d3794現觀莊嚴般若波羅蜜多教授論難解光明釋鎧甲法稱吉祥 燃燈吉祥智 仁欽桑波c3.5s|d3794現觀莊嚴般若波羅蜜多教授論難解光明釋鎧甲法稱吉祥 燃燈吉祥智 仁欽桑波c3.5s(續4)
聖彌勒尊前所說,由諸三摩地所生的智慧力,以及由教法所生的發心等次第,以其作用使諸眾生寂靜等事業,于偈頌中豈不是已顯示次第了嗎? 若問:你們所說利他、自利等詞句的次第如何? 答:所說”發心”等,即最初與最後的發心,以及二十七種[事業]中所顯示的次第,如品中所增補的註釋中所說次第,由此力故,其餘中間詞義,即利他與自利等的次第也應了知。雖彌勒尊前偈頌中未說明,但應當了知。 若問:你們是否如聖彌勒一樣獲得三摩地?因此,你們如何知曉前述詞義的次第? 答:從教法中[得知]。若說”請書寫”,因恐文字繁多,我未書寫。雖有教法,但因文量廣大之畏,未從彼門顯示利他等次第。然隨順其義,如同聖彌勒般,隨順利他等事業而略示次第,此為[論文]意趣。 此為《般若波羅蜜多教授論現觀莊嚴論》中獅子賢前所著難解光明略釋,法稱所釋第八品註釋。 “信廣”等,是為利益喜好中等[篇幅]的眾生,宣說六種現觀即”相”等。偈頌義為”最初”等,即最初所說一切相智等三種一切智,因為是彼等之明顯標識處,故總攝彼等色等一切境,是色等境之標識,即三種一切智為相。
།དེ་ནས་དབང་དུ་བྱ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བར་མ་ལ་དགའ་བ་ཞེས་བྱ་བ་ལ་སོགས་པས་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་མངོན་པར་རྟོགས་པ་གསུམ་གསུངས་ པའི་ཡུལ་གྱི་རྒྱུན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ།།ཚིག་ལེའུར་བྱས་པ་གཉིས་ནི་སྔར་བཤད་པའི་སྐབས་བརྒྱད་ཀྱི་ཁོངས་སུ་འདུས་པའི་དོན་ཡིན་པའི་ཕྱིར་སྐབས་ཉིད་དུ་མ་བགྲངས་སོ་ཞེས་བལྟ་བར་བྱའོ། །དགོངས་པ་ལ་སོགས་པ་དངོས་སུ་བརྗོད་པས་མདོ་དང་ རྣམ་པར་འགྲེལ་པའི་མཚན་ཉིད་དུ་མེད་དེ་ཚིག་ལེའུར་བྱས་པའི་མདོ་དང་རྣམ་པར་འགྲེལ་པར་མི་བརྗོད་ཀྱི།འོན་ཀྱང་རྒྱ་ཆེར་བཤད་པ་ཉིད་དུ་བརྗོད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ཅར་ཚིག་རེ་རེ་ནས་བཤད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཚད་མ་རྣམ་འགྲེལ་རྒྱ་ཆེར་བཤད་པ་དང་འདྲ་བར་སེང་གེ་བཟང་ པོའི་ཞལ་སྔ་ནས་ཀྱིས་ཀྱང་འཕགས་པ་བྱམས་པའི་ཚིག་ལེའུར་བྱས་པ་རྒྱ་ཆེར་བཤད་པ་ཡིན་ན་ཡང་རྟོགས་པར་དཀའ་བའི་ཕྱིར་འགྲེལ་པ་མཛད་པ་ལ་འགལ་བ་མེད་དོ།།དེ་ལྟར་ཞར་ལ་འོངས་པས་ཆོག་གོ། །ལ་ལ་ཞེས་བྱ་བ་ལ་སོགས་པ་བཟང་པོའི་ཞལ་སྔ་ནས་ཀྱི་ཚིག་གི་དོན་ནི་གོ་བར་ཟད་དོ། །ཚིག་ དོན་རྟོགས་པར་དཀའ་བ་ཡི།།དེ་ཉིད་སྣང་བ་ཞེས་བྱ་བ། །བདག་གིས་སྦྱར་འདི་བྱས་གྱུར་པས། །མ་འཚལ་དམ་པས་བཟོད་པར་མཛོད། །བསོད་ནམས་འདི་ཡིས་འགྲོ་བ་ཀུན། །ཤེས་རབ་ཕ་རོལ་ཕྱིན་དངོས་ཤོག་།བདག་ཀྱང་ནམ་མཁའི་དབྱིངས་འདྲ་བར། །སེམས་ཅན་དོན་ནི་བྱེད་གྱུར་ ཅིག་།དཔལ་ལྡན་རྣམ་རྒྱལ་ཉམས་དགའི་གནས། །རྒྱལ་པོ་དཔལ་ལྡན་གཙུག་ནོར་བུ། །གོ་ཆས་ཆོས་ཀྱི་གྲགས་དཔལ་ལ། །གསོལ་བ་བཏབ་པས་སྣང་བར་བྱས། །གསེར་གླིང་གི་དཔལ་རྣམ་པར་རྒྱལ་བའི་གྲོང་དུ་ལྷ་དཔལ་གཙུག་གི་ནོར་བུའི་གོ་ཆའི་རྒྱལ་པོའི་རིང་ལོ་ཚིགས་བཅོས་པ ལས་དཔྱིད་ཟླ་ར་བའི་ཚེས་བཅུ་གཅིག་ལ་མཛད་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།
“其後為攝受”等詞義易解。 “喜好中等”等,是為利益喜好略說的眾生而宣說三種現觀,其境相續等偈頌與註釋易解。 應知兩偈頌因是前說八品所攝之義,故未于品中單獨計數。 以直接宣說密意等,非經與廣釋之相,不說為偈頌之經與廣釋。然而稱為廣說,因為是對三種般若波羅蜜多逐字解釋。 即便如此,如同《量論廣釋》一般,獅子賢前雖作彌勒偈頌廣釋,然因難解,作註釋亦無相違。 如是旁述已足。“有些”等獅子賢前之詞義易解。 難解詞義之真實, 此光明論我所造, 若有不當祈聖忍, 以此福德愿眾生, 現證般若波羅蜜, 愿我如同虛空界, 成辦一切眾生利。 于吉祥勝利悅意處, 吉祥王者頂髻寶, 鎧甲法稱吉祥前, 祈請而作此光明。 于金洲吉祥勝利城中,天吉頂髻寶鎧甲王在位期間,春季第一月十一日造《難解光明論》圓滿。 印度堪布燃燈吉祥智與譯師大比丘仁欽桑波譯校潤定。
同部經論
與本文同名或相近的其他版本、科判、譯文與註疏。