菩薩藏佛教學會
20
背景
翻譯
下載 ▾

BDT001_0021.向佛菩薩投擲箭的祈願文g2.0f

================== 第 1 段 ================== 【原始藏文】 སངས་རྒྱས་བྱང་སེམས་ལ་ར་མདའ་སྦྲན་པའི་སྨོན་ལམ༔ སངས་རྒྱས་བྱང་སེམས་ལ་ར་མདའ་སྦྲན་པའི་སྨོན་ལམ༔ སངས་རྒྱས་བྱང་སེམས་ལ་ར་མདའ་སྦྲན་མ་བཞུགས་སོ༔ རང་འཆི་བའི་ཚེའམ་ནམ་ཡང་བྱ་སྟེ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པ་ནི༔ དཀོན་མཆོག་གསུམ་ལ་དངོས་སུ་འབྱོར་བ་དང༔ ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ༔ ལག་ཏུ་སྤོས་དྲི་ཞིམ་ཐོགས་ཏེ༔ གདུང་བའི་ཤུགས་དྲག་པོས་འདི་སྐད་དོ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ༔ འགྲོ་བའི་སྐྱབས་སུ་གྱུར་པ་རྣམས༔ ཐུགས་རྗེ་དབང་གི་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་བ་དང་ཡིད་ཀྱི་སྤྲུལ་པའི་མཆོད་པ་བཞེས་ཤིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོ་ཞེས་བྱ་བ་འདི་ནི༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ༔ འཇིག་རྟེན་འདི་ནི་བོར༔ སྐྱས་ཆེན་པོས་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིས་སྣང་བ་ནི་ནུབ༔ འགྲོ་བ་གཞན་དུ་ནི་འགྲོ༔ མུན་ནག་མཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ནི་ལྷུང༔ ནགས་ཁྲོད་མཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དེད༔ དགོན་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོར་ནི་ཁྱེར༔ ལས་ཀྱི་རླུང་གིས་བརྡས༔ ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ༔ གཡུལ་ངོར་ཆེན་པོ་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེ་ཕོ་ཉ་ལ་ནི་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་པ་ན་ཡང་སྲིད་པ་ལ་ནི་འཇུག༔ དབང་ནི་མེད༔ གཅིག་པུ་གྲོགས་མེད་པ་འགྲོ་དགོས་པའི་དུས་ལ་བབ་ན༔ ཐུགས་ར་ྗེཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོ་སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག༔ མགོན་མཛོད་ཅིག༔ དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་བཟློག་ཤིག༔ གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའ་ིའཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱི་ཐུགས་རྗེ་མ་ཆུང་ཞིག༔ ར་མདའ་མཛོད་ཅིག༔ ངན་སོང་དུ་མ་གཏང་ཞིག༔ སྔོན་ཀྱི་དམ་བཅའ་མ་གཡེལ་བར་ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེ་གེ་མོ་འད

【漢語翻譯】 向佛菩薩投擲箭的祈願文 向佛菩薩投擲箭的祈願文 向佛菩薩投擲箭的儀軌。 自己臨終時或任何時候都可以做。向佛和菩薩投擲箭,實際上是供養三寶,並獻上意幻的供品。手中拿著香氣撲鼻的薰香,以強烈的虔誠之心這樣說: 「祈請十方安住的佛和菩薩,具有慈悲,具有智慧,具有慧眼,具有慈愛,成為眾生的救護者。請降臨于慈悲之力的此處,請享用實際供養和意幻的供品。慈悲者,您們具有智慧的妙智,慈愛的悲心,事業的利生,救護的無量能力。慈悲者,您們,這個名為某某的人,將從這個世界前往彼岸,將捨棄這個世界,被巨大的恐懼所抬起,沒有朋友,痛苦巨大,沒有救護,沒有怙主,沒有親友,此生的光明消失,將前往其他去處,進入濃厚的黑暗,墜入巨大的懸崖,進入茂密的森林,被業力所驅趕,前往巨大的寂靜處,被巨大的海洋所帶走,被業力的風所吹打,前往沒有立足之地的方向,進入巨大的戰場,被巨大的魔所抓住,對閻羅使者感到恐懼和害怕,在業力的有中再次進入有,沒有自主。當不得不獨自無友而行的時候,慈悲者,請您們救護這個無依無靠的某某,請做怙主,請做親友,請從中有的大黑暗中救護,請從業力的紅色大風中遣除,請從閻羅的巨大恐懼中救護,請從中有的漫長險道中解脫。慈悲者,請您們的慈悲不要減少,請投擲箭,不要送入惡趣,不要忘記以前的誓言,迅速施展慈悲的力量。佛和菩薩們,這個某某」,

【英語翻譯】 A Prayer for Casting Arrows to the Buddhas and Bodhisattvas A Prayer for Casting Arrows to the Buddhas and Bodhisattvas The Practice of Casting Arrows to the Buddhas and Bodhisattvas. This can be done when one is dying or at any time. Casting arrows to the Buddhas and Bodhisattvas is actually offering to the Three Jewels and presenting mentally created offerings. Holding fragrant incense in hand, with intense devotion, say this: “I beseech the Buddhas and Bodhisattvas abiding in the ten directions, who possess compassion, possess wisdom, possess the eye of wisdom, possess love, and have become the protectors of beings. Please come to this place of compassionate power, please accept the actual offerings and the mentally created offerings. Compassionate ones, you possess the wisdom of profound knowledge, the compassion of loving-kindness, the benefit of activities, and immeasurable power of protection. Compassionate ones, this person named so-and-so will go from this world to the beyond, will abandon this world, will be lifted by great fear, has no friends, has great suffering, has no refuge, has no protector, has no relatives, the light of this life vanishes, will go to another place, enter thick darkness, fall into a great precipice, enter a dense forest, be driven by the force of karma, go to a great solitude, be carried away by a great ocean, be struck by the wind of karma, go to a direction without a foothold, enter a great battlefield, be seized by a great demon, fear and dread the messengers of Yama, and enter existence again in the existence of karma, without autonomy. When the time comes to go alone without friends, compassionate ones, please protect this helpless so-and-so, please be a protector, please be a relative, please protect from the great darkness of the bardo, please avert the great red wind of karma, please protect from the great fear of Yama, please liberate from the long and dangerous path of the bardo. Compassionate ones, may your compassion not diminish, please cast arrows, do not send to the lower realms, do not forget the previous vows, quickly exert the power of compassion. Buddhas and Bodhisattvas, this so-and-so”

============================================================

================== 第 2 段 ================== 【原始藏文】 ི་ལ་ཐུགས་རྗེ་ཐབས་དང་ནུས་པ་མ་ཆུང་ཞིག༔ ཐུགས་རྗེས་ཟུངས་ཤིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་གཏང་ཞིག༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ ཞེས་མོས་གུས་དྲག་པོའ་ིསྒོ་ནས་བདག་གཞན་ཐམས་ཅད་ཀྱིས་ལན་གསུམ་དུ་བྱའོ༔ དེ་ནས་བར་དོ་མཐོང་གྲོལ་དང༔ བར་དོ་འཕྲང་སྒྲོལ་མ་དང༔ འཇིགས་སྐྱོབས་མའི་སྨོན་ལམ་རྣམས་འདབས་པར་བྱའོ༔ སངས་རྒྱས་བར་དུ་མ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ༔ འཁོར་བ་མ་སངརྗོགས་སོ༔ ས་མ་ཡ༔ ཞེས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ༔ མཚོ་རྒྱལ་གྱིས་ཟིན་བྲིས་སུ་བྲིས་ནས་གཏེར་ཏུ་སྦས་པ་ཀརྨ་གླིང་པས་སྒམ་པོ་གངས་ཀྱི་རི་བོ་ནས་གདན་དྲངས༔ སངས་རྒྱས་བྱང་སེམས་ལ་ར་མདའ་སྦྲན་པའི་སྨོན་ལམ༔

【漢語翻譯】 祈請以慈悲方便和力量不減退,以慈悲攝持,不要讓眾生受惡業的支配。祈請三寶從中有(bardo)的痛苦中救護。以極大的虔誠,自己和他人都要念誦三遍。然後,唸誦《中陰見解脫》,《中陰險隘救度母》,《怖畏救護母》的祈願文。向未成佛的佛陀和菩薩們獻上拉達(ra mda’)祈願文,輪迴未空盡。薩瑪雅(ས་མ་ཡ,梵文:समय,梵文羅馬轉寫:samaya,漢語字面意思:誓言)。這是鄔金的堪布蓮花生大士所作,措嘉記錄成文後作為伏藏埋藏,噶瑪林巴從岡波雪山取出。

【英語翻譯】 Pray that compassion, skillful means, and power may not diminish. Hold us with compassion. Do not let sentient beings be dominated by negative karma. Pray that the Three Jewels protect us from the suffering of the bardo. With great devotion, oneself and others should recite this three times. Then, recite the ‘Bardo Thongdrol,’ the ‘Bardo Throngdrolma,’ and the ‘Averting Fear’ aspiration prayers. Offer the ‘Ra Da’ aspiration prayer to the Buddhas and Bodhisattvas who have not yet attained Buddhahood, until samsara is emptied. Samaya. This was composed by the Ugyen Khenpo Padmasambhava. Tsogyal wrote it down and concealed it as a treasure, which Karma Lingpa retrieved from the Gampo Kangra mountain.

============================================================