d2194斷除明咒與鎮壓之儀軌
D2194
@##། །སྔགས་ཀྱི་རྒྱལ་པོ་འདི་ཅུང་ཟད་བཟླས་པས་སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །ཐམས་ཅད་སྲུང་པར་བྱེད་དོ། །གནོད་པའི་ལོག་འདྲེན་ཐམས་ཅད་མེད་པར་བྱེད་དོ། །ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བ་ལིཾ་ཨི་དཾ་གྲྀཧྞ་གྲྀཧྞ། །ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོཿརཀྟ་པི་པ་ཏོ། ས་མ་ཡེ་སྭཱ་ཧཱ། དེ་བསྙེན་པ་བྱེད་པའི་དུས་སུ་རྒྱུན་དུ་གཏོར་མ་གཏོང་བའི་སྔགས་སོ། །དེ་ནས་དྲག་པོའི་ལས་བྱ་བར་འདོད་པས། དང་པོར་དཀྱིལ་འཁོར་ཇི་ཙམ་དྲན་པ་ཅིག་བྱ། རྡོ་རྗེ་རྒྱ་གྲམ་བྲི། ར་ཀུན་ནག་པོར་བྱ། རེ་ཁཱ་ཚིལ་དང་ཐལ་ཆེན་བསྲེས་པས་བྲི། དེའི་དབུས་སུ་ཨེ་གྲུ་གསུམ ཟབས་སུ་མཛུབ་གང་བ་ཅིག་བྲུས་ལ།ནང་རོ་བསྲེགས་པའི་ཐལ་བས་བྱུག་།གྲུ་གསུམ་དེའི་ཕྱི་རོལ་དམར་པོར་བྱ། དེ་ནི་དཀྱིལ་འཁོར་བྱ་བའི་ཐབས་སོ། །དེ་ནས་ལིངྒ་བཅའ་བའི་ཐབས་ན། སྤྲ་ཚིལ་ལས་ལིངྒ་སོར་བཞི་པ་བྱས་ལ་དེའི་སྙིང་གར་ཤོག་བུ་ལ་དམར་ཆེན་གྱིས་རྡོ་རྗེ་རྒྱ་ གྲམ་བྲིས་ལ།བསྒྲུབ་བྱ་རང་གི་རྟེན་དང་བྲལ་བར་བསམ། གྲུ་གསུམ་དེའི་དབུས་སུ་མིང་བྲིས་ལ་གཞུག་།དེ་ནས་གྲུ་གསུམ་ནང་དུ་བཅུག་ལ། སྐེ་ནས་སྐུད་པ་སྔོན་དམར་གྱིས་བཏགས་ལ། དེའི་སྣ་ལ་མིའི་རྗེ་ངར་གྱི་ཕུར་པ་སོར་བཞི་པ་ཅིག་བཏགས་ལ། འཇིགས་བྱེད་ ཆེན་པོར་མངའ་གསོལ་ཏེ།སྔགས་ནམ་ཕྱེད་དམ་ཉི་མ་ཕྱེད་ན་བརྡེག་གོ། །ཕྱི་རོལ་དུ་འགྲོ་བ་ལ་སོགས་པ་བྱེད་ན་ལིངྒ་ལས་ཕུར་བ་མི་དབྱུང་བར་བཏབ་ལ་གཞག་གོ། །མཎྜལ་དབུས་སུ་ལྷའི་གདན་དུ་བྱས་ལ། སུམ་འབུམ་དུ་བཟླས་ལ་གདབ། དེའི་དུས་སུ་གཏོར་མ་དང་ མཆོད་པ་དུས་དྲུག་ཏུ་དབུལ་ལོ།།དེ་འདེབས་ཙ་ན་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོ་ནག་།ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། བསྒྲུབ་བྱའི་སྟེང་ན་འདུག་པ། ཕྱག་ན་ཕུར་བུ་དང་སྡིགས་མཛུབ་མཛད་པ་ཅིག་ཏུ་ བསྒོམ་ཞིང་སྔགས་བཟླས་ལ་བརྡེག་གོ།།ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཆེ་གེ་མོ་ཤི་རི་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། ཨ་མུ་ཀ་སྟཾ་བྷ་ཡ། ཧྲི་སྟཾ་བྷ་ཡ་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ་ཅེས་བཟླས་ལ་བརྡེག་གོ། །དེ་ལྟར་དྲག་པོའི་ལས་བྱེད་པའི་དུས་སུ་གཏོར་མ་གཏོང་བའི་སྔགས་སོ། །ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ ཕཊ།མ་མ་སརྦ་ཤ་ཏྲཱུཾ། ཨ་མུ་ཀ་མ་ཙ་ཡེ་ཏ་པྲ་ཡ་མཱཾ་ས་ཛི་བོ། བུ་ག་རུ་དྷི་ར་པྲི་ཡཾ་བྷཀྵེ་ན་བ་ལིཾ་ཡི་དཾ་གྲྀཧྞ་གྲྀཧྞ། ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོཿ། རཀྟ་པི་པ་ཏོ།
這是該藏文的中文翻譯: 這個咒語之王只要稍加持誦,就能焚燒一切罪業。能保護一切。能消除一切有害的邪魔。 [咒語部分:] ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། (藏文) ॐ वज्र चण्ड महारोषण हूं फट् (梵文天城體) oṃ vajra caṇḍa mahā roṣaṇa hūṃ phaṭ (梵文羅馬拼音) “嗡金剛忿怒大威猛吽啪特”(漢譯) བ་ལིཾ་ཨི་དཾ་གྲྀཧྞ་གྲྀཧྞ། ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོཿརཀྟ་པི་པ་ཏོ། ས་མ་ཡེ་སྭཱ་ཧཱ། (藏文) बलिं इदं गृह्ण गृह्ण खाहि खाहि भुञ्ज होः रक्त पिपतो समये स्वाहा (梵文天城體) baliṃ idaṃ gṛhṇa gṛhṇa khāhi khāhi bhuñja hoḥ rakta pipato samaye svāhā (梵文羅馬拼音) “此食子請接受接受 食啖食啖 享用吧 飲血者 三昧耶 娑婆訶”(漢譯) 這是修持時常用的食子咒。然後,若想行持忿怒事業,首先應隨念畫多大的壇城,畫金剛十字。所有線條都用黑色。用油脂和尸灰混合物畫線。在其中央挖一個深一指寬的三角形坑,內部塗抹火化屍體的骨灰。三角形外部塗成紅色。這是製作壇城的方法。 接著是製作替身像的方法:用羊脂製作四指高的替身像,在其心間用硃砂畫金剛十字的圖形在紙上。觀想所修對像脫離依處。在三角形中央寫上名字後放入。然後放入三角形內,用青紅線繫在頸部,在其端繫上四指長的人脛骨釘。觀想為大威德金剛,在午夜或正午時釘入。 如果要外出等,則不要拔出替身像上的釘子就放置。在壇城中央作為本尊座位,持誦三十萬遍后釘入。其間應在六時供養食子和供品。 釘入時,觀想自身為金剛手,身色藍黑,一面二臂三眼,以蛇為裝飾,虎皮裙,坐于所修對像之上,手持釘和作威嚇印,如是觀想並持誦咒語后釘入。 [咒語:] ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཆེ་གེ་མོ་ཤི་རི་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། ཨ་མུ་ཀ་སྟཾ་བྷ་ཡ། ཧྲི་སྟཾ་བྷ་ཡ་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། 如是持誦后釘入。這是行持忿怒事業時獻食子的咒語: [最後咒語:] ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ།མ་མ་སརྦ་ཤ་ཏྲཱུཾ། ཨ་མུ་ཀ་མ་ཙ་ཡེ་ཏ་པྲ་ཡ་མཱཾ་ས་ཛི་བོ། བུ་ག་རུ་དྷི་ར་པྲི་ཡཾ་བྷཀྵེ་ན་བ་ལིཾ་ཡི་དཾ་གྲྀཧྞ་གྲྀཧྞ། ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོཿ། རཀྟ་པི་པ་ཏོ།
ཨཱརྱ་པྲ་ཙ་གྲྀཧྞ། ཁཱ་ཧི་ཁཱ་ཧི། རཀྟ་པི་པ་ཏོ། ཨ་ཏི་ཀྲ་མཱ་ཏི་ས་མ་ཡེ་སྭཱ་ཧཱ། ཕུར་བུའི་ལས་རྫོགས་ནས་མཚོན་རྣོན་པོས་ ལིངྒ་སྟོད་སྨད་དུ་གཏུབས་ལ།སྨད་ལྷའི་ཞལ་དུ་སྦྱིན་སྲེག་བྱ། སྟོད་མིང་བྱང་དང་བཅས་པར་མནན་པ་བྱ། ལས་ཀྱི་དུས་སུ་རྡོ་རྗེ་རྒྱ་གྲམ་གཉིས་ཀྱི་བར་དུ་གཟུགས་བརྙན་དེ་བཅུག་ལ་ཐོད་པའི་ནང་དུ་སྐུད་པ་སྔོན་དམར་གྱིས་དཀྲིའོ། །སྐུད་པ་ལག་པ་གཡོན་པས་བཟུང་ལ། ལས་ཀྱི་དུས་སུ་གཟུགས་བརྙན་ལ་གནས་ལྔར་ཕུར་པས་གདབ། དེ་ནས་སླར་བཅུག་ལ་སྔོན་དམར་གྱིས་དཀྲིས་ལ་ལམ་རྒྱ་གྲམ་དུ་སྦའོ། །དེའི་སྟེང་དུ་ཕྱེ་དང་སྲེ་མོག་གིས་རྒྱ་གྲམ་བྲིས་ལ་གཞག་གོ། །ལས་འགོར་ན་བསྐྱར་ལ་བྱའོ། །སྤྲ་ཚིལ་ལས་ལིངྒ་སོར་བཞི་པ་བྱས་ལ། བསྒྲུབ་བྱའི་མིང་དང་བཅས་པར་བཅུག་ལ་ཚེར་མས་དེའི་ཁ་ལ་བཙུགས་ན། ཕྱིར་རྒོལ་བའི་ཁ་ཚུམས་པར་འགྱུར་རོ། །ལྕགས་ཀྱི་ཕུར་བུ་དང་མིའི་རྗེ་ངར་ལ་མིང་ནས་སྨོས་ཏེ། ཡན་ལག་གང་དང་གང་ལ་བཏབ་པ་དེ་རེངས་པར་འགྱུར་རོ། །མཚོ་ལྐུགས་པར་སྦས་ན་ངག་རེངས པར་འགྱུར་རོ།།སྒོ་རྩར་སྦས་ན་འབྱེར་བར་འགྱུར་རོ། །རལ་གྲི་ལ་བསྔགས་ནས་གཡུལ་དུ་ཞུགས་ན་རྒྱལ་བར་བྱེད་དོ། །ཁྲོས་བས་སྙིང་གར་བསྣུན་ན་འཆི་བར་འགྱུར་རོ། །མེའི་དུར་དུ་སྦས་ན་རིམས་ཀྱིས་འཆི་བར་འགྱུར་རོ། །རབས་ཆད་ཀྱི་ཐོད་པ་ལ་མིང་དང་སྔགས་བྲིས་ ནས་རབས་ཆད་ཀྱི་དུར་དུ་སྦས་ན་རབས་ཆད་པར་འགྱུར་རོ།།མངོན་པར་བསྔགས་ལ་དུར་ཁྲོད་ཀྱི་ཐལ་བའི་སྟེང་དུ་བཞག་ན་འབྱེར་བར་བྱེད་དོ། །ཁྱི་ནག་པོའི་ཐོད་པ་ལ་སྔགས་དང་མིང་བཅས་པ་བྲིས་ནས་ཀླུའི་གནས་སུ་སྦས་ན་མཛེས་ཟིན་པར་འགྱུར་རོ། །དབང་མ་ཐོབ་ཅིང་ མན་ངག་མེད།།ཚད་དང་མི་ལྡན་འདི་མི་བྱ། །འདི་ལ་ཉེས་པ་ཡོད་པས་ན། །ཤིན་ཏུ་གསང་ཞིང་སྤེལ་མི་བྱ། །སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པའི་གསང་བ་ཐུགས་ཀྱི་ཕུར་གཅིག་མའོ།། །། །ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་གྷོ་མི་ཤ་ཧཱུཾ། ཆེ་གེ་མོ་ཤི་རཾ་ཀཱི་ལ་ཡེ་ ཏ་ཧཱུཾ་ཕཊ།ཤི་རཾ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། ཀ་ཏི་མུ་ལ་ཡེ་ཏ་ཧཱུཾ་ཕཊ། ཀ་ཏི་མུ་ཁ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། ཧྲཱི་ཏ་སྟཾ་བྷ་ཡ་ཧཱུཾ་ཕཊ། པ་ཏ་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། མཆོག་ཕུར་གྱིས་གནས་ལྔར་གདབ་བོ།
以下是完整的中文翻譯: [咒語部分:] ཨཱརྱ་པྲ་ཙ་གྲྀཧྞ། ཁཱ་ཧི་ཁཱ་ཧི། རཀྟ་པི་པ་ཏོ། ཨ་ཏི་ཀྲ་མཱ་ཏི་ས་མ་ཡེ་སྭཱ་ཧཱ། (藏文) आर्य प्रच गृह्ण खाहि खाहि रक्त पिपतो अतिक्रमाति समये स्वाहा (梵文天城體) ārya praca gṛhṇa khāhi khāhi rakta pipato atikramāti samaye svāhā (梵文羅馬拼音) “聖者接受 食啖食啖 飲血者 超越三昧耶 娑婆訶”(漢譯) 完成釘橛法后,用鋒利的刀具將替身像切成上下兩段,下段作為火供獻于本尊口中,上段連同寫有名字的紙一起鎮壓。在修法時,將形像放在兩個金剛十字之間,在顱器中用青紅線纏繞。用左手持線,修法時用釘在形像的五處釘入。然後重新放入並用青紅線纏繞,藏於十字路口。在其上用麵粉和芝麻畫十字形後放置。若法事延遲則重複進行。 用羊脂製作四指高的替身像,放入被修者的名字,用荊棘刺其口部,則能使敵人閉口。用鐵釘或人脛骨,誦其名字后釘入任何肢體,則該處會癱瘓。藏於啞巴池中則會使言語癱瘓。藏於門邊則會使其逃離。加持寶劍后入陣則會獲勝。憤怒地刺入心臟則會致死。藏於火葬場則會因病致死。在絕後者的頭骨上寫下名字和咒語後藏于絕後者的墳墓中則會使其絕後。加持後放在火葬場灰上則會使其逃離。在黑狗頭骨上寫下咒語和名字後藏于龍居處則會使其染上麻風病。 未得灌頂且無口訣, 不具資格勿修持, 此法具有過患故, 應當嚴密勿傳播。 這是阿阇黎業金剛所造的秘密心一橛法。 [最後咒語:] ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་གྷོ་མི་ཤ་ཧཱུཾ། ཆེ་གེ་མོ་ཤི་རཾ་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ།ཤི་རཾ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། ཀ་ཏི་མུ་ལ་ཡེ་ཏ་ཧཱུཾ་ཕཊ། ཀ་ཏི་མུ་ཁ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། ཧྲཱི་ཏ་སྟཾ་བྷ་ཡ་ཧཱུཾ་ཕཊ། པ་ཏ་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། 用殊勝橛在五處釘入。
།སྟོང་གསུམ་སྣོད་ཀྱི་སེམས་ཅན་རྣམས། །ཁྲོ་བོ་གཏུམ་པའི་སྐུ་རུ་བསྒོམ། །འགྲོ་དྲུག་བཅུད་ ཀྱི་འཇིག་རྟེན་དག་།བཅོམ་ལྡན་གཏུམ་པོར་བསམ་པར་བྱ། །དེ་ལ་བསམ་རྒྱུད་ནི། རླུང་རྡོ་རྗེ་རྒྱ་གྲམ་ནས་སྲིད་པའི་རྩེ་མོའི་བར་དུ་སྟོང་གི་ཕྱི་མཐའ་དག་རྡོ་རྗེ་གཏུམ་པོ་རྡུལ་སྙེད་ཀྱི་སྐུའི་རང་བཞིན་དུ་བསམས་ཏེ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཞབས་གཡོ་ཞིང་བརྡབས པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཚད་ཙམ་ཟླ་བའི་དཀྱིལ་འཁོར་འདར་བ་དང་།སྐུའི་བ་སྤུའི་བུ་ག་ནས་ཉི་མ་སྟོང་གི་འོད་གཟི་བརྗིད་ཅན་གྱི་མེའི་འོད་ཟེར་འཕྲོ་བ་དང་། ལྗགས་ཀྱི་རྡོ་རྗེ་ལས་བཟླས་པའི་སྔགས་ཀྱི་འོད་ཟེར་རིམ་པ་གསུམ་འཕྲོས་སྟོང་གསུམ་གྱི་ སྟོང་རྡོ་རྗེ་ཕྲ་མོའི་འོད་ཟེར་གྱིས་འགེངས་པ་དང་།ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པས་གདུག་པ་དུ་བའི་འོད་ཀྱིས་ཀླུ་ཕྲ་མོ་དང་ས་བདག་རྣམས་བསྲེགས་པ་དང་། ཐུགས་ཀྱི་རྡོ་རྗེ་ལས་ཁྲོ་བོ་དུ་མ་འཕྲོས་པས། བསྐལ་པ་ཆེན་པོའི་རླུང་བཞིན་དུ་བགེགས་ཀུན་དུ་འཐོར་བ་དང་། ཕྱག་གིས་རྡོ་རྗེ་གསོར་བས་གོང་དུ་གནོད་པར་སེམས་པ་དེའི་ས་ཕྱོགས་སུ། རྡོ་རྗེ་ཆེན་པོ་འོད་ཟེར་སྒྱོགས་འཕེན་པ་བཞིན་དུ་ཡང་དང་ཡང་བསྣུན་པར་བསམ། དེ་ནས་བཟླས་པ་མ་ཟིན་པར་དུ་ཧཱུཾ་འབྲུག་གི་སྒྲ་ལྟ་བུ་རྒྱུན་དུ་གདོན། བསྣུན་པའི་འཁོར་ལོ་ཟངས་ལྕགས་ཀྱི་ཕྱེ་མ་དང་། ཡུངས་ཀར་སྐེ་ཚེ་དུག་ཆུས་བྲབ་བོ། །ཡང་རྣམ་པ་གཅིག་ལ། སྙིང་གའི་ཧཱུཾ་ལས་འཕྲོས་པས་སངས་རྒྱས་ཐམས་ཅད་ཕྱག་ན་རྡོ་རྗེར་གྱུར་ཏེ། འཇིམ་པ་མི་དམིགས་པ་ལས་ཕྱག་ན་རྡོ་རྗེར་གྱུར། སྔགས་བརྒྱ་རྩ་བརྒྱད་བཟླས་ནས། ཤོག་བུ་ལ་གནོད་པའི་གདོན་ལཾ་སྟྭཾ་བྷ་ནན ཤཱནྟིཾ་སྟཾ་བྷ་ནཾ་ཀུ་རུ་ནཾ་ཧཱུཾ་ཕཊ་སཱཙྪ་དེ་མཆོད་རྟེན་ནག་པོ་འོད་འབར་བ་མཐོང་བ་ཙམ་གྱིས་སྐྲག་པར་བྱེད་པ།བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ཐམས་ཅད་མཚོན་ཆ་ཐོགས་པ་བཞུགས་པར་བསམ་མོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་གཞན་གྱི་སྲུང་མའི་རིགས་ རྣམས་བཀུག་ནས་མཐུ་མེད་པར་བསམ་ཞིང་།གཏུམ་པོའི་ཞབས་འོག་ནས་མི་འཆོར་བར་བསམ། དེ་ནས་མཆོད་པ་དང་བདེན་པའི་བྱིན་རླབས་བརྗོད་པ་ལ་སོགས་པ་བྱའོ། །དེ་ལྟ་བུ་འབུམ་བཏབ་ན། དྲང་སྲོང་དམོད་པ་ཡང་བཟློག་པར་འགྱུར་རོ། །རིག་སྔགས་བཅད་ ་པ་དང་མནན་པའི་ཆོ་གའོ།
以下是完整的中文翻譯: 三千器世界眾生, 觀想為忿怒猛尊身, 六道有情世界眾, 當觀為勝者忿怒尊。 其觀想次第為:從風輪金剛十字至有頂之間,三千大千世界的邊際皆觀想為如微塵數量的金剛忿怒尊身之自性。于其中央月輪上,雙足震動踏踩時,三千大千世界量等的月輪震顫;從身毛孔中放射如千日般威光熾盛的火光;從舌金剛所誦咒語放射三重光芒,遍滿三千界的微細金剛光芒;以八龍王為莊嚴,其毒煙光焰焚燒微細龍眾與地神;從心金剛放射諸多忿怒尊,如大劫風般驅散一切魔障;手持金剛揮舞時,于上方欲作損害者所在方向,如發射大金剛光箭般反覆擊打。 此後未完咒語前,應持續發出如雷般的吽聲。擊打之輪以銅鐵粉末、芥子、芝麻和毒水灑之。 又一種方法:從心間吽字放光,一切佛陀化現為金剛手,從無所緣泥土中化現為金剛手。誦咒一百零八遍后,在紙上寫下損害鬼神的咒語: ལཾ་སྟྭཾ་བྷ་ནན་ཤཱནྟིཾ་སྟཾ་བྷ་ནཾ་ཀུ་རུ་ནཾ་ཧཱུཾ་ཕཊ་སཱཙྪ (藏文) लं स्त्वं भ नन शान्तिं स्तं भ नं कुरु नं हूं फट् साच्छ (梵文天城體) laṃ stvaṃ bha nana śāntiṃ staṃ bha naṃ kuru naṃ hūṃ phaṭ sāccha (梵文羅馬拼音) “鎮定寂靜 作鎮伏 吽啪薩查”(漢譯) 觀想見到放光黑色佛塔即生恐懼,觀想瓶中安住持金剛及眷屬皆持兵器。然後以心間光芒召請他人護法眾,觀想其失去力量,並觀想其被困於忿怒尊足下不得脫離。之後應作供養、誦說真實加持等。 如是修持十萬遍,則能遣除仙人咒詛。此為斷除明咒與鎮壓之儀軌。
同部經論
與本文同名或相近的其他版本、科判、譯文與註疏。