菩薩藏佛教學會
20
背景
翻譯
下載 ▾

d3502解脫惡趣佛母修法儀軌

D3502

@##། །རྒྱ་གར་སྐད་དུ། དུརྒ་ཏི་ཨུཏྟཱ་རིཾ་ཎཱ་སཱ་དྷ་ནཾ། བོད་སྐད་དུ། ངན་སོང་ལས་སྒྲོལ་མའི་སྒྲུབ་ཐབས། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏཻ་ཨཱརྱཱ་ཏཱ་ར་ཡཻ། ཨོཾ་ཏཱ་རེ ཏུཏྟཱ་རེ་ཏུ་རེ་བཱི་རེ་དུརྒ་ཏི་ཨུཏྟཱ་ར་ཡ།ཧྲཱིཾ་ཧྲཱིཾ་ཧྲཱིཾ་སརྦ་དུཿཁཱཏ་མོ་ཙ་ནི་བྷ་ག་བ་ཏི་དུརྒཱ་ཏྭཱ་ར་ཎོ་མ་ཧཱ་ཡོ་གེཤྩ་རི་ཧྲཱིཾ་ན་མོ་ཏུ་རེ་སྭཱ་ཧཱ། འདིར་བཅོམ་ལྡན་འདས་མ་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་ལྗང་སྔོན་ཕྱག་བཞི་པ། གཡོན་པས་ཞགས་པ་བསྣམས་པ། གཡས་པས་ལྕགས་ཀྱུ་བསྣམས་ཤིང་ གུས་པས་དབུགས་འབྱིན་པ།གཡས་པས་མཆོག་སྦྱིན་པ། མཛེས་པའི་ཕྲེང་བ་དང་ན་བཟའ་མནབས་པ། ཕྱག་གཡོན་པས་ཨུཏྤ་ལ་སྔོན་པོ་བསྣམས་ཤིང་ན་བཟའ་དཀར་པོ་སྐུ་ལ་མནབས་པ་པདྨའི་གདན་ལ་བཞུགས་པ་དུས་གསུམ་དུ་བསྒོམ་པར་བྱའོ། །སྡུག་བསྔལ་ཐམས་ ཅད་ལས་སྒྲོལ་ཞིང་བཅིངས་པ་རྣམས་གྲོལ་བར་བྱེད་དེ།ལྕགས་སྒྲོག་གིས་བསྡམས་པ་དང་། ཞགས་པས་བཅིངས་པ་དང་། གདོན་གྱིས་རེངས་པ་ལས་སྒྲོལ་བར་བྱེད་དོ། །བཅིངས་པའི་གནས་སུ་བཟླས་པར་བྱའོ། །སྟོང་ངམ་བརྒྱད་བརྒྱ་ཉི་མ་རེ་རེ་ལ་བཟླས་པས་གྲོལ་བར་ འགྱུར་རོ།།གལ་ཏེ་མི་གྲོལ་ན་དེའི་ཚེ་མགོ་འགས་ཤིང་བཅད་པར་འགྱུར་བས་བདེ་བར་འགྱུར་རོ། །ཆེ་གེ་མོ་གྲོལ་བར་གྱིས་ཤིག་།གལ་ཏེ་མ་གྲོལ་ན་དེའི་ཚེ་མགོ་འགས་པར་འགྱུར་རོ། །རིམས་ཆེན་པོར་འགྱུར་རོ། །མི་བཟད་པའི་ཟུག་རྔུ་ཆེན་པོར་འགྱུར་རོ། །སྒྲུབ་པ་པོ་ མཐོང་བས་སྟེར་བར་འགྱུར་རོ།།ཉི་མ་བདུན་གྱིས་ངེས་པར་གྲོལ་བར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ངན་སོང་ལས་སྒྲོལ་བའི་སྒྲོལ་མས་གསུངས་སོ། །ཧཱུཾ་ཧྲཱིཾ་ཛཿལན་བདུན་དུ་མེ་ཏོག་ལ་མངོན་པར་བསྔགས་ནས་སྦྱིན་པར་བྱའོ།

以下是藏文的中文翻譯: 梵語:Durgati Uttāriṇā Sādhanaṃ 藏語:解救惡趣度母修法 頂禮聖度母! 南無聖觀世音菩薩、菩薩摩訶薩、大悲者! 南無世尊聖度母! (咒語:) 嗡達熱 德達熱 德熱 比熱 德爾嘎帝 額達熱雅 啥啥啥 薩兒瓦 德卡達 莫匝尼 巴嘎瓦帝 德爾嘎 特瓦熱諾 瑪哈 約給西匝利 啥 南莫 德熱 梭哈 此處應當在三時中觀想世尊救度惡趣度母:身呈青綠色,四臂,左手持繩索,右手持鉤,以慈悲予以救度,右手施無畏印,身著美麗瓔珞及衣飾,左手持青蓮花,身著白色法衣,安住蓮花座上。 她能解救一切痛苦,令被束縛者獲得解脫。能解救鐵鎖束縛、繩索捆綁以及被鬼神附身等。 應在被束縛處持誦。每日誦咒一千遍或八百遍即可獲得解脫。若未獲解脫,則其頭將破裂斷絕而得安樂。 某某人請獲解脫!若不解脫,其頭將破裂。將生大病,將生難忍大痛苦。見到修行者時將予以佈施。七日之內必定解脫。 這是世尊救度惡趣度母所說。 應當將”吽啥匝”咒語加持七遍於花上后佈施。

།མཆོད་པའི་དབུས་སུ་ཁཾ་ཏཱཾ། གཡོན་སྐོར་ ་གྱིས་བྷྲཱུཾ་ཨཱཾ་ཛྲཱིཾ་ཧཱུཾ།

以下是該咒語的四種形式對照: 藏文: ཁཾ་ཏཱཾ། བྷྲཱུཾ་ཨཱཾ་ཛྲཱིཾ་ཧཱུཾ 梵文天城體: खं तां । भ्रूं आं ज्रीं हूं 梵文羅馬拼音: khaṃ tāṃ | bhrūṃ āṃ jrīṃ hūṃ 漢語字面意思: 供品中央寫”康當”,向左旋繞寫”布隆昂哲隆吽” 完整中文翻譯: 在供品的中央書寫”康當”,然後以逆時針方向書寫”布隆昂哲隆吽”。

D3503

གཡས་སྐོར་གྱིས་ལཱཾ་མཱཾ་པཱཾ་པཱཾ་ཏཱཾ་ཞེས་སོ། །ངན་སོང་ལས་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།[་]@##། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་དེ་བཱི་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་ གས་བདུད་རྩིའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེ་སྡེ་ཚན་ལྔ་པའི་དང་པོའི་ས་བོན་ལ་གཉིས་པས་རྫོགས་པར་བྱས་ལ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་དེ་ཉིད་ལས་བྱུང་བའི་ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ།།སྐུ་མདོག་ལྗང་གུ་ཕྱག་གཉིས་པ། གཡས་ཀྱིས་མཆོག་ སྦྱིན་པ།གཡོན་པས་ཨུཏྤ་ལ་བསྣམས་པ། པདྨ་དང་ཟླ་བ་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་བཅིངས་ལ། བཅང་བ་ནི་ལྷ་མོ་སྒྲོལ་མའི་ཨུཏྤ་ལ་ཁ་ ་བྱེ་བའི་ཕྱག་རྒྱའོ།

我來為您翻譯這段藏文: 向右轉誦”藍 曼 班 班 當”。解脫惡趣佛母修法儀軌圓滿。