in front, light radiates, gathering all the essence and medicinal accomplishments of all phenomena and existence, and dissolving into oneself. From the forehead, throat, heart, navel, and secret place of all the main deities generated in front, white, red, blue, yellow, and green light radiates and dissolves into oneself. Obtain the medicinal accomplishment of curing diseases, obtain the supreme empowerment of benefiting beings, and become inseparable from the Medicine Buddha. Na mo oṃ vajra bhiṣa phye ma hā bheṣa dzu sa mutta te hūṃ. Vajra āveśaya a āḥ Then, offer food, the four waters, the five sensual pleasures, music, the five desirable qualities, and the seven royal treasures. Offer the sixteen inner offering goddesses, and countless outer, inner, and secret offerings. Offer gardens, immeasurable palaces, wish-fulfilling trees, treasure vases, bathing ponds, lotuses, precious grains, medicines, essence treasuries, silk clothes, thrones, seats, vehicles, servants, and attendants. oṃ mahā bhiṣajī sa parivāra sarva praticcha pūja megha samudra spharaṇa samaye hūṃ. I prostrate and praise the king of medicine who heals the diseases of beings, who possesses a body as clear as lapis lazuli, and who liberates beings with the light of his body, together with the Medicine Buddha and his retinue. I confess and repent all violations and errors, such as unclear samadhi, inaccurate mantra pronunciation, meager offerings, and lack of cleanliness, caused by ignorance and obstacles. oṃ vajra sattva samaya, recite the hundred-syllable mantra. For the benefit of all beings, may the wisdom and worldly medicine deities, the supreme supports of body, speech, and mind, the body images, mantras, and pills, always remain stable. Please explain and show me the causes of diseases, methods of healing, and the benefits of rituals for life and death. The invited deities dissolve into the supports, the vows dissolve into one’s own heart, and oneself also dissolves from the outside in, transforming into inconceivable emptiness. After meditating like this for a moment, again manifest the illusory body of union, and oneself becomes the main Medicine Buddha.

============================================================

================== 第 14 段 ================== 【原始藏文】 ྱང་ནི། །ཕྱག་མཚན་མེད་པར་གསལ་གྱུར་ནས། །འགྲོ་བའི་དོན་ནི་དཔག་མེད་བྱེད། །པད་འབྱུང་གཡུ་ཐོག་ཟུར་མཁར་ཆོས་རྗེ་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྨན་བླ་སྨན་གྱི་ལྷ་མོ་དྲང་སྲོང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྡོ་རྗེ་བདུད་འདུལ་དྲེགས་པ་སྡེ་དགུ་སོགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདག་ གིས་སྨན་བླ་བསྙེན་སྒྲུབ་མཆོད་པའི་མཐུས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །བདག་གིས་མཐོང་ཐོས་དྲན་རེག་སེམས་ཅན་ཀུན། །ལུས་སེམས་ཟུག་རྔུ་ཐམས་ཅད་ཞི་གྱུར་ཅིག །བདག་གིས་གསོས་པའི་ནད་པ་ཐམས་ཅད་ཀྱང་། །མྱུར་དུ་ནད་ཞི་ལུས་སེམས་བདེ་ལྡན་ཞིང་། །ངན་སོང་འཁོར་བའི་སྐྱེ་སྒོ་ཀུན་འགགས་ནས། །རིམ་གྱིས་བྱང་ཆུབ་མངོན་དུ་བྱེད་པར་ཤོག །མ་འོངས་ནམ་མཁའི་མཐར་ཐུག་འཇིག་རྟེན་ན། །ནད་ཀྱི་བསྐལ་པ་གང་དུ་དར་བ་དེར། །བདག་ནི་སྨན་པའི་གཟུགས་སུ་མངོན་སྤྲུལ་ནས། །འགྲོ་བའི་ནད་རྣམས་མ་ལུས་སེལ་བར་ཤོག །མདོར་ན་བཅོམ་ལྡན་སྨན་བླའི་སྐུ་གསུང་ཐུགས། །བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ། །སྐད་ཅིག་ད་ལྟ་ཉིད་དུ་འགྲུབ་གྱུར་ནས། །རྫོགས་པའི་བྱང་ཆུབ་དམ་པ་མྱུར་འགྲུབ་ཤོག །དེ་ནས་སྐུ་གཟུགས་སྔགས་ཕྲེང་དར་དཀར་དྲིལ། །བུམ་ཆུའི་རིལ་བུ་སྨན་གྱི་ཚོམ་བུ་རྣམས། །ཟངས་སམ་ལི་དཀར་གྲྭའུ་ཡོད་ན་རབ། །མེད་ན་རས་སོགས་ཐུམ་བུ་བྱས་ལ་བཏགས། །མགུལ་ལམ་མཚན་ཁུང་གང་བདེར་རྒྱུན་དུ་འཆང་། །ར་བ་བཞི་དང་དུས་སྦྱོར་འགྲུབ་སྦྱོར་དུས། །ཚེས་བརྒྱད་བཅོ་ལྔ་ལ་སོགས་དུས་བཟང་དུས། །ཆོ་འཕྲུལ་ཟླ་བ་ལ་སོགས་དུས་ཆེན་བཞི། །ཉི་ཟླ་ གཟའ་འཛིན་ལ་སོགས་འགྱུར་ཡོད་དུས། །རྟེན་མཆོད་བཤམས་ལ་ཆོ་ག་ཚར་རེ་དང་། །སྔགས་རྣམས་མང་ཉུང་གང་འགྲུབ་ཁ་གསོའོ། །རྒྱུན་དུ་བདག་བསྐྱེད་འདོན་ན་ཆོག །སྤྱན་དྲངས་ལྷ་རྣམས་རྟེན་ལ་ཐིམ། །ཞེས་པ་མན་ཆད་སྦྱར་བར་བྱ། །དུས་བཟང་ལ་སོགས་ནམ་སྐབས་སུ། །བུམ་པ་གཏོར་མ་མ་འཛོམས་ན། །ཇ་ཕུད་འོ་ཕུད་གང་འཛོམ་བཤམ། །ཡང་ན་མར་ཞིག་ཆུ་ཡིས་བྲན། །དེ་ནས་བདག་མདུན་ཚང་བར་འདོན། །བུམ་པ་མི་འདོན་སྒྱུར་བས་ཆོག །བུམ་པའི་ཚབ་ལ་ཏིང་ཐེབ་དང་། །དཀར་ཡོལ་ལ་ཁྲ་ཆུས་བཀང་ནས། །དེ་ལ་བུམ་པ་སྒོམ་ཡང་རུང་། །དེ་ནས་རྩ་ནི་བལྟ་བའི་

【漢語翻譯】 又,無相而顯明,成辦無量眾生之事。蓮花生、玉妥·雲丹貢布、祖喀法王等,祈願根本傳承上師吉祥!藥師佛、藥神天女、仙人,祈願本尊壇城眾神吉祥!金剛降魔、傲慢九部眾等,祈願護法守護神吉祥!願四百零四種疾病平息,遠離不順損害之因,順利成就,圓滿具足,以此吉祥,願今日安樂!我以藥師佛修持供養之威力,從此生至一切生世,我所見聞憶念觸及之一切眾生,願身心一切痛苦平息!我所救治之一切病人,願迅速病癒,身心安樂,斷絕墮入惡趣輪迴之門,次第現證菩提!未來虛空邊際之世界,無論何處疾病劫難盛行,我皆化現為醫師之身,願救治一切眾生之疾病!總之,願世尊藥師佛之身語意,與我之身語意無二無別,剎那間即刻成就,願速疾成就圓滿殊勝之菩提!其後,佛像、咒鬘、白色絲線,甘露丸、藥物堆,若有銅或白銅嘎胡盒則妙,若無則以布等做成護身符佩戴。頸部或腋下,隨意方便常時佩戴。四護方與時辰結合成就時,每月初八、十五等良辰吉日,神變月等四大節日,日月 食等變化之時,陳設供品,進行一次儀軌,咒語隨力念誦。平時念誦自生本尊即可。迎請之諸神融入於所依物中。以下內容應加入。良辰吉日等任何時候,若無法具備寶瓶朵瑪,則陳設茶水、牛奶等力所能及之物。或者以酥油沾水。之後念誦自生本尊和麵前本尊。不念誦寶瓶,僅作變換即可。以小鈴和,以盛滿香水之瓷碗,觀想為寶瓶亦可。之後觀察脈象

【英語翻譯】 Also, being manifest without characteristics, accomplishing immeasurable deeds for beings. Padmasambhava, Yuthok Yonten Gonpo, Zurkhar Chöje, etc., may the root and lineage lamas be auspicious! Medicine Buddha, Medicine Goddess, and Sages, may the yidam deities be auspicious! Vajra Destroyer of Demons, the Nine Classes of Arrogant Ones, etc., may the Dharma protectors and guardians be auspicious! May the four hundred and four types of diseases be pacified, may we be free from unfavorable and harmful conditions, may harmony be achieved and perfection be fulfilled, with this auspiciousness, may there be happiness and well-being today! By the power of my practice and offering to the Medicine Buddha, from this life to all lifetimes, may all sentient beings whom I see, hear, remember, and touch, may all physical and mental suffering be pacified! May all the patients I have healed quickly recover from their illnesses, be endowed with physical and mental well-being, may all the doors to rebirth in the lower realms of samsara be blocked, and may they gradually realize enlightenment! In the future, in the world that reaches the end of space, wherever the eon of disease flourishes, may I manifest as a physician, and may I completely eliminate the diseases of all beings! In short, may the body, speech, and mind of the Bhagavan Medicine Buddha be inseparable from my body, speech, and mind, may it be accomplished in an instant, and may I quickly attain the supreme and perfect enlightenment! After that, images, mantra garlands, white silk threads, nectar pills, and medicine clusters, if there is a copper or white copper gau box, that is excellent, if not, make a talisman with cloth etc. and wear it. Wear it regularly on the neck or armpit, whichever is convenient. At the time of the four protections and the time of combining the times, on auspicious days such as the eighth and fifteenth of each month, the four great festivals such as the Month of Miracles, at times of change such as solar and lunar eclipses, arrange the support and offerings and perform one ritual completely, and supplement the mantras as much or as little as possible. It is sufficient to recite the self-generation deity regularly. The invited deities dissolve into the support. The following should be added. At any time such as auspicious days, if the vase and torma are not available, then arrange whatever tea and milk are available. Or sprinkle butter with water. Then recite the self-generation deity and the deity in front completely. It is sufficient to transform without reciting the vase. A small bell can be used instead of the vase, and a porcelain bowl filled with fragrant water can be visualized as a vase. After that, examine the pulse.

============================================================

================== 第 15 段 ================== 【原始藏文】 དུས། །ནད་པ་གལ་ཆེན་ཡིན་ན་ནི། །ཆོ་ག་ཚར་གཅིག་གཏོར་མ་འབུལ། །འབྲིང་ཡང་བདག་བསྐྱེད་ཚང་བར་འདོན། །ཐ་མ་རང་ཉིད་བདག་བསྐྱེད་ཀྱི། །དམིགས་པ་སྐད་ཅིག་ཉིད་ལ་བསྒོམ། །རང་ཉིད་སྨན་བླ་དངོས་སུ་བསམ། །ན་མོ་ཨོཾ་བཛྲ་བྷེ་ཥ་ཛཱི་མ་ཧཱ་བྷེ་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ། ཨོཾ་ཤཾ་པ་རི་ཟུ་མཾ་ཤཾ་སཾ་པ་རི་བྷ་ར་འགུ་གུ་རི་ལི་པྲ་མ་ཡཱ། སྔགས་བཟླས་ཏིང་འཛིན་ལྡན་པ་ཡིས། །ནད་པའི་དྲུང་དུ་འདུག་བྱས་ལ། །སེམས་ནི་གཞན་དུ་མ་ཡེངས་པར། །མིག་བཙུམ་རྩ་ལ་བལྟས་པ་ཡིས། །ནད་རྣམས་གང་ཡིན་རྣ་བར་སྒྲོག །ཡང་ན་ཡིད་ལ་ས་ལེར་འཆར། །ཇི་ལྟར་མཐོང་ཡང་མི་གསང་བཤད། །མཐོང་བ་བསྐྱེད་པའི་སྔགས་འདི་ནི། །རྒྱུན་དུ་ཅི་ནུས་བཟླས་པ་དང་། །ནམ་སྐབས་མཆོད་པ་གཏོར་བསྔོས་བྱ། །བུམ་ཆུ་རིལ་བུ་སྦྱང་ བའི་ཆུས། །སྐབས་སུ་རང་ལ་ཁྲུས་བྱའོ། །སྡུད་ཁའི་སྨན་ཕུད་མཆོད་པ་བྱ། །སྨན་བླའི་སྔགས་དེས་སྨན་ཀྱང་བསྔགས། །རྟེན་རྫས་འགོམ་ཡུགས་མ་སོང་བར། །རྒྱུན་དུ་ལུས་དང་འབྲལ་མེད་བྱ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ནི། །ལག་པར་འཇུས་ནས་རྩར་བལྟས་པས། །ནད་རྐྱེན་ན་ལུགས་སྡུད་ཁ་རྣམས། །རབ་ནི་རྣ་བར་དངོས་སུ་བཤད། །འབྲིང་ནི་ཉམས་དང་རྨི་ལམ་ལ། །ལུང་སྟོན་ལྟ་བུ་འབྱུང་ཡང་སྲིད། །ཐ་མ་ཡིད་ལ་གསལ་བར་འཆར། །དྲང་སྲོང་སྨན་བླ་འབུམ་ཕྲག་དྲུག །བུ་བཞིན་སྲུང་སྐྱོབ་སྡོང་གྲོགས་མཛད། །ཕྱི་མ་ངན་སོང་སྐྱེ་སྒོ་འགེགས། །ཚེ་འདིར་ནད་གདོན་བྱེད་ཁ་དང་། །རྒྱལ་པོའི་ཆད་པ་དབུལ་ཕོངས་ཞི། །སྨན་གྱི་ཕན་ཐོགས་གཞན་ལས་ཆེ། །མཁས་པའི་གྲགས་པ་རྒྱ་ཆེན་ཐོབ། །གལ་ཏེ་མ་འགྲུབ་རྟགས་མེད་ན། །ལན་གཉིས་ལན་གསུམ་བསྐྱར་ལ་བསྒྲུབ། །རྫས་གསོ་མཆོད་པ་བཟང་དུ་བཤམ། །སྨན་བླའི་དབང་བསྐུར་བསྐྱར་ནས་ཞུ། །ཁྲུས་དང་གཙང་སྦྲ་དོ་དམ་བྱ། །རྟེན་རྫས་མེ་ལོང་ངོས་ཁྲུས་གསོལ། །སྒྲུབ་གནས་སྤོས་ལ་གཙང་སར་བསྒྲུབ། །ལན་གསུམ་བསྒྲུབས་ནས་མ་བསལ་ན། །ལས་སྔགས་གོ་བཟློག་ཉེར་གཅིག་བཟླས། །དེ་བྱས་འགྲུབ་པར་ཐེ་ཚོམ་མེད། །རྒྱུད་གཞུང་མ་གྲགས་ནད་རིགས་དང་། །བྱིས་པ་སྨྲ་མི་ཤེས་པ་དང་། །རྩ་ཆུ་ནད་བརྟག་གོ་ལོག་དུས། །སྒྲུབ་ཐབས་འདི་ཉིད་མེད་ཐབས་མེད། །དེ་ཕྱིར་ཨོ་རྒྱན་ཆེན་པོའི་གསུངས། །འོན་ཀྱང་རྒྱུད་ཚིག་གོ་དཀའ་བས། །ཚིག་ཉུང་དོན་མང་ལག་ལེན་དཀའ། །དེ་ ཕྱིར་དེ་དོན་གསལ་བར་བཀྲོལ། །བལྟས་ཆོག་འདོན་འགྲིགས་གབ་སྐུང་མེད། །ཀུན་ལ་ཕན་པའི་སེམས་བསྐྱེད་ནས། །དབོན་ལྷ་གྲགས་ལུས་བསྐུལ་བའི་ཕྱིར། །རཱ་

【漢語翻譯】 時。若病人重要,則作一次儀軌供朵瑪。中等亦作圓滿自生。下等自己作自生之。于剎那間修其觀想。自己觀想為藥師佛真身。那摩 嗡 班匝 貝卡匝 瑪哈 貝卡匝 薩母嘎達 德 吽。(藏文:ན་མོ་ཨོཾ་བཛྲ་བྷེ་ཥ་ཛཱི་མ་ཧཱ་བྷེ་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ།,梵文天城體:नमो ओṃ वज्र भैषज्य महा भैषज्य समुद्गते हुं,梵文羅馬擬音:namo oṃ vajra bhaiṣajya mahā bhaiṣajya samudgate hūṃ,漢語字面意思:頂禮 嗡 Vajra 藥 偉大的 藥 升起 吽)。嗡 香 巴日 祖芒 香 桑 巴日 巴ra 咕咕日裡 扎瑪雅。(藏文:ཨོཾ་ཤཾ་པ་རི་ཟུ་མཾ་ཤཾ་སཾ་པ་རི་བྷ་ར་འགུ་གུ་རི་ལི་པྲ་མ་ཡཱ།,梵文天城體:ओṃ शं परि जु मं शं सं परि भर गु गु रि लि प्र म या,梵文羅馬擬音:oṃ śaṃ pari ju maṃ śaṃ saṃ pari bhara gu gu ri li pra ma yā,漢語字面意思:嗡,香,圓滿,祖,芒,香,桑,圓滿,巴ra,咕咕,日裡,扎瑪雅)。以持咒具禪定之心,于病人前安坐,心不散亂於他處,閉眼觀脈,病人有何病癥,于耳邊告知。或於心中清晰顯現。無論見何,皆不隱瞞述說。此為生起所見之咒,常時盡力唸誦,逢時供養朵瑪。以瓶水丸藥凈化之水,于適當時機,自己沐浴。收尾之藥供養。以藥師佛之咒,亦加持藥。本尊物不越過寡婦,常時與身不離。如是修持之利益是,手持脈搏觀脈時,病因病狀收尾等,上等則于耳邊如實述說。中等則于體驗與夢中,亦可能出現如授記般。下等則於心中清晰顯現。六十萬正士藥師佛,如子般守護相助。來世阻斷惡趣之門。今生平息病魔作祟與,國王之懲罰貧窮。藥之利益勝於其他。獲得賢者之盛名。若不成就無驗相,則再三重複修持。陳設佳妙之物供養。再次祈請藥師佛之灌頂。注意沐浴與潔凈。本尊物鏡面沐浴供養。于修行處焚香于清凈處修持。修持三次仍未消除,則唸誦二十一遍事業咒倒轉。如是行之,成就無疑。于續部經典未提及之疾病與,孩童不能言語之時與,脈象水象病癥診斷顛倒之時,此修法必不可少。是故鄔金大師之語。然續部之詞難懂,詞少義多實修難。是故為明晰其義而闡釋。可閱可誦無有隱藏。生起利益一切之心后,為策勵侄子拉扎之身。

【英語翻譯】 Time. If the patient is important, then offer a torma once for the ritual. For the intermediate, also perform the complete self-generation. For the lowest, contemplate the visualization of self-generation in an instant. Imagine yourself as the actual Medicine Buddha. Namo Om Vajra Bhaisajya Maha Bhaisajya Samudgate Hum. (Tibetan: ན་མོ་ཨོཾ་བཛྲ་བྷེ་ཥ་ཛཱི་མ་ཧཱ་བྷེ་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ།, Sanskrit Devanagari: नमो ओṃ वज्र भैषज्य महा भैषज्य समुद्गते हुं, Sanskrit Romanization: namo oṃ vajra bhaiṣajya mahā bhaiṣajya samudgate hūṃ, Literal Chinese Meaning: Homage Om Vajra Medicine Great Medicine Arisen Hum). Om Sham Pari Zu Mam Sham Sam Pari Bhara Gu Gu Rili Prama Ya. (Tibetan: ཨོཾ་ཤཾ་པ་རི་ཟུ་མཾ་ཤཾ་སཾ་པ་རི་བྷ་ར་འགུ་གུ་རི་ལི་པྲ་མ་ཡཱ།, Sanskrit Devanagari: ओṃ शं परि जु मं शं सं परि भर गु गु रि लि प्र म या, Sanskrit Romanization: oṃ śaṃ pari ju maṃ śaṃ saṃ pari bhara gu gu ri li pra ma yā, Literal Chinese Meaning: Om, Peace, Complete, Zu, Mam, Peace, Sam, Complete, Bhara, Gu Gu, Rili, Prama Ya). With mantra recitation and meditative absorption, sit in front of the patient. Do not let the mind wander elsewhere. Close your eyes and examine the pulse. Announce to the ear what the patient’s illnesses are. Or let it clearly appear in the mind. Whatever you see, speak without concealing. This is the mantra for generating what is seen. Recite it as much as possible continuously, and offer tormas at appropriate times. Purify with water from a vase, pills, and cleansing water. Bathe yourself at appropriate times. Offer the best of the collected medicines. Bless the medicine with the Medicine Buddha’s mantra. Do not let the support substances pass a widow. Always keep them inseparable from the body. The benefits of accomplishing this are: when holding the hand and examining the pulse, the causes of the illness, the manner of sickness, and the collection, the best is to speak truthfully into the ear. The intermediate is that experiences and dreams may occur like prophecies. The lowest is that it appears clearly in the mind. Six hundred thousand righteous Medicine Buddhas will protect and assist you like a child. In the future, they will block the gates of the lower realms. In this life, they will pacify the harm of diseases and spirits, the punishment of kings, and poverty. The benefit of medicine is greater than others. You will gain the great fame of a wise person. If it is not accomplished and there are no signs, then repeat the practice two or three times. Arrange excellent substances for offering. Request the Medicine Buddha’s empowerment again. Take care of bathing and cleanliness. Bathe and offer the mirror surface of the support substances. Perform the practice in a clean place with incense in the practice place. If it is not cleared after practicing three times, then recite the reversed activity mantra twenty-one times. By doing this, there is no doubt that it will be accomplished. For diseases not mentioned in the tantric texts, and when children cannot speak, and when the pulse, water, and disease diagnosis are reversed, this method of accomplishment is indispensable. Therefore, these are the words of the great Orgyen. However, the words of the tantras are difficult to understand, the words are few but the meaning is vast, and the practice is difficult. Therefore, I will explain the meaning clearly. It is permissible to look at and recite, there is no hiding. After generating the mind of benefiting all, to encourage the body of the nephew Lha Drak.

============================================================

================== 第 16 段 ================== 【原始藏文】 ག་ཨ་སྱས་ལེགས་པར་བཀོད། །འགལ་འཁྲུལ་ཉེས་པའི་ཚོགས་མཆིས་ན། །སྨན་བླ་བཀའ་སྲུང་རྣམས་ལ་བཤགས། །འདི་བྲིས་དགེ་བས་འདི་ཉིད་ལ། །བསྙེན་སྒྲུབ་བྱས་དང་དེ་ལ་བརྟེན། །རྩ་བལྟས་སྡུད་ཁ་སུས་ཟོས་པ། །ཚེ་འདིར་ནད་ཞི་ཚེ་བསོད་འཕེལ། །ཕྱི་མ་བདེ་ཆེན་ཞིང་སྐྱེ་ཤོག །བདག་ཀྱང་འདི་ནས་ཚེ་འཕོས་ཚེ། །བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་། །གཏན་དུ་ནད་ལས་ཐར་བར་ཤོག །སརྦ་མངྒ་ལཾ། སྔགས་བྱང་གི་དཔེའོ། །ན་མོ་ཨོཾ་བྷེ་ཥ་ཛུ་མ་ཧཱ་བྷི་ཥ་ཛུ་ས་མུཏཱ་ཏེ་ཧཱུྃ༔ བདག་བསྐྱེད་སྔགས་་་ཨོཾ་རག་ཤི་གྷ་ནི་གྷ་ཤི་པ་རོ་ཀྲྀ་པ་སྤ་རི་ན་ཁྲི་བ་རི་ན་ཆེ་ལི་སུ་མ་ལོང་། བུམ་བསྐྱེད་སྔགས་་་ཨོཾ་ཤི་རི་གྷ་ན་གྷ་ཤི་སུ་སུ་རི་ཀྲ་མ་ཡོ་ན་ཁྲི། སོ་རི་ནི་གུ་ལི་སུ་མ་ལ། མདུན་བསྐྱེད་སྔགས།་་ཨོཾ་ཤྲཱི་པ་རི་ཟོ་ལི་སཾ་བྷ་རི་གུ་ལི་པྲ་མ་ཡ། ལས་སྦྱོར་སྔགས་་་ཨོཾ་ཤྲཱི་པ་རི་ཥུམཾ་ཤཾ་པ་རི་བྷ་ར། འགུ་གུ་རི་ལི་པྲ་མ་ཡཱ། ན་མོ་ཨོཾ་བྷི་ཥ་ཛྷེ་མ་ཧཱ་བྷཻ་ཥ་ཛྱཻ་ས་མུངྒ་ཏེ་ཧཱུྃ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།

【漢語翻譯】 我已善加安排。 若有牴觸錯誤等過失, 向藥師佛及護法們懺悔。 以此書寫之善, 依於此,修持和依靠, 誰看過脈,收過卦金, 今生病癒,壽命福德增, 來世得生極樂剎。 我亦從此壽終時, 于極樂剎往生后, 恒時解脫疾病苦。 薩爾瓦芒嘎朗(藏文:སརྦ་མངྒ་ལཾ།,梵文天城體:सर्बमङ्गलम्,梵文羅馬擬音:sarva maṅgalaṃ,一切吉祥)。此為咒語集之範例。 那摩 嗡 貝卡匝 瑪哈貝卡匝 薩母嘎喋 吽(藏文:ན་མོ་ཨོཾ་བྷེ་ཥ་ཛུ་མ་ཧཱ་བྷི་ཥ་ཛུ་ས་མུཏཱ་ཏེ་ཧཱུྃ༔,梵文天城體:नमो ओṃ भैषज्य महाभैषज्य समुद्गते हुं,梵文羅馬擬音:namo oṃ bhaiṣajya mahābhaiṣajya samudgate hūṃ,敬禮 嗡 藥 偉大的藥 生起 吽)。自生咒:嗡 惹格西 嘎呢 格西 巴若 哲巴 斯巴日呢 哲瓦日呢 切利 蘇瑪隆。 瓶生咒:嗡 西日 嘎呢 格西 蘇蘇日 哲瑪 呦呢 哲。索日呢 咕哩 蘇瑪拉。 前生咒:嗡 西日 巴日 索利 桑巴日 咕哩 哲瑪雅。 事業咒:嗡 西日 巴日 秀芒 祥 巴日 巴日。 咕咕日裡 哲瑪雅。 那摩 嗡 貝卡匝 瑪哈貝卡匝 薩母嘎喋 吽(藏文:ན་མོ་ཨོཾ་བྷི་ཥ་ཛྷེ་མ་ཧཱ་བཻ་ཥ་ཛྱཻ་ས་མུངྒ་ཏེ་ཧཱུྃ།,梵文天城體:नमो ओṃ भिषजे महाभैषज्ये समुद्गते हुं,梵文羅馬擬音:namo oṃ bhiṣaje mahābhaiṣajye samudgate hūṃ,敬禮 嗡 藥 偉大的藥 生起 吽)。 康區上部囊謙昂岡工藝文化顯密佛法興盛洲古籍修復室整理出版。 關於恰普的修法,附帶儀軌,爲了方便觀看而編排,名為「顯明現量神通之鏡」。

【英語翻譯】 I have arranged it well. If there are any faults or errors, I confess to the Medicine Buddha and Dharma protectors. By the virtue of writing this, Based on this, having practiced and relied on it, Whoever has seen the pulse, collected the divination fee, May they be cured of illness in this life, and may their lifespan and merit increase, May they be born in the Sukhavati realm in the next life. May I also, when my life ends here, Having been born in the Sukhavati realm, Be forever liberated from the suffering of illness. Sarva Mangalam (Tibetan: སརྦ་མངྒ་ལཾ།, Sanskrit Devanagari: सर्बमङ्गलम्, Sanskrit Romanization: sarva maṅgalaṃ, All auspiciousness). This is an example of a mantra collection. Namo Om Bhekhadze Maha Bhekhadze Samudgate Hung (Tibetan: ན་མོ་ཨོཾ་བྷེ་ཥ་ཛུ་མ་ཧཱ་བྷི་ཥ་ཛུ་ས་མུཏཱ་ཏེ་ཧཱུྃ༔, Sanskrit Devanagari: नमो ओṃ भैषज्य महाभैषज्य समुद्गते हुं, Sanskrit Romanization: namo oṃ bhaiṣajya mahābhaiṣajya samudgate hūṃ, Homage Om Medicine Great Medicine Arisen Hung). Self-generation mantra: Om Ragshi Ghani Ghashi Paro Tripa Spari Na Triwa Rina Cheli Sumalong. Vase-generation mantra: Om Shiri Ghani Ghashi Susuri Trama Yoni Tri. Sori Ni Guli Sumala. Front-generation mantra: Om Shri Pari Zoli Sambhari Guli Tramaya. Action mantra: Om Shri Pari Shumam Sham Pari Bhara. Guguri Lili Tramaya. Namo Om Bhekhadze Maha Bhekhadze Samudgate Hung (Tibetan: ན་མོ་ཨོཾ་བྷི་ཥ་ཛྷེ་མ་ཧཱ་བཻ་ཥ་ཛྱཻ་ས་མུངྒ་ཏེ་ཧཱུྃ།, Sanskrit Devanagari: नमो ओṃ भिषजे महाभैषज्ये समुद्गते हुं, Sanskrit Romanization: namo oṃ bhiṣaje mahābhaiṣajye samudgate hūṃ, Homage Om Medicine Great Medicine Arisen Hung). Compiled and published by the Nangchen Angang Craft Culture Sutra Tantra Dharma Prosperity Island Ancient Book Restoration Room in Upper Kham. The practice method of Tsa Pra, with the arrangement of recitations, arranged for easy viewing, named “Mirror of Clear Manifestation of Clairvoyance and Miraculous Power”.

============================================================