d2928金剛摧破口訣法要佛密
D2928
།[་]@##། །རྒྱ་གར་སྐད་དུ། ཨུ་པཱ་ཡ་ཀརྨ་ནཱ་མ། བོད་སྐད་དུ། ལས་ཀྱི་ཐབས་ཞེས་བྱ་བ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཅན་རྣམས་རྒྱལ་འགྱུར་བའི། །རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། །རྡོ་རྗེ་རྣམ་པར འཇོམས་པ་ཡི།།གཟའ་སྐར་བྱད་སྟེམས་བཟློག་པ་བཤད། །བྱད་ནི་མཁའ་འགྲོ་ལ་སོགས་པའི། །རིག་སྔགས་གང་ཡིན་དེ་ཡི་མཐུས། །རྣལ་འབྱོར་གསང་བ་བསྟན་པ་སྟེ། །དེ་བཟློག་རིག་སྔགས་བཅས་མནན་བཞིན། །གང་དག་གཟའ་སྐར་བཙས་པའམ། །དེ་ལ་བབས་ ནས་ལས་ངན་ལ།།འདི་བྱས་གནོད་པ་མེད་པར་འགྱུར། །དཀྱིལ་འཁོར་བརྒྱད་དམ་བཞི་པ་ལ། །ཡང་ན་གཅོད་བྱེད་མེད་པ་ལ། །གཟའ་བརྒྱད་རྒྱུ་སྐར་གཟུགས་རྣམས་ནི། །ལྷ་ཡི་སྣམ་བུར་དགོད་པར་བྱ། །གཏོར་མ་མཆོད་པ་དེ་དག་མཚུངས། །བུམ་པ་ལྔའམ་བཅུ་གསུམ་མམ། །གཅིག་ པ་ཐམས་ཅད་བཤམས་ཏེ་གཞག་།དེ་ནས་ཁྲུས་བྱས་བསྲུང་ལྡན་པས། །བཅུ་གསུམ་ལྔའམ་དཔའ་བོ་གཅིག་།བསྐྱེད་རྫོགས་དེ་དག་འདྲ་ཤེས་བྱ། །གཟའ་རྣམས་གྲཝ་ལས་ནག་པོ་ཆེ། །བུམ་པ་རྩེ་གསུམ་ཐོགས་པའོ། །རྒྱུ་སྐར་འོད་གཞོན་བུམ་པ་དང་། །གློག་ཕྲེང་ཐོག་སྐྱེས་སྤྱན དྲངས་ནས།།བསྟིམས་ཏེ་མཆོད་པ་བྱས་ནས་ནི། །རྡོ་རྗེའི་གཟུངས་སྔགས་དག་ལ་ནི། །ོཾ་ཨསྟ་ན་གྲ་གྲ་ཧ་ཧེ་ནཾ་ན་གྲ་ཨསྟ་དྷ་དྷ་ར་རཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། དེ་དང་ལྡན་པས་བཟླས་པ་ཡིས། །ནུས་པ་ཀུན་དུ་བྱས་བསམས་ཤིང་། །བཀའ་ཡི་བདེན་པ་བསྒྲགས་བྱས་ཏེ། །མཆོད་ནས་དེ་དག་མཁའ་ལ་ གཤེགས།།བུམ་པས་ཕྱི་བཞིན་ཁྲུས་བྱས་ན། །དེ་དག་ལས་ནི་ཐར་པར་འགྱུར། །དེ་ནས་གཞན་ཡང་ལས་རྣམས་ནི། །རྒྱས་པར་འགྲེལ་དང་སྒྲུབ་ཐབས་ཏེ། །སོ་སོར་སྦྱར་ན་འདི་དག་ནི། །དཀྱིལ་འཁོར་རྫས་དང་ཡོ་བྱད་དང་། །ལྷ་དང་སྔགས་ནི་སོ་སོ་ལ། །མཁས་པས་དེ་བཞིན་སྦྱར་བར་བྱ། ཕྱག་འཚལ་ལ་སོགས་ཀུན་ལ་སྦྱར། །དང་པོར་བདག་ལ་དོན་མཆོད་སོགས། །བདུན་གྲུབ་འདོད་ནས་སརྦ་བིད། །དེ་ལ་སོགས་པ་བདུན་སྦྱར་རོ། །གཞན་དོན་ལས་དག་བཤད་པ་ཡིན། །སེམས་ཅན་ཐམས་ཅད་སྐྲག་པ་ལ། །ཏྲ་ཊ་ལ་སོགས་རྣམ་པར་ཤེས། །འཇིལ་ལ་སརྦ་ཏ་ཐཱ་སོགས། ། རིག་སྔགས་གཅོད་ལ་ཙྪིནྡ་སོགས། །གནོན་ལ་བནྡྷ་ཡ་སོགས་ཡིན། །ལས་རྣམས་འཇོམས་ལ་ཧེ་སོགས་སྦྱར། །ལས་འཇིག་པ་ལ་ཀི་ལི་སོགས། །གདོན་བརླག་པ་ལ་སཱ་ད་ནི། །བྷཱུ་ཏ་ལ་སོགས་དེ་བཞིན་ནོ།
我來為您翻譯這段藏文: 印度語稱:Upāyakarma nāma 藏語稱:事業方便 頂禮金剛遍勝尊! 向持金剛眾勝利者, 金剛遍勝尊頂禮, 現在宣說金剛遍勝, 驅除星宿詛咒法。 詛咒即空行等, 以其咒力所成就, 瑜伽密法此宣說, 以咒鎮壓而驅除。 若有星宿所生者, 或遭其害作惡業, 行此法則無損害。 八方或四方壇城, 或於無間斷壇上, 八大行星與星宿, 形象安置天幔上, 供品朵瑪皆相同。 五瓶或十三瓶或, 單瓶一切皆陳設。 此後沐浴具護持, 十三五或單勇士, 生圓次第當了知。 諸星黑色大力士, 手持三尖寶瓶相。 星宿光明少年相, 持瓶閃電雷生眼, 迎請融入作供養。 金剛陀羅尼咒曰: “oṃ asta na gra gra ha henaṃ na gra asta dha dhara rājñā payati svāhā” 以此持誦作加持, 思維一切皆成就, 宣說教法之諦實, 供養后彼歸虛空。 以瓶隨後作沐浴, 即得解脫諸業障。 其後復有諸事業, 廣釋及以成就法, 各別配合此等法, 壇城資具諸用品, 本尊咒語各別中, 智者如是當配合。 頂禮等法皆相應, 首先自利作供等, 七種成就求一切, sarva vid等七相配。 利他事業今宣說, 令諸有情生驚怖, traṭa等咒當了知, 破壞用sarva tathā等, 明咒斷除用cchinda等, 鎮壓用bandha ya等咒, 摧毀事業用he等咒, 破壞業用kili等咒, 摧毀魔用sāda ni咒, bhūta等咒亦如是。
།དེ་ལས་ཐར་ལ་ཙ་ར་སོགས། །དགུག་ལ་གྷུརྞ་ལ་སོགས་ཡིན། །ལས བྱེད་པ་ལ་ཙུ་རུ་སོགས།།མ་གྲུབ་གྲུབ་བྱེད་ཨེ་ཧི་སོགས། །གྲུབ་པ་བརྟན་ལ་མ་ཏི་སོགས། །ངེས་པར་སྦྱར་བས་འགྲུབ་པར་འགྱུར། །གནོད་སྦྱིན་ན་མཿལ་སོགས་ཡིན། །སྲུང་ལ་མན་སོགས་ངེས་པར་བྱ། །ཞི་ལ་ཏི་ཏི་ལ་སོགས་སོ། །རྒྱས་ལ་ཏེ་ཛ་ལ་སོགས་ཏེ། །རེངས་ཤིང་བསད་ ལ་ཨ་མུ་སོགས།།རྨུགས་ལ་བནྡྷ་སོགས་སྦྱར་ཏེ། །ཏིང་འཛིན་ལ་སོགས་ངེས་པར་སྦྱར། །དེ་དག་འགྲུབ་པར་རྒྱལ་བས་གསུངས། །ཡང་ན་བསྡུས་པ་འདི་ལྟ་སྟེ། །སེམས་ཅན་སྐྲག་པར་བྱ་བས་ན། །རྨུགས་པའི་བར་དུ་བཅོ་ལྔ་ལ། །ཧ་ར་ནས་ནི་ཧཱུཾ་ཕཊ་བར། །བཅོ་ལྔ་མཁས་ པས་རིམ་བཞིན་སྦྱར།།གཞན་ཡང་ལས་རྣམས་དག་ནི་འདི་ལྟ་སྟེ། །སྡིག་སྦྱོང་བ་ལ་སརྦ་པཱ་བའོ། །བཤགས་དང་དག་པ་བསམས་ལ་དེ་བཞིན་བྱ། །དུཿཁཙྪེ་ད་སྡུག་བསྔལ་མེད་ལ་སྟེ། །ཐམས་ཅད་ཙི་ལ་ཏནྟྲ་མཱུ་ལའོ། །དཔལ་ལྡན་ཤྲཱི་མཾ་དེ་བཞིན་ངེས་པར་སྦྱར། །དབང་པོ་ཉམས་ ཕྱིར་ཨིནྡྲ་པུ་ཥ་ཡེ།།ཚེ་ཟད་བསྲིད་པ་ཨཱ་ཡུརྡ་དེ་སྟེ། །ཚེ་ཉམས་རྒྱས་ལ་ཨཱ་ཡུ་པུཥྚ་ལའོ། །བྱུར་ལ་སམྤ་ཏི་ཡང་ངེས་པར་བྱ། །ལྷ་རེངས་པ་ལ་དེ་བ་ཨུ་ཡའོ། །མཛའ་སྡང་བ་ལ་ཕྲེ་དག་པྲི་ཡ་བྱ། །རིགས་བཞིས་གཙེས་ལ་ཙ་ཏུར་ཀུ་ལ་དང་། །ཤཱནྟིཾ་ཀུ་རུ་བྲི་ཡ་ངེས་ཞེས་བྱ། །འཁྲུག་ ལ་མ་ན་ཨ་ཤ་ཨ་ཀད་དོ།།ནོར་ཟད་ཨ་རྭ་ས་ར་ན་དྷེའོ། །མྱ་ངན་ལས་བྱུང་ཨ་ཤོད་པ་ཡཾའོ། །འཇིགས་ལ་ཨ་ཤརྡྷ་ཡཾ་ཤནྟིཾ་སྟེ། །ཕོངས་ལ་ཨ་ཤ་ར་ཡང་སྦྱར་བར་བྱ། །གཟའ་ལ་སོགས་པ་གོང་བཞིན་འདིར་ཤེས་ཏེ། །གདོན་ལ་ད་ཤ་ཨུ་ཙ་ཏ་ཡའོ། །མྱ་ངན་དེ་བཞིན་ཨ་ཤོ་སུདྷ་ཡ། །རྨི་ ལམ་ངན་ལ་དྷུར་བན་ཀ་ར་སྟེ།།མཛེ་ལ་ཀོ་ར་པྲི་མོ་ཀ་ཡའོ།
我來為您翻譯這段藏文: 解脫用cara等咒, 召請用ghurṇa等咒, 作業用curu等咒, 未成令成用ehi等咒, 成就穩固用mati等咒, 如是配合得成就。 夜叉用namaḥ等咒, 守護定用man等咒, 息災用titi等咒, 增益用teja等咒, 僵硬與殺用amu等咒, 昏迷用bandha等配, 三昧等法當確定。 佛說此等皆成就。 或者略說如是法: 為令有情生驚怖, 乃至昏迷十五法, 從hara至於hūṃ phaṭ, 智者依次配十五。 復有諸業如是說: 凈罪用sarva pāpa咒, 懺悔清凈如是作, duḥkhaccheda除痛苦, 一切ci la tantra mūla, 吉祥śrīmaṃ如是配, 諸根衰損indra puṣaye, 壽盡延命āyurdade, 壽損增長āyu puṣṭa la, 富足saṃpati當確定, 天神僵硬deva udaya, 愛憎用prema priya咒, 四部族害catur kula, śāntiṃ kuru priya當知, 爭鬥用mana aśa akada, 財盡arva sarana dhe, 離憂用aśoda payaṃ, 恐懼用aśardhayaṃ śāntiṃ, 貧窮用aśara當配。 星宿等法如上知, 魔障用daśa uccataya, 憂愁同用aśo sudhaya, 惡夢用dhurban kara咒, 麻風用kora primo kaya。
།བསོད་ནམས་འཕེལ་ཕྱིར་ཕུ་ཕྱར་དྷ་ཡ་བཟླས། །འབྱོར་ལ་མཁས་པས་མི་འགྲུབ་གང་ཡང་མེད། །ཀུན་ལ་ཁྲུས་སོགས་རབ་ཏུ་བསྔགས་པ་ཡིན། །རྣལ་འབྱོར་གཙང་སྦྲ་ལྡན་པས་བསྒྲུབས་ན་འགྲུབ། །དེ་མིན་བྱས་ན་ལྷ་ནི་མི་ ་འགྲུབ་པས།
我來為您翻譯這段藏文: 為增福德誦puṇyardhaya, 善巧成就無不成, 一切沐浴等最勝, 瑜伽清凈修即成, 若非如此神不成。 註:這裡的”puṇyardhaya”(ཕུ་ཕྱར་དྷ་ཡ)是咒語,其含義為”增長福德”。我按照原文的對仗形式進行了翻譯,保持了五句偈的格式。
D2929
།དེ་ཕྱིར་ལུས་ངག་བྱ་བ་དག་ལ་འབད་པར་བྱ། །འདི་བྱས་བསོད་ནམས་སེམས་ཅན་ཀུན་ལའོ། །རྡོ་རྗེ་རྣམ་པར་འཇོམས་པའི་མན་ངག་ལས་ཀྱི་ཐབས་ཞེས་བྱ་བ། སློབ་དཔོན་གྲུབ་པ་བ་ཆེན་པོ་བྱདྡྷ་གུ་ཧྱས་མཛད་པ་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་ཨ་བྷི་སེ་ཀ་བི་དྷིཿ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་ག་།དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དག་དང་། རྒྱལ་པོའི་བློན་པོ་དང་། རྗེའུ་རིགས་དང་། དམངས རིགས་དང་།དགེ་སྦྱོང་དང་། བྲམ་ཟེ་གང་དག་སྲིད་པའི་རྒྱ་མཚོ་ལས་མ་རྒལ་བ་དག་ལ་ནད་ཐམས་ཅད་དང་གདོན་དང་། བྱད་ལ་སོགས་པ་གཞན་གྱི་གནོད་པས་སྡུག་བསྔལ་བར་གྱུར་པ་དེ་དག་ལ། རྡོ་རྗེ་རྣམ་པར་འཇོམས་པའི་རིག་སྔགས་ཀྱི་ཆོ་གས་གྲོལ་བར་གྱུར་ཅིག་།དེའི་ ཕྱིར་དེ་དག་རྣམ་པར་དབྱེ་བའི་རིམ་པ་བརྩམ་པར་བྱའོ།།མདོ་འདིའི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་མིང་གི་ངེས་པ་བསྟན་ཏེ། ཇི་ལྟར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ། ཡེ་ཤེས་དེ་ནི་བསོད་ནམས་དང་ཡེ་ཤེས་ ཚད་མེད་པའི་ཚོགས་ཅན།རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས་དེའི་ཕྱིར་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱ་བས། འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ལྟ་བུ་ནི་མ་ཡིན་གྱི་ཡེ་ཤེས་ཀྱི་ལུས་ཅན་དུ་བསྟན་ཏོ། །དེའི་ཕྱིར་ རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ཡང་།ཡེ་ཤེས་དེ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས། རྩེ་གཅིག་ཏུ་མཉམ་པར་གཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ། །ཅིའི་ཕྱིར་ཡེ་ཤེས་འདི་ལ་རྡོ་རྗེ་ཞེས་བྱ་ཞེ་ན། ཕྱི་རོལ་གྱི་རྡོ་རྗེ་རིན་ པོ་ཆེ་དང་ཆོས་མཐུན་པ་རྣམ་པ་བདུན་ཡོད་པའི་ཕྱིར་དཔེའི་སྒོ་ནས་དོན་ཉེ་བར་མཚོན་པ་ཡིན་ཏེ།འདི་དག་ཀྱང་འདི་ལྟར། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་པ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་རྣམས་ཏེ། དེས་ནི་ཡེ་ཤེས་དེ་ ཉིད་ཀྱི་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་ཏོ།
這是藏文的中文翻譯: 因此應當精進身語諸行為。此所修福德迴向一切眾生。這是大成就者佛密阿阇黎所作的《金剛摧破口訣法要》圓滿。
同部經論
與本文同名或相近的其他版本、科判、譯文與註疏。