菩薩藏佛教學會
20
背景
翻譯
下載 ▾

d2809如意樹尊修法

D2809

།གྲུབ་པའི་འབྲས་བུས་ལུས་ཅན་ལ། །བསྔོ་དང་ང་རྒྱལ་མེད་ཉིད་དང་། །བྱིན་པས་དབུལ་དང་ཕོངས་འགྱུར་ཞེས། །དོགས་བྲལ་དེ་ཡིས་སྤྱད་མི་བྱ། །ལོངས་སྤྱོད་མི་ཟད་པའི་སྒྲུབ་ཐབས་རྫོགས་སོ།།[་]@#། །ཐུགས་རྗེ་ཆེན་པོ་ དཔག་བསམ་གྱི་ཤིང་ཅན་ལ་ཕྱག་འཚལ་ལོ།།དཔག་མེད་བསོད་ནམས་ཡེ་ཤེས་ཚོགས་རབ་སྨིན་པའི་རྒྱུས། །གང་སྐུ་མི་གཏོད་དཔག་བསམ་ཤིང་ཆེན་བསིལ་གྲིབ་ཅན། །འགྲོ་བའི་དོན་དུ་ཤིན་ཏུ་རྨད་བྱུང་སྐུ་སྟོན་པ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་མངའ་འདིར་མཉེས་བརྗོད། །ཐོག་མར་རྣལ་ འབྱོར་གྱི་དབང་ཕྱུག་ཆེན་པོས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ།།ཕྱི་དང་ནང་ལ་སོགས་པའི་རྣམ་པར་དག་པ་སྒྱུར་བའི་རིམ་པས་རྒྱས་བཏབ་ལ། བདག་ཏིང་ངེ་འཛིན་རྒྱལ་པོའི་དང་ལ་གནས་པས། རིན་པོ་ཆེའི་ས་གཞི་ལས་མངོན་པར་བྱུང་བའི་དཔག་བསམ་གྱི་ཤིང་གི་ཡལ་ག་དང་། མེ་ཏོག་དང་ འབྲས་བུ་བསམ་གྱིས་མི་ཁྱབ་པ་རྒྱས་པ།སྤོས་ཀྱི་ངད་ཞིམ་པོས་བསྲུང་ཞིང་དེ་ལས་གྲུབ་པའི་སིལ་སྙན་གྱི་སྒྲས་ཆོས་ཀྱི་སྒོ་ཐམས་ཅད་ཡང་དག་པར་སྟོན་པ། ལྷའི་བུ་དང་བུ་མོ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བསྟོད་ཅིང་ཕུ་དུད་བྱས་པའི་སྡོང་བུ་ཆེན་པོ་ལ་བཞུགས་པ་ནི། འཕགས་པ་སྤྱན་ རས་གཟིགས་ཀུན་ནས་འོད་ཟེར་བཀོད་པའི་རྒྱལ་པོ།ཀུན་དུ་ཞལ་ཁ་དོག་བཞི་པ་ཕྱག་བརྒྱད་ཀྱིས་རབ་ཏུ་མཛེས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་མི་གཡོ་བར་བཞུགས་ཤིང་། འོད་དཔག་ཚད་གཅིག་པས་བཙུན་མོ་དང་བཅས་པའི་འཁོར་གྱི་དཀྱིལ་འཁོར་ལྷམ་མེ་ལྷང་ངེར་གསལ་བར་མཛད་པའོ།

我來為您翻譯這段藏文: 對修行的成果對眾生,不應迴向與我慢,施予會致貧窮等,應離此疑而修行。無盡受用成就法圓滿。

頂禮大悲如意樹尊!因無量福德智慧資糧圓滿故,其身猶如清涼廕庇如意大樹,為利眾生示現殊勝妙身,我今讚歎具大悲心觀自在尊。 首先,大瑜伽自在尊應當修習四梵住。以外內等清凈轉變次第加持后,自身安住於三摩地王中,觀想從珍寶地基上生起如意樹,其枝葉、花果無量無邊茂盛,芬芳妙香遍佈,從中發出樂音宣說一切法門。天子天女等千億萬衆讚歎禮敬的大樹之上,安住聖觀自在光明莊嚴王,四面四色八臂莊嚴,金剛跏趺不動而坐,一由旬光明照耀,與佛母眷屬壇城明晰顯現。 註:這是一段密宗修持儀軌的內容,描述了觀想如意樹上的觀世音菩薩本尊法相的過程。我已經按照要求直譯,保持了原文的完整性,沒有省略或意譯。文中沒有出現需要四種形式並列顯示的種子字或咒語。

།ཆགས་ བྲལ་ཆགས་པའི་ཁ་དོག་ཅན།།ནོར་བུ་འབར་བས་བརྒྱན་པའི་སྐུ། །བལྟ་བས་མི་ངོམས་བཙུན་མོ་དང་། །ལྷན་ཅིག་འཇིགས་སྐྱོབ་ལ་སོགས་འཁྱུད། །གཞན་དག་སྡོང་བུ་ལས་ཕྱེ་བ། །དགུ་བརྒྱ་དགུ་བཅུ་དགུ་ཡལ་ག་།ཟླ་བ་ཉི་མ་སོགས་སྟེང་དུ། སྐལ་བཟང་སངས་རྒྱས་འཛུམ་པ་མཛད། ། ཤཱཀྱའི་རྒྱལ་པོ་ཐུགས་ཀ་དང་། །འོད་དཔག་མེད་དཔལ་ཅོད་པན་དང་། །སྨིན་མཚམས་ན་ནི་མི་བསྐྱོད་པ། །ཕྱག་མཐིལ་རྡོ་རྗེ་མགྲིན་སྔོན་ཉིད། །གང་དག་འཇིག་རྟེན་འདི་དང་གཞན། །བཀྲ་ཤིས་རྫས་དང་ནོར་དང་འབྲུ། །མེ་ཏོག་རྒྱན་དང་མཆོད་རྫས་སྨན། །གང་ཡོད་མ་ལུས་འདིར་སྤྲུལ་བྱ། །བཻཌཱུར རང་བཞིན་སྡོང་བུ་རབ་ཏུ་ཀུན་ནས་བརྗིད་ཆགས་འཁྲུངས་པ་ཡི།།ཡལ་ག་བཟང་གྱེས་ཕྱོགས་བཅུར་འདུད་རྣམས་རྫོགས་པའི་སངས་རྒྱས་ཁུར་ཁྱེར་ཞིང་། །འབྲས་བུ་གཡུར་ཟ་མེ་ཏོག་ཁ་ཕྱེ་ཕན་ཚུན་འགྲན་པ་བཞིན་སྟོན་པ། །མཁའ་ཁྱབ་དྲི་ལྡང་འཇིག་རྟེན་གསུམ་སྐྱབས་དགའ་བ་སྐྱེད་པར་བྱེད་པ་ཡིན། ཡེ་ཤེས་པ་ སྤྱན་དྲངས་ནས་གུས་པས་རྫས་དང་བཅས་པས་རིམ་གྲོ་རྫོགས་པར་བྱས་ལ།སྡིག་པ་བསལ་བ་དང་། འགྲོ་བའི་དོན་དུ་གསོལ་བ་བཏབ་སྟེ། རང་གི་སྤྱོད་ཡུལ་དུ་གནས་པར་བསམ་མོ། །དེའི་འོག་ཏུ་དཔག་བསམ་གྱི་མཆོད་པ་དབུལ་བ་དང་། ལྷན་ཅིག་ཏུ་རིག་སྔགས་བཟླ་ཞིང་གར་མཁན་དང་རོལ་མོ་མཁན་དང་། གླུ་ མཁན་ལ་སོགས་པས་དགྱེས་པ་བསྐྱེད་པར་བྱའོ།།ོཾ་ཨཱཿཧྲཱིཿཀལྤ་བྲྀཀྵ་ཧཱུཾ། ནམ་ཞིག་སྐྱོ་བར་གྱུར་ན་ཡང་། །ཡེ་ཤེས་རྟེན་ལ་བསྡུས་ནས་སུ། །དམ་ཚིག་དྲན་པའི་རྒྱས་བཏབ་སྟེ། །ཚོགས་བརྔར་བ་ནི་མཁས་པའི་ལུགས། །དཔག་བསམ་གྱི་ཤིང་ཅན་གྱི་སྒྲུབ་ཐབས་རྫོགས་སོ།

我來為您翻譯這段藏文: 離欲具欲妙色相,寶光璀璨莊嚴身,觀之不厭佛母等,相擁救怖等眷屬。其餘從主幹分出,九百九十九枝杈,日月等物上方現,賢劫諸佛現微笑。釋迦王在心間處,無量光尊冠頂上,眉間安住不動佛,手掌金剛藍頸尊。 此世他方諸吉祥,財物穀物諸資具,花飾供品與藥物,一切無餘此變化。 琉璃自性莊嚴樹,枝繁葉茂遍十方,圓滿佛陀為其果,花開果熟相映輝,香遍虛空三界依,能生殊勝大歡喜。 迎請智慧尊降臨,恭敬供養作圓滿,消除罪業為眾生,祈請安住自境中。其後獻如意供養,同時持誦密咒語,舞者樂師及歌手,一切皆作令歡喜。 嗡阿啥(ōṃ āḥ hrīḥ)如意樹吽(hūṃ)。若時生起厭倦心,攝入智慧依止尊,以誓言念而加持,會供即是智者法。如意樹尊修法竟。 註:文中出現的咒語”嗡阿啥如意樹吽”已按要求標註了梵文羅馬拼音。這是一篇觀想如意樹及其上諸佛菩薩的修法儀軌,我已經完整直譯,保持了原文的對仗形式。