菩薩藏佛教學會
20
背景
翻譯
下載 ▾

d3535光明母根本續所出殊勝修法

D3535

དཔལ་འོད་ཟེར་ཅན་པི་ཙུ་བའི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །གདུག་པ་ཐམས་ཅད་འདུལ་མཛད་པའི། །ལྷ་མོ་འོད་ཟེར ཅན་བཏུད་ནས།།ལས་རྣམས་ཐམས་ཅད་སྒྲུབ་པ་ཡི། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ནས། །སྙིང་གའི་ཟླ་བ་ཨོཾ་ཡིག་བརྒྱན། །འབར་ཞིང་དམར་བའི་ས་བོན་ལས། །སྣ་ཚོགས་འོད་ཟེར་ཡང་དག་འཁྲིགས། །དེས་བསྐྱེད་རྫོགས་པའི་ སངས་རྒྱས་དང་།།བླ་མ་བྱང་ཆུབ་སེམས་ཆེན་རྣམས། །ཕྱག་འཚལ་མངོན་པར་བསྔགས་ནས་མཆོད། །ཞལ་ཟས་ལ་སོགས་དབུལ་བར་བྱ། །བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་དཱི་པེ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱེ་ཧཱུཾ། ཞེས་པའི་སྔགས་ཀྱིས་ཐམས་ཅད་དུའོ། །དེ་ནས། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི།།བྱང་ཆུབ་སེམས་ཀྱང་བསྐྱེད་པར་བགྱི། །སྨོན་ལམ་སྔོན་དུ་འགྲོ་བ་ཡིས། །ཆོས་ཀུན་བདག་མེད་བསྒོམ་པར་བྱ། །འདིས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། དེ་ནས་བརྟན་གཡོའི་དངོས་པོ་ཀུན། །ས་བོན་རང་བཞིན་ཉིད་བསམས་ནས། །དེའི་རྗེས་སུ་ཨོ ཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོུ྅ཧཾ།དེའི་ས་བོན་ལས་སྐྱེས་པའི་འཁོར་ལོ། དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་དྲུག་པའི་ལྔ་པའི་ས་བོན་ལ་ཨཾ་ཡིག་དང་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པའོ། །དེ་ཐམས་ཅད་ཡོངས་སུ་རྫོགས་པ་ལས་འོད་ ཟེར་ཅན་གྱི་སྐུར་བདག་ཉིད་བསམ་པར་བྱའོ།།གོས་དང་སྐུ་མདོག་དམར་མོ་ཡོན་ཏན་ཉིས་འགྱུར་གྱི་ཕྱག་རོལ་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་གྱེན་དུ་བརྫེས་པ། ཅོད་པན་དམར་པོ་ཞལ་གསུམ་པ། ཞལ་གཉིས་ནི་ཕག་ཞལ་ལོ། །དང་པོའི་ཞལ་ནི་ཞི་ཞིང་ཅུང་ཟད་འཛུམ་ པའི་ཞལ་སྒེག་ཅིང་འགྱིང་བའི་ཉམས་དང་བཅས་པའོ།།ཐམས་ཅད་ལ་སྤྱན་གསུམ་པའོ། །གཡོན་པ་ནི་ཕག་ཞལ་དམར་པོ་སྟེ། རྡོ་རྗེ་ཐོ་བ་བསྣམས་པ་ལུས་མེད་ཀྱིས་ཕྱག་མཛད་པའོ། །གཡས་པ་ན་ཕག་ཞལ་དམར་སྐྱའོ། །རྡོ་རྗེའི་ཞགས་པ་བསྣམས་པའི་དབང་པོས་ཕྱག་མཛད་པ། ། མཆོད་རྟེན་གྱི་ནང་ན་ཁྲོ་བོ་ནག་པོ་གཡས་བརྐྱང་གིས་བཞུགས་པའོ། །འོག་ཏུ་ཁྱབ་འཇུག་དང་དབང་ཕྱུག་དང་ཚངས་པ་ལ་སོགས་པས་ཕྱག་མཛད་པ། ནོར་ལྷ་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་འཇིགས་པས་འདུད་པ་དང་། རྗེ་བཙུན་མ་ལ་ཕྱག་འཚལ་ཞིང་བཀའ་སྒྲུབ་པར་མཛད་པས་གནས པའོ།

以下是藏文的簡體中文直譯: 《吉祥光明母毗祖巴修法圓滿》

梵語:Mārīcī-sādhanaṃ 藏語:光明母修法 頂禮聖光明母! 調伏一切惡毒者, 禮敬天女光明母, 為成就一切事業, 今當宣說其修法。 以菩薩跏趺坐, 心月莊嚴唵字, 從熾燃紅色種子, 放射種種光明。 由此所生圓滿佛, 上師與大菩薩眾, 頂禮讚嘆而供養, 當獻飲食等供品。 以”嗡金剛花、金剛香、金剛燈、金剛涂香、金剛食物吽”等咒語遍施供養。 然後: 我於三寶作皈依, 亦當發起菩提心, 以此願力為先導, 當修諸法無我性。 以”唵空性智金剛自性我是”咒。 然後觀想動靜諸法, 皆為種子之自性。 隨後誦”唵自性清凈一切法自性清凈我是”。 從其種子生輪,其中心有日輪。其上第六之第五種子,以暗字及半月點莊嚴。 從彼一切圓滿中,當觀想自身為光明母身。衣及身色紅色,功德倍增手勢,虎皮裙裳,髮髻上豎,紅色寶冠,三面,兩面為豬面。初面寂靜略帶微笑,妙相莊嚴。 三面皆具三目。左為紅色豬面,持金剛錘作無身敬禮。右為淺紅豬面,持金剛索作帝釋敬禮。 佛塔中有黑色忿怒尊右展立姿。下有毗濕奴、大自在天、梵天等作禮,財神及護世諸天驚懼頂禮,尊者母受敬禮並令其承事而住。

།དེ་ནས་རྣ་བར་བཀང་བའི་གཞུ་དང་། མྱ་ངན་མེད་པའི་ཡལ་ག་དང་མདས་བསྒྲུབ་བྱའི་སྙིང་གར་འབུགས་པར་བསམ་པར་བྱའོ། །ཕུ་དུང་དམར་པོའི་སྟོད་གཡོགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ། །མྱ་ངན་མེད་པའི་དབུ་རྒྱན་བཅིངས་པའོ། །ཕྱག་ གཡོན་ན་མྱ་ངན་མེད་པའི་མེ་ཏོག་བསྣམས་པ།སྙིང་གར་སྡིགས་མཛུབ་ཀྱིས་གནས་པའི་རྡོ་རྗེ་ཞགས་པ་དང་། ཐོད་པ་ཆེན་པོ་དང་། སྐུད་པ་དང་། མགོ་བོ་དང་། བུམ་པ་བཟང་པོ་རྣམས་ཕྱག་ན་བསྣམས་པའོ། །གཡས་པ་རྣམས་ཀྱིས་སྐུད་པ་དང་། ལྕགས་ཀྱུ་དང་། བྷིཎྜི་པཱ་ལ་དང་། རལ་ གྲི་འཕྱར་བ་དང་།རྡོ་རྗེའི་དབྱུག་པ་དང་། རྡོ་རྗེ་བསྣམས་པའོ། །དཔལ་ལྡན་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རལ་པའི་ཅོད་པན་ཅན་ཞི་བ་ཡེ་ཤེས་ཀྱི་སྤྱན་ཟིམ་བུར་མཛད་པ་སྤྱི་བོར་ རྣམ་པར་བསམས་ནས་ལས་ཐམས་ཅད་བརྩམ་པར་བྱའོ།།མན་ངག་ཇི་ལྟ་བ་བཞིན་དུ་ཡེ་ཤེས་སེམས་དཔའ་དགུག་པ་དང་། རབ་ཏུ་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བས་བསྒྲུབ་པར་བྱའོ། །དབང་བསྐུར་བ་དང་། གོ་ཆ་དང་། ཅོད་པན་བཅིང་བ་དང་། མཆོད་པ་དང་། བསྟོད་ པ་ཡང་བྱས་ནས་ཕྱི་ནས་བཟླས་པ་བརྩམ་པར་བྱའོ།།ཇི་ལྟར་ཉི་མ་འབར་ཞིང་རབ་ཏུ་གསལ་བ་ནི་མི་གཡོ་བ་དང་ལྡན་པའི་མེ་དང་ལྡན་པའོ། །དེ་བཞིན་དུ་ཆོས་འབར་བའི་སྐུ་ལ་རྩེ་གཅིག་པའི་སེམས་ཀྱིས་བཟླས་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། མཐེབ་ཆེན་སེམས་དཔའི་སྐྱིལ་ཀྲུང་ བཅིངས་ནས་མཛུབ་མོའི་རྩེ་མོ་བཀུག་སྟེ་བཟུང་ལ།མཉམ་དུ་གུང་མོ་ཡན་ལག་མཆོག་ལ་ལྷག་མ་རྡོ་རྗེའི་ཐལ་མོ་སྦྱར་བ་སྙིང་ག་དང་མཛོད་སྤུ་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་བཞག་ནས་འདིས། ཨོཾ་མཱ་རཱི་ཙྱཻ་ཧཱུཾ་སརྦ་དུཥྚཱཾ་མརྡཱ་ཡ་ཧཱུཾ་ཕཊ། བརྒྱད་པའི་གསུམ་པ་དང་བཞི་པ་དག་གི་གསུམ་པ་ལས་ བདུན་པའི་བཞི་པས་གང་བ་དང་པོའི་གཉིས་པས་བརྒྱན་པ།བཞི་པ་ལའང་དང་པོའི་གཉིས་པས་བརྒྱན་པའོ།

以下是藏文的簡體中文直譯: 然後觀想以充滿耳朵的弓箭和無憂樹枝箭射穿所修對像之心。身著紅色上衣,以一切莊嚴裝飾。戴無憂樹花冠。 左手持無憂樹花,心間以威懾指持金剛索,並持大顱器、線、頭顱及寶瓶。右手持線、鉤、賓提巴拉(武器名)、揮劍、金剛杵及金剛。 吉祥毗盧遮那佛身色白色,以金剛跏趺坐,結無上菩提手印,入等持三昧,具髮髻寶冠,寂靜智慧眼微閉。觀想于頂上后,當開始一切事業。 如教授所言,應以召請智慧尊、納入、繫縛、降伏等修持。 灌頂、披甲、系冠、供養、讚頌后,然後開始持誦。 如同熾燃光明的太陽具有不動之火,如是應以專一心持誦法身光明。 然後當結手印:大拇指結菩薩跏趺,食指指尖彎曲持握,中指平等殊勝支,余指結金剛合掌,置於心間、眉間、喉間、頂上,誦此咒: “嗡瑪日齊吽薩兒瓦杜斯當瑪兒達雅吽啪德” (藏文:ཨོཾ་མཱ་རཱི་ཙྱཻ་ཧཱུཾ་སརྦ་དུཥྚཱཾ་མརྡཱ་ཡ་ཧཱུཾ་ཕཊ།) (梵文天城體:ॐ मारीच्यै हूं सर्व दुष्टां मर्दाय हूं फट्) (梵文羅馬音:Oṃ mārīcyai hūṃ sarva duṣṭāṃ mardāya hūṃ phaṭ) (漢譯:唵 光明母 吽 摧毀一切惡者 吽 啪德) 第八之第三與第四之第三,以第七之第四充滿,以第一之第二莊嚴,第四亦以第一之第二莊嚴。

།དཀར་པོ་དབང་པོའི་ཞལ་གྱིས་དགོངས་མོའི་ཐུན་ནས་གུང་ཐུན་བར་དུ་ཞེས་པའི་སྔགས་རབ་ཏུ་གསལ་བར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་དེ་བ་དཏྟ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དང་པོའི་བཅུ་གསུམ་ པའི་ས་བོན་ཟླ་ཕྱེད་ཐིག་ལེས་བརྒྱན་པ་སྔོན་དུ་འགྲོ་བས་གུང་ཐུན་བར་དུ་སེར་པོ་ལུས་ངན་པོའི་ཞལ་གྱིས་རྒྱས་པའི་སྔགས་བཟླས་པར་བྱ་སྟེ།ོཾ་མཱ་རཱི་ཙྱཻ་དེ་བ་དཏྟ་སྱ་པུཥྚིཾ་ཀུ་རུ་ཨོཾ། །བརྒྱད་པའི་བཞི་པ་དང་པོའི་བཅུ་གསུམ་པ་བཅུ་དྲུག་པ་དང་ཡང་དག་པར་ལྡན་པས་ནམ་ཕྱེད་ལ་ཆུ་བདག་གི་ཞལ་ དམར་པོས་མིང་མེད་ཀྱིས་དབང་དུ་བྱ་བའི་ལས་ཀྱི་རབ་ཏུ་དབྱེ་བའོ།།ོཾ་མཱ་རཱི་ཙྱཻ་དེ་བ་དཏྟ་སྱ་བ་ཤ་མ་ན་ཡ་ཧོཿདྲུག་པའི་གཉིས་པ་དང་བཞི་པའི་དང་པོར་ཕྱེད་ནག་པོའི་གཤིན་རྗེའི་ཞལ་གྱིས་ཉི་མའི་གུང་ལ་མངོན་སྤྱོད་འདིའི་སྔགས་སྡིགས་མཛུབ་ཀྱིས་རབ་ཏུ་བསྐུལ་ལོ། །ོཾ་མཱ་རཱི་ཙྱཻ་དེ་བ་དཏྟཾ་མཱ་ ར་ཡ་ཧཱུཾ་ཕཊ།གསུམ་པའི་གསུམ་པའི་ས་བོན་ལས་བཅུ་དྲུག་པ་ཡང་དག་པར་ལྡན་པས་ཐམས་ཅད་འགུགས་པའི་མཆོག་གོ། །ོཾ་མཱ་རཱི་ཙྱཻ་ཨ་མུ་ཀ་སྱ་སིདྡྷི་མཱ་ཀཪྵ་ཡ་ཛཿའོད་ཟེར་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་བླ་མ་ལ་གུས་ཤིང་བདེན་པའི་ངག་གིས་འགྲུབ་སྟེ། དེའི་ལྷ་རྣམས་ ཀྱི་བཟླས་པས་ཐེ་ཚོམ་མེད་པར་རིག་གོ།།སྔགས་བྱེ་བ་བཟླས་པར་འགྱུར་རོ།

以下是藏文的簡體中文直譯: 白色帝釋天面從黃昏時分至正午時分,應明顯持誦此咒: “嗡瑪日齊德瓦達達思雅香丁古如梭哈” (藏文:ཨོཾ་མཱ་རཱི་ཙྱཻ་དེ་བ་དཏྟ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ) (梵文天城體:ॐ मारीच्यै देव दत्तस्य शान्तिं कुरु स्वाहा) (梵文羅馬音:Oṃ mārīcyai deva dattasya śāntiṃ kuru svāhā) (漢譯:唵 光明母 天授 愿獲得寂靜 梭哈) 第一之第十三種子字以月半點莊嚴為前導,至正午時分,以黃色羅剎面持誦增益咒: “嗡瑪日齊德瓦達達思雅普斯丁古如嗡” (藏文:ོཾ་མཱ་རཱི་ཙྱཻ་དེ་བ་དཏྟ་སྱ་པུཥྚིཾ་ཀུ་རུ་ཨོཾ) (梵文天城體:ॐ मारीच्यै देव दत्तस्य पुष्टिं कुरु ॐ) (梵文羅馬音:Oṃ mārīcyai deva dattasya puṣṭiṃ kuru oṃ) (漢譯:唵 光明母 天授 愿獲得增益 唵) 第八之第四、第一之第十三、第十六圓滿具足,于午夜以水神紅面無名指作降伏事業分類: “嗡瑪日齊德瓦達達思雅瓦夏瑪那雅吙” (藏文:ོཾ་མཱ་རཱི་ཙྱཻ་དེ་བ་དཏྟ་སྱ་བ་ཤ་མ་ན་ཡ་ཧོཿ) (梵文天城體:ॐ मारीच्यै देव दत्तस्य वशमनय होः) (梵文羅馬音:Oṃ mārīcyai deva dattasya vaśamanaya hoḥ) (漢譯:唵 光明母 天授 愿降伏 吙) 第六之第二與第四之第一,以黑色閻魔面于日中,以威懾指激發此誅法咒: “嗡瑪日齊德瓦達當瑪拉雅吽啪德” (藏文:ོཾ་མཱ་རཱི་ཙྱཻ་དེ་བ་དཏྟཾ་མཱ་ར་ཡ་ཧཱུཾ་ཕཊ) (梵文天城體:ॐ मारीच्यै देव दत्तं मारय हूं फट्) (梵文羅馬音:Oṃ mārīcyai deva dattaṃ māraya hūṃ phaṭ) (漢譯:唵 光明母 天授 愿誅滅 吽啪德) 第三之第三種子字與第十六圓滿具足,是一切召請之最勝: “嗡瑪日齊阿姆嘎思雅悉地瑪嘎夏雅匝” (藏文:ོཾ་མཱ་རཱི་ཙྱཻ་ཨ་མུ་ཀ་སྱ་སིདྡྷི་མཱ་ཀཪྵ་ཡ་ཛཿ) (梵文天城體:ॐ मारीच्यै अमुकस्य सिद्धि माकर्षय जः) (梵文羅馬音:Oṃ mārīcyai amukasya siddhi mākarṣaya jaḥ) (漢譯:唵 光明母 某某 愿攝召成就 匝) 于光明壇城灌頂后,恭敬上師並以誠實語成就,以其諸尊持誦無疑可知。咒語當誦百萬遍。

།རས་བྲིས་ཀྱི་མདུན་དུ་ལེགས་པར་བཟླས་པ་དང་ལྡན་པས་ལས་ཐམས་ཅད་འགྲུབ་ཅིང་ཡིད་ལ་གང་འདོད་པ་འབྱུང་ངོ་། །འོད་ཟེར་ཅན་འབྱུང་རྒྱུད་ལས་ནི། མཆོག་གི་སྒྲུབ་ཐབས་བྲིས་པ་ ་ཡིས།

以下是藏文的簡體中文直譯: 于唐卡面前,具足善妙持誦,則一切事業成就,心中所欲皆得生起。此乃出自《光明母根本續》中所書之殊勝修法。

D3536

།དགེ་བའི་རྩ་བ་འདི་ཡིས་ནི། །སེམས་ཅན་བདེ་གཤེགས་འགྱུར་བར་ཤོག་།འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པ། འཕགས་མ་འོད་ ཟེར་ཅན་ལ་ཕྱག་འཚལ་ལོ།།རང་གི་སྙིང་གར་ཟླ་བ་ལ་མཾ་ཡིག་བསམས་ནས། དེའི་འོད་ཟེར་རྣམས་ཀྱིས་བསྐྱེད་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བལྟས་ནས་ཕྱག་འཚལ་བ་དང་མངོན་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་ ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱང་སྒྱུ་མའི་དཔེ་ལ་སོགས་པས་སོ་སོར་སྣང་བ་ཙམ་ས་བོན་ལས་བསམས་ནས་རང་བཞིན་རྣམ་པར་དག་པ་བརྗོད་པར་བྱ་སྟེ།དེ་ནས་སྟོང་པ་ཉིད་ཀྱིས་ལྷག་པར་གྲོལ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་དེའི་ས་བོན་ཡོངས་སུ་གྱུར་པ་ལས་མྱ་ངན་མེད་པའི་ ཤིང་།དེའི་སྟེང་དུ་ཟླ་བ་ལ་གནས་པའི་མཾ་ཡིག་།དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་འོད་ཟེར་ཅན་གྱི་སྐུར་བལྟའོ། །དེ་ཡང་སྐུ་མདོག་སེར་མོ་ཞལ་གསུམ་པ། སོ་སོར་སྤྱན་གསུམ་པ། ཕྱག་བརྒྱད་པ། ན་བཟའ་དམར་པོ་མནབས་པ། ཕུ་དུང་དམར་པོའི་སྟོད་གཡོགས་ ཅན།རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་འོད་འཕྲོ་བའི་ཕྲེང་བ་འཁྲིགས་པ་བནྡྷུ་ཛི་བ་ཀའི་མེ་ཏོག་ལྟ་བུ་དང་ལྡན་པའི་ཕྱག་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ཀྱི་ཞགས་པ་དང་། གཞུ་དང་། མྱ་ངན་མེད་པའི་ཡལ་ག་དང་། སྐུད་པ་བསྣམས་པ། གཡས་ན་རྡོ་རྗེ་དང་། མདའ་དང་། ལྕགས་ཀྱུ་དང་། ཁབ་བསྣམས་པ། མཆོད་རྟེན་གྱི་ནང་ན་གནས་ཤིང་ཕག་བདུན་གྱི་ཤིང་རྟ་ལ་ཞབས་གཡོན་བརྐྱང་གིས་བཞུགས་པ། ལང་ཚོ་གཞོན་ནུས་གནས་ཤིང་སྤྱན་རྒྱས་པ། དེའི་རྩ་བའི་ཞལ་ཞི་ཞིང་སྒེག་པ། གཡོན་ན་ཕག་ཞལ ནག་པོ་ཁྲོ་བ་དང་བཅས་པ་ཁྲོ་གཉེར་གཙིགས་ཤིང་འཇིགས་པར་བྱེད་པ་ལྗགས་བསྐྱོད་པའོ།།ཞལ་གཡས་པ་དམར་ཞིང་ཟླུམ་པ་པདྨ་རཱ་ག་དང་མཚུངས་པ་གཙང་ཁང་ནང་ན་བཞེངས་ཤིང་མྱ་ངན་མེད་པའི་ཤིང་གི་མེ་ཏོག་གཅལ་དུ་བཀྲམ་པ། འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཧཾ་ཡིག་ལས་བྱུང་ བའི་སྒྲ་གཅན་ཟླ་བ་དང་ཉི་མ་འཛིན་པ་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་མ་བསམ་པར་བྱའོ།།དེ་ལ་ཤར་དུ་ལྷ་མོ་བཏྟ་ལི་སྐུ་མདོག་དམར་མོ་ཕྱག་བཞི་པ་ཕྱག་གཡོན་པ་དག་གིས་ཞགས་པ་དང་མྱ་ངན་མེད་པའི་ཤིང་བསྣམས་པ། གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ་དང་། ཁབ་བསྣམས་པའོ།

以下是藏文的中文翻譯: 以此善根,愿眾產生為善逝。光明母修法圓滿。