菩薩藏佛教學會
20
背景
翻譯
下載 ▾

d1343大樂甘露光吉祥智慧寶 n3.5s

D1343

@##། །རྒྱ་གར་སྐད་དུ། མ་ཧཱ་སུ་ཁ་ཨ་མྲྀ་ཏ་པྲ་བྷ་ནཱ་མ། བོད་སྐད་དུ། བདེ་བ་ཆེན་པོའི་བདུད་རྩིའི་འོད་ཅེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་ལོ་པདྨ་རྒྱས་གང་བ། །རང་གི་གནས་ནི་ཉིད་དུ་འཁྱིལ། །སངས་རྒྱས་ཀུན་གྱི་གསང་བ་སྟེ། །འགྲོ་བ་ཀུན་ལ་རང་བཞིན གནས།།ཡང་དག་པ་དེ་རབ་ཏུ་བཤད། །ཡང་དག་པ་ཡང་རྣམ་པ་བཞི། །དེ་ནི་ལུས་ལ་རབ་ཏུ་གནས། །འདི་ལྟར་ཤེས་པའི་ལུས་ཉིད་ནི། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །ལྟེ་བ་གསང་བའི་དྲུག་ཅུ་བཞིའོ།། སྤྲུལ་པའི་ཡིག་འབྲུ་དཀར་པོ་བཀོད། །ཱ་ལི་ཀཱ་ལི་གཡས་དང་གཡོན། །ཡེ་ཤེས་ བཞི་ཡི་ཡི་གེ་ཨོཾ།།དབུས་ཀྱི་རི་བོང་འཛིན་པར་རོ། །སྤྲུལ་པའི་དཀྱིལ་འཁོར་ཞེས་སུ་བཤད། །སེམས་ཀྱི་གནས་སུ་སྐུ་སོགས་བརྒྱད། །ཁ་དོག་དཀར་པོ་ཡི་གེ་དགུ་། ཧཱུཾ་པྲཱུཾ་ཏྲཱཾ་ཧྲིཾ་ཁཾ་ཡིག་རྣམས། །དབུས་ནས་བྱང་དུ་རིམ་བཞིན་དགོད། །མཚམས་སུ་ལཾ་ལ་སོགས་པ་བཞི། །མཚན་མ་མེད་པའི་ སྐུ་ཞེས་བཤད།།ལོངས་སྤྱོད་རྫོགས་པའི་སྐུ་བཅུ་དྲུག་།མགྲིན་པའི་གནས་སུ་ཡང་དག་སྐྱེས། །དེ་ཡི་རི་བོང་འཛིན་པར་ཨོཾ། །ཡ་ཝ་ར་ལ་ཡི་གེ་རྣམས། །ཤར་ནས་བྱང་དུ་རིམ་བཞིན་ནོ། །རྟོགས་ཡུལ་བཅུ་རླུང་གཉིས་ཀྱི་གནས། །འབྱུང་བཞིའི་རྟགས་ནི་འཛིན་པར་བཤད། །ས་བོན་ཟླ་བ་ རྒྱས་འདྲ་བ།།བདེ་བ་ཆེན་པོའི་གནས་སུ་འཁྱིལ། །སུམ་ཅུ་རྩ་གཉིས་རང་བཞིན་གནས། །དེ་ཡི་གནས་ན་ཨཱ་ལི་གཉིས། །གཡས་དང་གཡོན་གཉིས་མགོ་དང་མཇུག་།གཅིག་ཏུ་ཕྲད་པས་བརྒྱན་པ་ཡིན། །དེ་དབུས་ཧཾ་ལས་སྲ་མ་ན། །ལོངས་སྤྱོད་མཁྱེན་ལ་བདེ་ཆེན་ཐུར། །ཐབས་ དང་ཤེས་རབ་ཚུལ་དུ་གནས།།ཆོས་དང་སྤྲུལ་པའང་དེ་བཞིན་ནོ། །ཀུན་གྱི་དབུས་ནས་རི་བོང་འཛིན། །འཁོར་ལོ་ཡི་གེ་ཁ་དོག་དཀར། །ཡཾ་ལས་འབྱུང་བ་རླུང་དཀྱིལ་འཁོར། །ཧ་གཉིས་གནས་སུ་བསམ་པར་བྱ། །དེ་སྟེང་རཾ་བྱུང་གྲུ་གསུམ་མེ། །རང་གི་གནས་སུ་བསམ་པར་བྱ། །དེ་ ལྟར་རང་བཞིན་ཀུན་ཤེས་ནས།།ཡེ་ཤེས་ཆེན་པོའི་བྱིན་རླབས་ལས། །རླུང་གིས་མེ་བུས་བཅུ་དྲུག་འབར། །དེ་ཉིད་ཡེ་ཤེས་མེ་ཞེས་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཀུན་གྱི་ལུས་བསྲེགས་མགོ་ གཅིག་བསམས།།ལོངས་སྤྱོད་གསུམ་སྐར་འབྱུང་བཞིའོ།

我來為您翻譯這段藏文: 梵文題目:Mahāsukha Amṛta Prabhā Nāma 藏文題目:བདེ་བ་ཆེན་པོའི་བདུད་རྩིའི་འོད་ཅེས་བྱ་བ 漢譯:大樂甘露光明 頂禮吉祥喜金剛! 輪與蓮花圓滿盈, 自性安住本然處, 諸佛一切秘密藏, 本然安住眾生中。 今當詳說真實義, 真實復有四種相, 彼等安住身體中, 如是了知此身體, 即名大樂之身相。 臍輪秘密六十四, 化現白色種子字, 阿里嘎里左右置, 四智慧之字母嗡, 安置中央月輪中。 此名化現壇城相。 心間安住身等八, 白色九字相莊嚴, 吽 普隆 當 舍 康等, 自中至北次第置, 隅處朗等四字母, 此名無相之身相。 圓滿報身十六尊, 喉間安住真實生, 其中月輪置字嗡, 雅哇囉拉諸字母, 東至北方次第置。 覺境十風二處所, 四大標誌皆具足。 種子月輪圓滿相, 安住大樂之處所。 三十二脈本然住, 其處二阿里安住, 左右二邊首尾處, 相會交融作莊嚴。 中央吽字生薩瑪那, 受用智慧大樂降, 方便智慧之形式, 法身化身亦復然。 一切中央月輪中, 輪與字母皆白色。 揚字生起風輪相, 二哈處所當觀想。 其上朗字三角火, 于自處所當觀想。 如是了知諸自性, 大智慧之加持力, 風吹火燃十六焰, 此即智慧火光明。 臍輪拙火燃起時, 焚燒如來五部尊, 復焚眼等諸尊已, 焚盡一切成一首。 受用三星四大種。

།བསྲེགས་ནས་གཡས་འབྱུང་སངས་རྒྱས་དང་། །སེམས་ཅན་ཀུན་བསྲེགས་དབུ་མ་གཡོན། །ཐིམ་སྟེ་བདེ་ཆེན་གཡོན་ནས་བསྐོར། །བསྲེགས་ནས་རྣ་བ་གཡས་སུ་འདུ། །མཁའ་འགྲོ་མ་ཀུན་བསྲེགས་གཅིག་བྱེད། ། ཨ་བ་དྷཱུ་ཏཱིའི་གནས་ནས་བྱུང་། །སངས་རྒྱས་སེམས་ཅན་གཉིས་མེད་བསྲེགས། །སྟེང་གི་ཞབས་སུ་སྲ་མ་ན། །བདེ་བ་ཆེན་པོའི་ལུས་ཀྱང་སྐྱེས། །ཧཾ་དཀར་ལས་བྱུང་སེར་པོ་དཀར། །ལུས་སྐྱེས་མི་ལ་ཡེ་ཤེས་བསྐྱེད། །དེ་རུ་མ་ནུས་ཆུ་ཡི་རྩ། །གཡོན་གྱི་རྩ་ནས་སྤྲུལ་པ་རུ། །དེར་ནི་ཡང དག་རབ་ཏུ་གཟུང་།།དེ་རུ་མི་གནས་སམ་པོ་ཀ་།རྩ་བའི་རྡོ་རྗེ་ལམ་ནས་འགྲོ། །སམ་པོ་ཀ་ནས་ཆོས་སྐུའོ། །ལུས་རྣམས་ཡང་དག་སྐྱེ་བར་འགྱུར། །སྐྱེས་ནས་བསྐལ་པའི་བར་དུ་གནས། །ཆོས་ཀྱི་གནས་སུ་མ་སྐྱེས་ན། །ནིར་མ་ཀ་ཡི་གནས་སུ་བསམ། །ཡང་དང་ཡང་དུ་འདི་བཞིན་བྱ། ། རྣམ་རྟོག་མེད་པའི་རྣལ་འབྱོར་སྐྱེ། །ཡར་གྱིས་བསྲེགས་ཤིང་མར་གྱིས་གསོ། །རྣལ་འབྱོར་མིག་གི་འོད་ཟེར་གྱིས། །རྟག་ཏུ་འདི་ལ་བལྟ་བར་བྱ། །ནམ་ཞིག་འདི་ལ་བརྟེན་གྱུར་ན། །མཚན་མ་ལྔ་འམ་ཡང་ན་གཡོ། །འབར་ཞིང་གཡོན་ཡིག་གོ་བཅད། །བཅད་པས་བཞི པོ་ཡང་ཡང་ཞུ།།རྩ་བའི་རྡོ་རྗེ་ལམ་ནས་ནི། །ཏིལ་གྱི་འབྲུ་བཞིན་རྒྱས་པར་འབྱུང་། །རྣལ་འབྱོར་མཐར་ཕྱིན་འབྲས་བུ་སྟེ། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །གཞན་གྱི་དོན་སོགས་ཡོན་ཏན་རྣམས། །འབད་པ་མེད་པར་ལྷུན་གྱིས་གྲུབ། །བླ་ན་མེད་པའི་དགོངས་རྒྱུད་འདི། །དཔལ་གྱི་ཞབས་ཀྱིས་ བདག་ལ་བསྟན།།རྐྱེན་དང་རྣལ་འབྱོར་གཉིས་སུ་འགྱུར། །བདེ་བ་ཆེན་པོ་ཞེས་སུ་བསྟན། །སྦྱོར་བའི་རྒྱུད་ནི་ཐམས་ཅད་ལས། །རྒྱལ་བ་རྣམས་ཀྱིས་སྦས་བ་བཤད། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །སྣོད་ལྡན་བདག་ཉིད་ཆེན་པོས་གཟུང་། །ལུས་སེམས་བདེ་བར་སྤྱད་ནས་ནི། ། ཉིང་མཚམས་སྦྱོར་བ་བསྟེན་པར་བྱ། །བདག་གིས་བརྩམས་ཀྱི་བདུད་རྩི་འོད། །འདི་ལྟར་ཁམས་གསུམ་ཀུན་ཀྱང་དེ། །ཤིང་དང་འདྲ་བར་མཚུངས་པའོ། །ཡང་དག་བདེ་བས་འཚོ་བར་ཤོག་།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཡེ་ཤེས་རིན་པོ་ཆེའི་ཞལ་སྔ་ནས་མཛད་པ་རྫོགས ་སོ།

我來為您翻譯這段藏文: 焚燒后從右生諸佛, 焚盡眾生入中脈, 融入大樂左旋轉, 焚後集聚右耳中, 空行母眾焚為一。 從阿瓦杜帝處生, 焚盡佛與眾生二, 上方足處薩瑪那, 大樂之身亦生起。 白吽所生黃白色, 身生人中生智慧。 若於彼處不能修, 則從左脈化現中, 于彼善持真實義。 若彼不住三婆迦, 從根本金剛道行, 三婆迦中法身生, 諸身真實得生起, 生已住于劫末際。 若於法處未生起, 當觀尼瑪嘎處所, 如是反覆當修習, 無分別瑜伽生起。 上焚下養相續修, 瑜伽行者光明眼, 應當恒常觀照此。 若時依止此法修, 五相或動相出現, 燃燒左字斷相續, 斷已四者再融化。 從根本金剛道中, 如芝麻籽漸增長。 瑜伽究竟之果位, 即名大樂之身相。 利他功德諸善法, 無勤任運得成就。 此無上密意傳承, 吉祥足尊示於我。 緣起瑜伽成二分, 開示即名為大樂。 一切瑜伽續部中, 諸佛宣說此秘密。 極其清凈善安住, 具器大士當受持。 身心安樂修習已, 當依結生相應法。 我所著述甘露光, 如是三界一切法, 猶如樹木皆等同。 愿以真實樂養育。 瑜伽自在大尊者吉祥智慧寶所造圓滿。