菩薩藏佛教學會
20
背景
翻譯
下載 ▾

d1767吉祥女神戰金剛橛口訣紅色上師 智慧上師

D1767

ལྷ་མོ་མུ་སྟེགས་ཀྱི་སྒྲུབ་ལུགས། སློབ་དཔོན་ལོ་ཀ་ཤྲཱི་ཡིས་བསྒྱུར་བ་རྫོགས་སོ།། @##། །ོཾ་སྭསྟི། རེ་མ་ཏིའི་དམག་ཟོར་གྱི་མན་ངག་འདི་ལ། མན་ངག་གཅིག་ལ་ཁུངས་གཉིས་ཏེ། དང་པོ་ཨཱ་ཙརྱ་དམར་པོ་ལ་ལྕེ་འབྱུང་གནས་བཟང་པོས་གསེར་སྲང་ལྔ་ཕུལ་ ནས་ཞུས།དགེ་བཤེས་ལྕེ་ལ་ཞང་ཤེས་རབ་དང་། སྣུབས་རྒྱ་ལེ་གཉིས་ཀྱིས་སྟག་གཅིག་སྤྱི་མར་ཕུལ་ནས་ཞུས། སྣུབས་ལ་སྣུབས་ཀྱི་མ་མོ་ཁྲག་མིག་ཅེས་པར་གྲགས་སོ། །གཉིས་པ་ནི་ལོ་ཙཱ་བ་ཤེས་རབ་བླ་མས་གུ་རུ་ཨཱ་ཙརྱ་དམར་པོ་ཉིད་རྒྱ་གར་དུ་གཤེགས་པ་ལ་བལ་ པོ་ཚུན་ཆད་སྐྱེལ་ཐུང་མཛད་ནས་ཞུས་ནས་ཁྱད་བྱུང་སྟེ།ཞལ་གྱི་མན་ངག་མ་ལུས་པ་ཡིད་ཆེས་པར་གནང་སྟེ་ཁུངས་གཉིས་སོ། །དམག་ཟོར་ཞེས་པའི་དེས་ཚིག་གཏམ་དེར་རྩད་ཆོད་དོ། །གཞུང་ནི་སྡོམ་བརྒྱད་པོ་འདི་ཉིད་ཡིན་ཏེ་ཁུངས་མཐུན་ནོ། །མན་ངག་འདི་བྱ་ ཐབས་ལ།།མཆོད་པ་བཤམས་ཏེ་བཅའ་བ་དང་། །མ་མོ་བསྐྱེད་ཅིང་ཡེ་ཤེས་དགུག་།མཆོད་ཅིང་བཟླས་པ་བྱ་བ་དང་། །བསྟོད་ཅིང་ལས་སྦྱོར་བསྡུ་བའོ། །དེ་ལ་མཆོད་པ་བཤམ་པ་ནི། །དུར་ཁྲོད་ལ་སོགས་དབེན་པའི་སར། །མཎྜལ་ཁྲུ་གསུམ་ཆག་ཆག་བྱ། །མདུན་དུ་ གྲུ་གསུམ་མི་རིས་བཅས།།སླར་བརྟག་།མཎྜལ་སྟེང་དུ་སོགས་པའི་རྫས། །ཕུད་དང་གཏོར་མ་རཀྟ་བཤམས། །ཁྲམ་ཤིང་བྱང་དམར་ནད་རྐྱལ་དང་། །ཤོ་རྡེའུ་ཚོན་གྱི་དྲུ་བུ་སོགས། །ཤ་སྣ་རྙེད་ཚད་མི་དབང་ཤ་།བསུར་ཆེན་མ་མོ་མཉེས་པར་བྱ། །དེ་ནས་རྟེན་གྱི་བྱ་ཐབས་ནི། ། དཀྱིལ་འཁོར་དབང་ལྡན་མཚམས་སུ་ནི། །འབྲུ་ནག་འཇིམ་ནག་བསྲེས་པ་ལས། །དྲེའུ་རྟ་ལ་ཞོན་ནག་མོ་ནི། །མཐིང་ནག་རྒྱན་གྱིས་བརྒྱན་པ་མོ།

我來為您翻譯這段藏文: 這是女神外道的修法。由大師洛嘎西日(Loka Shri)翻譯完成。 嗡 吉祥!關於這個熱瑪提(Remati)的戰爭金剛橛的口訣,一個口訣有兩個來源: 第一,吉祥阿阇黎(紅阿阇黎)傳授給杰炯內桑布(舌源善),後者獻上五兩黃金求法。格西杰(舌)和章謝繞、努嘉勒二人獻上一隻虎的酥油求法。努巴傳承中稱為”努巴的血眼空行母”。 第二,譯師謝繞喇嘛護送古魯紅阿阇黎到印度,一直送到尼泊爾,並在此期間求得殊勝教法。上師完全相信他並授予所有口訣,這就是兩個來源。“戰爭金剛橛”這個詞的由來就此可考。教法即是這八種誓言,來源相符。 關於此口訣的修法: 陳設供品作準備, 生起空行召智慧, 供養持誦而修持, 讚頌事業作迴向。 其中陳設供品是: 在尸陀林等寂靜處, 畫三肘曼荼羅灑凈, 前方繪製三角人像。 再觀想曼荼羅上方諸物, 陳設初供、食子、血供。 準備檀木、北方紅布、病袋, 骰子及彩色線團等物。 各種肉類、人王肉, 大煙供以悅空行。 然後是本尊修法: 在曼荼羅西北方位, 以黑谷黑泥相混合, 塑造騎騾騎馬黑女像, 深藍身色以飾莊嚴。

།རྨ་བྱའི་གདུགས་ཀྱིས་ཕུབ་པ་སྟེ། །བདུད་ཕྲུག་མཚོན་ཐོགས་མང་པོས་བསྐོར། །འཇིགས་སུ་རུང་བས་བསྐོར་བར་བྱ། ། ད་ནི་མ་མོ་བསྐྱེད་པར་བྱ། །རང་གི་ཆོ་ག་རྫོགས་བྱས་ལ། །བྱང་ཤར་མུ་ལེ་དངོས་སུ་བསམ། །རླུང་ནག་འཚུབ་མའི་ནང་ཤེད་དུ། །ཀྵ་ཞེས་བརྗོད་པས་སྐད་ཅིག་གིས། །དམག་ཟོར་ནག་མོ་རེ་མ་ཏི། །དྲེའུ་རྟ་ལ་ཞོན་ཐོད་པ་ཅན། །ཕྱག་གཡས་བེ་ཅོན་འཛིན་པ་ལ། །ཕྱག་གཡོན ཐོད་པ་ཁྲག་བཀང་བསྣམས།།དམོད་མོའི་མཚོན་ཆ་ལྔ་དང་བཅས། །སྒ་ཡི་སྔ་ཤ་ནད་རྐྱལ་ལ། །སྒ་ཡི་ཕྱི་རུ་དྲུ་བུ་སྟེ། །ཁྲམ་ཤིང་རྐེད་ལ་གཟིར་བ་དང་། །བྱད་དམར་ཤོ་རྡེའུ་སྔ་ཤ་ལ། །དར་ནག་གོས་ཀྱིས་སྐུ་སྟོད་བརྒྱན། །བྱ་ཡི་གདུགས་འོག་ཆུད་པར་ བསམ།།བདུད་ཕྲུག་ཚོགས་ནི་དུས་མཉམ་དུ། །གཡོན་པ་ཐོད་ཁྲག་ཡུངས་ཀར་ཅན། །གཡས་པ་མཚོན་ཆ་སྣ་ཚོགས་ཅན། །དེ་ལྟར་དམ་ཚིག་བསྐྱེད་བྱས་ལ། །རང་བཞིན་གནས་ནས་གཞུག་པར་བྱ། །ཛཿཧཱུཾ་ཞེས་ནི་སྔགས་ལ་གདགས། །བྱང་ཤར་ནས་བྱོན་རང་རང་ཐིམ། །བཞུགས་ སུ་གསོལ་བའི་ཚིག་འདི་བརྗོད།།ཧཱུཾ་ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་དུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོ་གཙོ་མོ་དྲེའུ་རྟ་ཆིབས། །འདིར་སྤྱོན་དྲེའུ་རྟའི་གདན་ལ་བཞུགས། །རགྨོ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཞེས་བརྗོད་དོ། །དེ་ནས་དེ་ལ་མཆོད་པར་བྱ། །ཟ་བྱེད་ནག་མོ་ མཆེ་བ་ཅན།།དགོད་བྱེད་ཧ་ཧ་ནག་མོ་ཁྱོད། །གསོད་ལ་དགའ་བར་བྱེད་པ་མོ། །བདག་ནི་བརྡ་ཡི་ཕྱག་བྱེད་དོ། །རགྨོ་ཨ་ཏི་པཱུ་ཛ་ཧོ། ཕྲ་མོ་སྦོམ་པོ་ལས་བྱུང་བའི། །བདུད་རྩི་བྲན་པའི་ཛ་གད་འདི། །དམག་ཟོར་ནག་མོ་ལ་འབུལ་ལགས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། ། ཡི་གེ་སུམ་ཅུ་གཅིག་པ་ལ། །པཉྩ་ཨ་མྲྀ་ཏ་ཁཱ་ཧི་གདགས་སོ། །ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་སྦྱོར། །འབྲུ་སྣ་ལྔ་ལ་སྦྱར་བའི་གཏོར་མ་འདི། །དམག་ཟོར་ནག་མོ་ཁྱོད་ལ་དབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །སྔགས་ཀྱི་མཇུག་ལ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི་ཞེས གདགས་སོ།།ཆུ་དང་མ་འདྲེས་དངས་མའི་ཁྲག་།དངས་མ་ཡི་ནི་ཁྲག་ཆེན་པོ། །དམག་ཟོར་ནག་མོ་ལ་དབུལ་ལགས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །སྔགས་ཀྱི་མཇུག་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི་ཞེས་སོ། །ལྷ་མོའི་སྔོག་མི་ཡོང་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་ དཀར་དམར་ལྕེ་ལ་བཞག་ཅིང་མཆོད་དོ།།དེ་ནི་དམ་བསྲེས་སོ།

我來為您翻譯這段藏文: 孔雀傘蓋覆其上, 眾多魔子持兵器環繞, 以可怖形相圍繞。 現在開始生起空行母: 先完成自身修法儀軌, 于東北方觀想實相, 在黑風漩渦中心處, 誦”克夏”(ཀྵ,क्ष,kṣa,克夏)字剎那間, 現黑色戰金剛橛熱瑪提, 騎著騾馬戴著天靈蓋, 右手持著鐵鉤 左手持著盛血顱器, 具足五種詛咒武器, 鞍前掛著病袋, 鞍后繫著線團, 腰間緊繫檀香木, 前方放置紅巫器與骰子, 上身飾以黑綢衣, 觀想處於孔雀傘下。 魔子眾同時現起, 左持盛血芥子顱器, 右持各種武器。 如是生起誓言尊后, 從自性處迎請融入。 誦”匝吽”(ཛཿཧཱུཾ,जः हूं,jaḥ hūṃ,匝吽)咒安置。 從東北方降臨各自融入。 誦請安住偈: “吽!黑色兇惡傲慢者, 遍滿一切示現身, 黑色主尊騎騾馬, 請臨此騾馬座位。” 誦”熱

後半段重譯

我來為您翻譯這段護法儀軌文字:

漢譯

誦此祈請語:

吽!黑母兇猛具傲慢, 普遍顯現諸色相, 黑母主尊騎騾馬, 請臨此處騾馬座。

[咒語]
RAGMO JAḤ HŪṂ BAṂ HOḤ SAMAYA STVAṂ

次當供養:

食啖黑母具利牙, 大笑哈哈黑母尊, 喜好殺戮之女尊, 我今以手印頂禮。

[供養咒]
RAGMO ATI PŪJA HO

由細粗所生起, 此甘露灑凈食, 獻與黑軍刀母, 祈請受用護教。

[三十一字咒加]
PAÑCA AMṚTA KHĀHI

血肉等五甘露, 五穀所成此食, 獻與黑軍刀母, 祈請受用護教。

[咒語末加]
BALIṂTA KHARAṂ KHĀHI

清凈未混之血, 精華大血供養, 獻與黑軍刀母, 祈請受用護教。

[咒語末加]
MAHĀ RAKTA KHARAṂ KHĀHI

為免本尊厭倦,以菩提心白紅置舌上供養。此為誓言相融。

註解

這是一個特殊的護法儀軌,主要供養對象是黑軍刀母(དམག་ཟོར་ནག་མོ),包含:

  1. 請召儀式
  2. 供養次第
  3. 特殊供品
  4. 誓言融合

供品包括:

  • 五甘露
  • 五穀
  • 清凈血
  • 菩提心甘露

這種儀軌在藏傳佛教中屬於較為特殊的護法修持法。

།དེ་ནས་སྨོན་ལམ་གདབ་པ་ནི། །བདག་ཅག་དུས་འདིར་ཚེ་རིང་ཞིང་། །བུ་དང་ཚ་བོ་རྒྱས་པ་དང་། །ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། །ལོག་པར་ལྟ་བའི་དགྲ་དང་བགེགས། །ཐམས་ཅད་རྟག་ཏུ་རློག་པར་ བྱེད།།ད་ནི་བཟླས་པ་བརྩམ་པར་བྱ། །རྟེན་གྱི་ལྷ་མོའི་ཐུགས་ཀ་རུ། །རྒྱུས་པའི་སྲེད་བུ་དེ་ལ་གདགས། །རྣལ་འབྱོར་སྙིང་གའི་ས་བོན་ལས། །འོད་ཟེར་དཀར་པོ་འཕྲོས་པ་ཡིས། །ལྷ་མོའི་ཐུགས་ཀར་མ་ལ་ཐིམ། །འོད་ཟེར་སྔགས་ཀྱིས་མཆོད་པར་བསམ། །འོད་ཟེར་དཀར་པོ་ སྔགས་ཀྱི་གཟུགས།།བདག་ལ་སླར་ཐིམ་དངོས་གྲུབ་བྱིན། །དེ་ལྟར་ཡང་དང་ཡང་དུ་བསམ། །དེ་ཡི་ཐུན་སྨད་དག་ལ་ནི། །བདག་དང་མ་མོ་བདུད་ཕྲུག་བཅས། །ཐམས་ཅད་དུས་མཉམ་སྔགས་ཟློས་པའི། །འོད་ཟེར་དུག་མདའ་འདྲ་བ་ཡིས། །འབྲུབ་ཁུང་ཡུངས་ཐུན་ཁྲག་ཐུན་ བྱ།།གཟས་པའི་ལུས་ཀྱང་བརླག་པར་བསམ། །མགོན་པོ་དེ་ལ་གཟུངས་ཐག་གཏད། །བསྟོད་པ་ཅུང་ཟད་ཅུང་ཟད་བྱ། །རེ་མ་ཏི་ཡི་སྤྱི་དང་མཐུན། །དེ་ནས་ལས་ལ་བསྡུ་བ་ནི། །བདུད་ཕྲུག་ཚོགས་དང་ཁྲག་རྣམས་ནི། །སླེའུ་ཁུང་དུ་ཁྱེར་ནས་ནི། །བསྒྲུབ་བྱའི་ཕྱོགས་ སུ་ཁ་བལྟས་ལ།།སྐྲ་བཅིངས་འགྲམ་པ་སོལ་བས་བྱུག་།དཔུང་པ་གཡས་པ་ཕྱུང་ནས་སུ། །ཡུགས་སྐྲས་བྱས་པའི་འུར་རྡོའམ། །ཡང་ན་ལག་པ་རང་གིས་ཏེ། །ཟོར་ལམ་སྤྱི་དང་མཐུན་པར་དབྱེ། །དམག་གི་ཚོགས་ནི་མི་ཐུབ་སྦྱིན། །དུག་ལྔས་བཀང་བ་མང་པོ་དང་། །ཡུངས་ཐུན་ ཐོགས་པ་མང་པོ་དང་།།མཚོན་ཆ་ཐོགས་པ་མང་པོ་ཡིས། །དགྲ་ལུས་ཡུལ་འཁོར་བཅོམ་པ་དང་། །ཐམས་ཅད་གསོད་ཅིང་ཟ་བར་བསམ། །གཡང་གཞི་དྲག་ཏུ་བརྡབ་པར་བྱ། །ལོག་ལ་ལྷ་མོ་ལ་ཡང་མཆོད། །བདུད་ཕུང་མང་པོ་ཕངས་པའི་ཚེ། །བདུད་ཕྲུག་གཟུགས་ རྣམས་མི་སྣང་ན།།ལས་རྣམས་འགྲུབ་པར་གདོན་མི་ཟ། །བདུད་རྣམས་འདུག་ན་ཅུང་ཟད་དཀའ། །ཅུང་ཟད་བསྟོད་པ་བྱེད་པ་ནི། །ཧཱུཾ་བྷྱོ་དཔལ་གྱི་གཟུགས་ཅན་འདོད་ཁམས་གཙོ་མོ་ཁྱོད། །རྟ་མཆོག་ཞོན་ནས་དཔག་ཚད་ལྔ་བརྒྱར་རྒྱུག་།བེ་ཅོན་ཐོད་པ་དམ་པ་རང་རྟགས་འཛིན། ། རེ་ལྡེས་སྟོད་དཀྲིས་སྦྲུལ་གྱི་ཤམ་བུ་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ། །ཁྲག་ནད་བདག་མོ་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏི་ལ་བསྟོད་པ་འབུལ། །རགྨོ་བྷྱོཿ། །རགྨོ་བྷྱོཿབྷྱོཿ། །རགྨོ་ཐུན་བྷྱོཿ། །ཁ་ལ་རག་ཆེ་ན་མ། རགྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ། །རུ་ལུ་རུ་ལུ ཧཱུཾ་བྷྱོ་ཧཱུཾ།ཆེ་གེ་མོ་མཱ་ར་ཡ། འབོད་རྦད་བསད་གསུམ་དེ་ལ་ཚང་། །བཟླས་པ་ལ་ནི་བརྩོན་འགྲུས་བྱ། །

接下來是發願: 愿我等此時長壽且, 子孫繁衍興旺盛, 一切受用皆增長, 邪見敵眾及魔障, 恒常摧毀無餘盡。 現在開始持誦: 本尊空行母心間, 系以筋線為所依, 從瑜伽士心種子, 放射白色光明已, 融入空行母心間, 觀想光明供養咒。 白光成咒語之形, 回融於我賜悉地, 如是反覆觀想之。 在彼座末時分中, 我與空行魔子眾, 同時持誦咒語時, 放射如毒箭光芒, 穿透芥子血滴孔, 觀想摧毀所詛身。 護法系縛咒索已, 稍作讚頌祈請語, 與熱瑪提總法同。 然後攝集事業者: 魔子眾與血液等, 攜至窗孔之處已, 面向所修對境方, 束髮塗炭于兩頰, 露出右邊肩膀已, 以發繩制投石具, 或者以自手掌為, 依照金剛橛總法。 戰眾施予不能勝, 眾多五毒所充滿, 眾多持芥子丸者, 眾多持執武器者, 摧毀敵身與國土, 觀想殺害吞噬盡。 猛力擊打羊毛氈, 返回供養空行母。 當放眾多魔軍時, 若魔子形相不現, 事業必定得成就, 魔眾若在稍困難。 略作讚頌如是言: “吽布!具吉祥相欲界主尊汝, 騎勝馬奔馳五百由旬遠, 持鐵鉤顱器殊勝自標幟, 熱迭上衣蛇飾裙裾者, 臍現日昇頂現滿月尊, 血病主尊法界自在燃光者, 供奉讚頌空行熱瑪提。 熱莫布!熱莫布布!熱莫吞布! 卡拉熱切納瑪!熱莫阿匝達匝吞布! 如魯如魯吽布吽! 某某瑪熱雅!” 召、驅、殺三者具足。 應當精進作持誦。

།བཟླས་པ་ལ་ནི་བརྩོན་འགྲུས་བྱ། །མ་མོའི་བསྟོད་བསྐུལ་སྤྱི་དང་མཐུན། །གསེར་མཁར་ར་བ་དུས་བཞིའི་རྒྱལ་མོའི་བསྐུལ་ལ་སོགས་པ་བྱ། དཔལ་ལྷ་མོ་དམག་ཟོར་གྱི་མན་ངག་རྫོགས་སོ།

對持誦應當精進修, 空行贊祈同通法, 金城圍墻四時勝母祈請等皆當作。 吉祥女神戰金剛橛口訣圓滿。