d3525續部所說白色光明母修法儀軌
D3525
།དེ་བཞིན་དུ་ཐུན་མཚམས་གསུམ་དུ་བྱིན་གྱིས་བརླབས་ནས་ལྷའི་རྣལ་འབྱོར་གྱིས་གནས་པར་བྱའོ། །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། །ཀལྤོ་ཀྟ་བིདྷི་ནཱ་སཱི་ཏ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་ དུ།རྟོག་པ་ལས་གསུངས་པའི་ཆོ་ག་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་རང་གི་སྙིང་གར་ཟླ་བ་ལ་མཾ་ཡིག་དཀར་པོའི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་གདན་དྲངས་ཏེ་ཉེ་བར་སྤྱོད་པ་སྣ་ཚོགས་པས་མཆོད་ནས་སྡིག་པ་བཤགས་པ་ལ་ སོགས་པ་བྱས་ནས་ཚད་མེད་པའི་གནས་བཞི་བསྒོམས་ཏེ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ་ཞེས་བརྗོད་ནས་བཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སླར་ཡང་མཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་ཀུན་དང་ཟླ་བའི་འོད་ལྟ་བུ་ཞལ་ལྔ་པ།ཕྱག་ བཅུ་པ།ཞབས་བཞི་པའི་བདག་ཉིད་དུ་སྐད་ཅིག་གིས་བསམ་པར་བྱའོ། །དེ་ལ་ཞལ་གྱི་གཙོ་བོ་སྐུའི་མདོག་ལྟ་བུ། ཞལ་གཡས་པ་ནག་པོ། ཞལ་གཡོན་པ་ཕག་ཞལ་དམར་པོ། རྒྱབ་ཞལ་ལྗང་གུ། དབུའི་སྟེང་དུ་ཞལ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་ཟུར་ཕུད་གསུམ་པ་ རལ་པའི་ཅོད་པན་ཅན།ཕྱག་གཡས་པ་ལྔ་རྣམས་ན་ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་སྔོན་པོ་དང་། མདའ་དང་། ལྕགས་ཀྱུ་དང་། ཁབ་རྣམས་ཕྱག་ན་བསྣམས་པའོ། །ཕྱག་གཡོན་པ་ལྔ་རྣམས་ན། ཟླ་བའི་དཀྱིལ་འཁོར་དང་གཞུ་དང་། མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་། ཞགས་པ་ དང་བཅས་པའི་སྡིགས་མཛུབ་དང་།སྐུད་པ་རྣམས་ཕྱག་ན་བསྣམས་པའོ། །རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་རྣ་རྒྱན་དང་། དཔུང་རྒྱན་དང་། གཙུག་ཕུད་དང་། དྲིལ་བུ་གཡེར་ཀའི་དྲ་བའི་སྐ་རགས་དང་། གོས་ཀྱིས་སྐུ་ལ་བརྒྱན་པ། ལང་ཚོ་གཞོན་ཞིང་ཤ་འགག་གི་སྟོད་གཡོགས་དཀར་པོ་ཅན། མཆོད་རྟེན་གྱི་ནང་དུ་བཞུགས་ཤིང་ཕག་བདུན་གྱི་ཤིང་རྟ་ལ་བཞུགས་པ། ཁྱབ་འཇུག་དང་། དབང་པོ་དང་། བདེ་བྱེད་དང་། ཚངས་པ་རྣམས་ཞབས་བཞིས་མནན་པ། དེའི་ཡང་ཤིང་རྟའི་དབུས་སུ་གནས་པའི་ཆུ་སྲིན་མནན་པའི་བཅོམ་ལྡན་འདས་མ་དེ་ཡང་སྐུ་མདོག་ནག་མོ་ཕག་གི་ཞལ་ཅན་མ། རྡོ་རྗེ དང་།སྡིགས་མཛུབ་དག་གིས་གཡས་དང་། གཡོན་པའི་ཕྱག་དག་ནའོ། །གཡས་ཕྱོགས་ན་བཅོམ་ལྡན་འདས་མ་གཞན་ཏེ། དེ་ཡང་ཕག་ཞལ་དམར་མོ་ཕྱག་བཞི་པ་ལྕགས་ཀྱུ་དང་། ཁབ་དག་ཕྱག་གཡས་པ་གཉིས་ནའོ།
這是藏文的中文翻譯: 同樣地,在三個時分加持后應當安住于本尊瑜伽。以上是《續部》所說的光明尊修法圓滿。
梵文為:Kalpoktavidhinā sītamārīcyai sādhanam 藏文為:續部所說儀軌白光明尊修法 頂禮聖光明尊! 首先,于自心月輪上觀想白色”མཾ”(MAṂ)字放光,迎請世尊母,以各種近供養品供養后,懺悔罪業等,修四無量心。誦”ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ”(OṂ ŚŪNYATĀ JÑĀNA VAJRA SVABHĀVA ĀTMAKO’HAṂ)后,從”བཾ”(VAṂ)字生起雜色蓮花,其上月輪中再次觀想白色”མཾ”(MAṂ)字變化,成為光明尊,如月光般明亮,五面十臂四足之身。 其中主面如身色,右面黑色,左面豬面紅色,後面綠色,頂上面黃色,以各種珍寶莊嚴的三髻髮髻冠。右五手持日輪、藍金剛杵、箭、鉤及針。左五手持月輪、弓、無憂樹枝、具索threatening指及線。以各種珍寶莊嚴的耳環、臂釧、髮髻、鈴鐺網路腰帶,以衣飾莊嚴身體,年輕貌美,身著白色緊身上衣,安住于佛塔中,坐於七豬拉車上,四足踏著遍入天(毗濕奴)、帝釋天、大自在天(濕婆)及梵天。 車中央踏著摩羯魚的世尊母,身色黑,具豬面,右手持金剛杵,左手作threatening指。右側有另一世尊母,她具紅色豬面,四臂,右二手持鉤與針。
།ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། སྐུད་པ་དག་ཕྱག་གཡོན་པ་ གཉིས་ནའོ།།མཛེས་པའི་རྒྱན་གྱིས་བརྒྱན་པའོ་ཞེས་སོ། །གཡོན་ཕྱོགས་ན་རྗེ་བཙུན་མ་གཞན་ཏེ། དེ་ཡང་སྐུ་མདོག་དམར་མོ་ཕག་པའི་ཞལ་ཅན་ནོ། །རྣ་བའི་རྩར་བཀང་བའི་གཞུ་དང་། མདའ་དང་། རྡོ་རྗེ་དང་། མྱ་ངན་མེད་པའི་ཤིང་གི་ཡལ་ག་རྣམས་གཡས་དང་གཡོན་གྱི་ཕྱག་ན་བསྣམས་པའོ། །སྣ་ ཚོགས་པའི་ན་བཟས་བརྒྱན་པའོ་ཞེས་ཏེ།ཤིང་རྟ་འདྲེན་པའི་ཕག་གི་འོག་ན་ཉི་མ་ལ་སོགས་པའི་གཟའ་དགུ་དང་ཉེ་བར་འཚེ་བའི་ནད་ཀྱི་ཚོགས་ལྷུང་ནས་མི་གཟུགས་ཀྱི་ཞི་ཞིང་དེ་ལྟ་བུའི་བཅོམ་ལྡན་འདས་མ་བསམས་ནས། སྙིང་གར་ཟླ་བ་ལ་མཾ་ཡིག་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་ པ་རྣམས་གདན་དྲངས་ཏེ།དབང་བསྐུར་བླངས་ཤིང་། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའོ། །དེ་ནས་སྙིང་གའི་ས་བོན་ལས་ཕྲེང་བའི་རྣམ་པ་ལྟ་བུའི་སྔགས་ཀྱི་ཡི་གེ་རྣམས་ཁ་ནས་འཐོན་ནས་ལྟེ་བ། ལྟེ་བ་ནས་ཁ། ཁ་ནས་སླར་ཡང་ལྟེ་བ་ལ་སོགས་པར་འཁོར་ལོ་ འཁོར་བའི་རིམ་པ་བཞིན་དུ་སྔགས་བཟླས་པར་བྱའོ།།མཐར་གསུམ་གྱི་དེ་བཞིན་ཉིད་ཀྱང་ཡིད་ཀྱིས་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུཾ་ཕཊ་སྭཱ་ཧཱ། རང་གི་ས་བོན་གྱིས་བྱིན་གྱིས་བརླབས་ལ་ཟས་ལ་སོགས་པ་ཐམས་ཅད་ལ་རྗེས་སུ་གནས་པར་བྱའོ། །སྐྱོ་ན་ཡི་གེ་བརྒྱ་པའི་ ་སྔགས་བརྗོད་ལ་ཅི་བདེར་གནས་པར་བྱའོ།
以下是藏文的中文翻譯: 左二手持索和threatening指及線。以美飾莊嚴。左側有另一尊貴母,她也是紅色身相,具豬面。耳邊持滿弓、箭、金剛杵及無憂樹枝等右左手持執。以各種衣飾莊嚴。 拉車之豬下方,日等九曜及諸病害眾墮落成人形而寂靜。如是觀想世尊母后,從心間月輪上的”མཾ”(MAṂ)字放出光芒,迎請諸如來,接受灌頂,以毗盧遮那佛莊嚴頂部。 然後從心間種子字出現如串珠形的咒語文字,從口出至臍,從臍至口,從口再至臍等,如輪轉般依次誦咒。最後三遍也應以意念為之。 其咒語為:“ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུཾ་ཕཊ་སྭཱ་ཧཱ”(OṂ MĀRĪCYAI MĀṂ HŪṂ PHAṬ SVĀHĀ)。以自身種子字加持后,應於一切飲食等中安住。若疲倦時,誦百字明咒后隨意安住。
D3526
།ཞེས་སོ། །རྟོག་པ་ལས་གསུངས་པའི་ཆོ་ག་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། བཛྲ་དྷཱ་ཏྭཱི་ཤྭ་རཱི་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་ མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།ོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པས་སྤྱི་བོ་དང་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་པུས་མོ་གཉིས་རྣམས་སུ་བདག་ཉིད་རྣམ་པར་བསྒོམས་ནས་ཨོཾ་ཡིག་གིས་ཐམས་ཅད་སྔོན་མ་བཞིན་དུ་རྣམ་པར་དག་པར་བརྗོད་པའོ། །མཐར་ཐུག་པའི་ཆོ་ག་ བྱས་ནས་ཨོཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་ཕྱག་བཅུ་གཉིས་པ།ཞལ་དམར་པོ་ལྟོ་བ་འཕྱང་བ། དབུ་སྐྲ་ཁམ་པ་གྱེན་དུ་འབར་ཞིང་བརྫེས་པ་ཐོད་པའི་ཕྲེང་བ་ཅན་སྦྲུལ་གྱི་སྐེ་རགས་བྱས་པ། སྟག་གི་པགས་པའི་ན་བཟའ་མནབས་པ། ཞབས་ཟུང་གིས་བགེགས་ དཔག་ཏུ་མེད་པ་མནན་པ།མཆོད་རྟེན་གྱི་ནང་ན་ཉི་མའི་དཀྱིལ་འཁོར་ལ་ཞབས་གཡོན་བརྐྱང་གིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་མགོན་དང་བཅས་པ། སྣ་ཚོགས་པའི་ཕག་གཉིས་ཀྱིས་བཀུག་པའི་ཡིད་ཀྱིས་ཤིང་རྟ་ལ་ཞོན་པ། དམར་པོ་དང་། ནག་པོ་དང་། ལྗང་གུ་དང་། སེར་པོ་དང་། དཀར་པོ་ རྣམས་དང་པོ་ལ་སོགས་པའི་ཞལ་ལྔའོ།།སྟེང་དུ་ཕག་ཞལ་ནག་པོ་གཅིག་གོ་།ཕྱག་གཡས་པ་རྣམས་ན་རལ་གྲི་དང་གཏུན་ཤིང་དང་། མདའ་དང་། ལྕགས་ཀྱུ་དང་། རྡོ་རྗེ་རྩེ་གཅིག་པ་དང་། དགྲ་སྟ་རྣམས་སོ། །ཕྱག་གཡོན་པ་རྣམས་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། ཐོད་པ་དང་། མྱ་ངན་མེད་པའི་ཡལ་ག་དང་། ཚངས་པའི་མགོ་བོ་དང་། གཞུ་དང་། རྩེ་གསུམ་རྣམས་བསྣམས་པའོ། །སྤྱན་གསུམ་པ། ལྗགས་བསྐྱོད་ཅིང་ཞལ་གཙིགས་པ། ཤིན་ཏུ་འཇིགས་པར་བྱེད་པ་བསམ་པར་བྱའོ། །ཤིང་རྟའི་དབུས་སུ་ཕྱག་གཉིས་པ་སྡིགས་མཛུབ་དང་མྱ་ངན་མེད་པའི་ཡལ་ག་ཕྱག་ན བསྣམས་པའོ།།ཤིང་རྟ་འདྲེན་པ་གཡོན་བརྐྱང་གིས་གནས་པ་འཇིགས་པར་བྱེད་པ་བསམ་པར་བྱའོ། །སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སེམས་ཅན་གདུག་པ་ཅན་རྣམས་རེངས་པ་དང་། འཇོམས་པར་བྱེད་པའོ། །ོཾ་བཛྲ་དྷཱ་ཏྭཱི་ཤྭ་རཱི་སརྦ་དུཥྚཱ་སཏྭཱན་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཨོཾ་མཱ་རཱི་ཙྱཻ་ཨོཾ་ ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་བཟླས་པར་བྱའོ།
以下是藏文的簡體中文直譯: 如是說。這是從《觀想續》中所說的白色光明母的修法儀軌圓滿。
同部經論
與本文同名或相近的其他版本、科判、譯文與註疏。