d3518獨髻母修法
D3518
@##། །རྒྱ་གར་སྐད་དུ། ཨེཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མའི་སྒྲུབ་ཐབས། འཕགས་མ་ཨེ་ཀ་ཛཱ་ཊཱི་ལ་ཕྱག་འཚལ་ལོ། །ོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧྲཱིཾ་ཧཱུཾ་ཧ་ཧ་ཧ་ཧ་ཧེ་ཧེ་ཧཾ་ཧཿཕཊ་མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཨོཾ་ཨཱཿརལཱི་ཧཾ་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་རབ ཏུ་བཤད་བྱ་བ།།ཕྱག་གཉིས་རལ་གཅིག་སྒྲུབ་པའི་ཐབས། །རལ་གཅིག་ཁམ་པ་གྱེན་བརྫེས་པའི། །ལྷ་མོ་གྲི་གུག་ཐོད་པ་བསྣམས། །དེ་བཞིན་ལྷ་མོ་ཕྱག་བཞི་མ། །རྟོག་པར་ཡང་ནི་བདག་གིས་བཤད། །མདའ་དང་རལ་གྲི་གཡས་ན་བསྣམས། །གཡོན་ན་གཞུ་དང་ཐོད་པ་སྟེ། །དེ་བཞིན་དུ་ནི་ ཕྱག་བརྒྱད་ཀྱང་།།རིམ་གྱུར་བདག་གིས་བཤད་པར་བྱ། །གཡས་ན་རལ་གྲི་མདའ་དང་ནི། །རྡོ་རྗེ་གྲི་གུག་དེ་བཞིན་དུ། །གཡོན་ན་ཨུཏྤལ་གཞུ་དང་ནི། །སྟ་གྲི་དང་ནི་ཐོད་པ་བསྣམས། །སྐུ་མདོག་ནག་མོ་དང་ལྡན་མ། །སྟག་ལྤགས་ཤམ་ཐབས་ཀུན་ནས་མནབས། །ཞལ་གཅིག་སྤྱན་ནི་གསུམ་པ་ སྟེ།།རལ་པ་ཁམ་པ་གྱེན་དུ་བརྫེས། །དྲག་མོ་ཀུན་ནས་ལྟོ་བ་འཕྱང་། །གཡོན་བརྐྱང་ཞབས་ཀྱིས་ཡང་དག་གནས། །ཁྲོ་བ་དང་བཅས་ཞལ་གཙིགས་ཤིང་། །མགོ་བོའི་ཕྲེང་བ་འཕྱང་བ་ཅན། །རོ་ལ་གནས་ཤིང་འཇིགས་ཆེན་མོ།
我來為您翻譯這段藏文: 印度語:Ekajāṭī-sādhanaṃ 藏語:獨發母修法 頂禮聖獨發母! (以下是咒語部分) Oṃ āḥ hūṃ oṃ vajrayoginī pratīccha maṃ baliṃ hrīṃ hūṃ ha ha ha ha he he haṃ haḥ phaṭ mama śāntiṃ kuru svāhā Oṃ āḥ ralī haṃ 等咒語應當誦唸。 接下來詳細解說: 二臂獨發修法, 獨發向上豎立, 女神持彎刀與顱器。 同樣,我也要解說四臂女神: 右手持箭與寶劍, 左手持弓與顱器。 如是,我也要依次 解說八臂形相: 右手持劍與箭, 金剛杵與彎刀, 左手持青蓮與弓, 斧子以及顱器。 身色黑暗具威嚴, 虎皮裙裾週身著, 一面具足三隻眼, 獨發褐色向上豎。 威猛腹部微微垂, 左弓右伸而安住, 忿怒面相露牙齒, 頭鬘垂掛極可畏, 立於屍身大怖畏。
།མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །ལང་ཚོ་གཞོན་ཞིང་ཕུན་སུམ་ཚོགས། ། མི་བཟད་གད་རྒྱངས་འཕྲོ་བ་ཅན། །ཊཱཾ་ཡིག་ས་བོན་ལས་བྱུང་བ། །དེ་མ་ཐག་རྐྱེན་བྱེད་པ་ཅན། །སྣ་ཚོགས་པདྨའི་སྟེང་དུ་ནི། །རབ་ཏུ་འབད་པས་ཉི་མ་བསམ། །ཧྲཱིཾ་ཏྲཱིཾ་ཧཱུཾ་ཕཊ། མཁས་པས་རལ་གྲིའི་གནས་སུ་ནི། །རུས་པའི་ཕྲེང་བ་བསམ་པར་བྱ། །ཇི་ལྟར་སྔོན་གསུངས་རིམ་པ་ཡིས། །སྔགས་མཆོག ཡང་དག་བཟླས་པར་བྱ།།བསྒོམ་པའི་སྟོབས་ནི་རྫོགས་པ་ན། །རྣལ་འབྱོར་སྙན་ངག་ཆེན་པོར་འགྱུར། །འབུམ་ཕྲག་གཅིག་གི་བཟླས་པ་ཡིས། །འཇམ་དབྱངས་དང་མཚུངས་ཐོབ་པར་འགྱུར། །སྒྲོལ་མའི་སྒྲུབ་ཐབས་བརྩམས་པ་ཡིས། །བདག་གིས་བསོད་ནམས་གང་བསྒྲུབས་དེས། །སྲོག་ཆགས་སྐྱེ་ ་བོ་མ་ལུས་པ།
我來為您翻譯這段藏文: 不動佛飾其頭頂, 青春盛年極圓滿, 發出可怖大笑聲, 從種子字 ṭāṃ 所生, 即刻顯現而成就。 于彩色蓮花之上, 當以專注觀想日。 (咒語:)hrīṃ trīṃ hūṃ phaṭ 智者應當于劍處, 觀想骨飾之花鬘。 如同往昔所宣說, 依次持誦勝咒語。 當禪定力圓滿時, 瑜伽士成大詩人。 若持誦滿十萬遍, 將得文殊般成就。 以此撰寫度母法, 我所積累諸福德, 愿使一切諸眾生。
D3519
།སྒྲོལ་མ་དང་ནི་མཚུངས་པར་ཤོག་།རལ་པ་གཅིག་མའི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། ཙུནྡ་སཱ་དྷ་ནཾ། བོད་སྐད་དུ། ཙུནྡེའི་སྒྲུབ་ཐབས། འཕགས་མ་ཙུནྡེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཙུནྡེ་ལྷག་པར་ཆེ། །ཡང་དག་རྒྱལ་བ་དེ་བཏུད་ ནས།།དངོས་གྲུབ་མྱུར་དུ་རབ་འགྲུབ་པ། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བརྗོད། །དང་པོར་རེ་ཞིག་སྔགས་པས་རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་སྡེ་ཚན་གསུམ་པའི་དང་པོ་ལ་དང་པོའི་ལྔ་པས་བརྒྱན་པ། ཟླ་ཕྱེད་དང་ཐིག་ལེས་སྤྲས་པ་སྟོན་ཀའི་ཟླ་བའི་འོད་ཟེར་གྱི་ཕྲེང་བ་ཅན། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས་མཛེས་པ།དེའི་འོད་ཟེར་ལས་སྐྱེས་པའི་བཅོམ་ལྡན་འདས་མ་དང་། བླ་མ་དང་སངས་རྒྱས་ལ་སོགས་པ་རྣམས་བལྟས་ནས། མངོན་པར་ཕྱག་བྱས་ཏེ་སྔགས་ཀྱིས་མཆོད་པར་བྱའོ། །ོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་ གནྡྷེ་ཧཱུཾ།ོཾ་བཛྲ་ནཻ་བི་དྱེ་ཧཱུཾ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བརྗོད་པར་བྱའོ། །དེ་ནས་སྨོན་ལམ་སྔོན་དུ་འགྲོ་བས། སྔགས་འདིས་ཆོས་ཐམས་ཅད་ སྟོང་པ་ཉིད་བདག་མེད་པར་བསྒོམ་པར་བྱའོ།།ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། དེ་ནས་ཁམས་གསུམ་པ་མ་ལུས་པ་ས་བོན་སྒྱུ་མའི་རྣམ་པར་བསམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོུ྅ཧཾ། དེ་ནས་སྔོན་དུ་གསུངས་པའི་ས་བོན་ལས་སྐྱེས་པའི་དཔལ་གྱི་ལྷ་མོ་ཙུནྡེའི་བདག་ཉ ཨིད་དུ་བསྒོམ་པར་བྱ་སྟེ།སྟོན་ཀའི་ཟླ་བ་ལྟ་བུ་ཕྱག་བཞི་པ། གཡས་པས་མཆོག་སྦྱིན་པ། གཡོན་པ་པུསྟིས་མཚན་པའི་པདྨ་བསྣམས་པ། ཕྱག་གཉིས་ཀྱིས་ལྷུང་བཟེད་བསྣམས་ཤིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བ་ལ་གནས་པ་བསྒོམ་པར་བྱའོ། །ཕྱི་ནས་ཕྱག་རྒྱ་བཅིང་ པར་བྱ་སྟེ།སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་སྲུང་བ་བྱས་ནས་བཟླས་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཐལ་མོ་སྦྱར་ནས་སྡིགས་མཛུབ་གཉིས་གུང་མོའི་དཀྱིལ་དུ་འཁྱིལ་པའི་རྣམ་པར་སྦྱར་ཞིང་མཐེབ་ཆེན་གཉིས་ལོགས་སུ་སྦྱར་བར་བྱ་སྟེ། འདི་ནི་ཙུན་ ་དེའི་ཕྱག་རྒྱའོ།
以下是藏文的簡體中文直譯: 敬禮度母,愿與之等同。獨發母修法圓滿。
同部經論
與本文同名或相近的其他版本、科判、譯文與註疏。