d2429無執著見 堪巴
D2429
བླ་མ་རཏྣ་ཕ་ལས་རང་འགྱུར་དུ་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། ཨ་སམྦནྡྷ་སརྒ་དྲྀཥྛ་ནཱ་མ། བོད་སྐད་དུ། ཞེན་མེད་ཀྱི་ལྟ་བ་ཞེས་བྱ་བ། ཡུམ་ཕག་མོ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་རྒྱུ་ལས་འདི། །དཔའ་བོ་བདག་གི་དཀྱུས་སར་ཐུངས། ། བདེ་གཤེགས་ལྔ་ཡི་རྟ་ལ་ཞོན། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་ཡིན། །བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །ལྷ་ཆེན་བཞི་ཡི་སྒ་ཡིས་བསྟད། །ཤེས་རབ་ཐབས་ཀྱིས་སྲབ་ཏུ་བཅུག་།རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ ཡིན།།བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །ཉོན་མོངས་བཅུ་ཡི་གསོས་ཅིག་བྱིན། །ལྟ་དྲུག་དབུས་ཀྱི་བྲེས་སུ་བཅུག། །བརྒྱུགས་བས་དུག་གསུམ་རྟ་རྒོད་བཏུལ། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་ཡིན། །བླ་མ་ལུང་གི་རལ་གྲི་ཐོགས། ། ཚངས་པའི་གནས་དྲུག་སྟེང་དུ་འགྲོ། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་ཡིན། །བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །ཕྱོགས་བཅུ་དག་ཏུ་བརྒྱུགས་པས་ཀྱང་། །དེ་ཡི་རྟ་རྗེས་མངོན་པ་མེད། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི ་ཡོང་མ་ཡིན།་ ་ཤིག་དོར་ཤིག་བདག་རྨོངས་སོ།
這是藏文文獻的中文翻譯: 上師拉那巴親自譯出。 梵文為:Asambandha-sarga-drsti-nama 藏文為:無執著見 漢譯為:無執著見 頂禮空行母! 從三界輪迴之因中, 英雄我馳騁于道途。 乘騎五方如來之馬, 如我這般騎手勇士, 世間實在找不到第二。 馳騁降服三毒烈馬, 四大天王鞍具莊嚴, 智慧方便執持韁繩。 如我這般騎手勇士, 世間實在找不到第二。 馳騁降服三毒烈馬, 以十煩惱餵養坐騎, 置於六見之中央處。 馳騁降服三毒烈馬, 如我這般騎手勇士, 世間實在找不到第二。 手持上師教言寶劍, 直上六種梵天境界。 如我這般騎手勇士, 世間實在找不到第二。 馳騁降服三毒烈馬, 縱使奔馳遍十方界, 亦不留下馬蹄印跡。 如我這般騎手勇士, 世間實在找不到第二。 放下吧!放下吧!我已迷惑!
D2430
།བརྒྱུགས་པས་དུག་གསུམ་རྟ་རྒོད་ཐུལ། །སློབ་དཔོན་ཀཾ་པ་ལས་མཛད་བ་ཞེན་མེད་ཀྱི་ལྟ་བ་ཞེས་བྱ་བ་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་ཀཱ་རུ་ཎ་དྲྀཥྛི་ནཱ་མ། བོད་སྐད་དུ། སྟོང་ཉིད་སྙིང་རྗེའི་ལྟ་བ་ཞེས་བྱ་བ། འཕགས་པ་འཇམ་ དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།མི་གཙང་བ་ཡི་སྲིད་པ་དང་། །འཇིག་རྟེན་པ་ཡི་སྤྱོད་པ་དང་། །རྣམ་པས་དཔྱད་ཅིང་བལྟས་བས་ན། །དངོས་པོ་སྟོང་པ་ཉིད་དུ་སྣང་། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་པ་ནི་ངོ་མཚར་ཆེ། །ཱཪྱ་དེ་བ་དམིགས་མེད་པའི། ། རྒྱལ་བོའི་སྲིད་ལ་ངོམས་པ་མེད། །གང་དུ་ཡིད་དང་རླུང་དག་དང་། །དབང་པོ་གནས་པ་ཡོད་མིན་ན། །བདག་ནི་གང་དུ་འགྲོ་བ་དང་། །གང་དུ་གནས་པ་མ་ཤེས་སོ། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་པ་ནི་ངོ་མཚར་ཆེ། །ཱཪྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ ངོམས་པ་མེད།།ཟླ་བ་ལས་ནི་ཟླ་བ་ཡི། །འོད་ཟེར་ཡོངས་སུ་གསལ་བར་འབྱུང་། །ལྷན་ཅིག་སྐྱེས་པའི་རང་བཞིན་ནི། །དེ་ཉིད་དུ་ནི་འཇུག་པར་འགྱུར། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་པ་ནི་ངོ་མཚར་ཆེ། །ཱཪྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ་ངོམས་ པ་མེད།།ཱཪྱ་དེ་བ་ཐམས་ཅད་སྤྱང་། །སྤྱང་པས་རང་བཞིན་དམིགས་མེད་འགྱུར། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་བ་ནི་ངོ་མཚར་ཆེ། །ཱཪྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ་ངོམས་པ་མེད། །སྟོང་ཉིད་སྙིང་རྗེའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨཱཪྱ་དེ་བ་ ་ནས་བརྒྱུད་པ་སློབ་དཔོན་ཙ་ཏ་བས་མཛད་པ་རྫོགས་སོ།
以下是藏文的簡體中文翻譯: 奔馳則降伏三毒烈馬。阿阇黎堪巴所作《無執見》已圓滿。
同部經論
與本文同名或相近的其他版本、科判、譯文與註疏。